མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་རྒྱ་གར་གྱི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ད་རེས་སྲིད་སྐྱོང་མཆོག་གིས་རྒྱ་གར་བྱང་ཕྱོགས་རྡེ་ར་ལྡུན་ཁུལ་གྱི་དགོན་པ་དང་སློབ་གྲྭ གཞིས་ཆགས་ཁག་དང་ཁ་འཐོར་བོད་མི་བཅས་ལ་འཚམས་གཟིགས་དང་སྦྲགས། ཁོ་ཚོའི་གནས་སྟངས་ལ་རྒྱུས་ལོན་བྱས་ཏེ་སང་ཉིན་ཕྱིར་བཞུགས་སྒར་དུ་ཕེབས་རྒྱུ་ཡིན་འདུག

ད་ལྟའི་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་དབུས་ཀྱི་རྒྱལ་ས་ལྡི་ལི་དང་ཉེ་འཁྲིས་བོད་མིའི་གཞིས་ཆགས་ཁག་དང་བྱང་ཕྱོགས་སོགས་བོད་མིའི་གཞིས་ཆགས་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ་ལྟར། ཁ་སང་ཉིན་རྒྱབ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ཨོ་ཊར་ཁན་གྱི་སྤྱི་ཁྱབ་དྲུང་ཆེ་སིག་བྷིར་སིན་སན་དྷའོ་ (Sukbhir Singh Sandhu) ལགས་དང་ཐུག་འཕྲད་ཀྱིས། མངའ་སྡེ་དེར་གནས་པའི་བོད་མི་རྣམས་ཀྱི་བདེ་སྡུག་སྤྱི་དང་འབྲེལ་བའི་ཐོག་ལ་མངའ་སྡེ་གཞུང་ནས་གཟིགས་རྟོགས་དང་རྒྱབ་སྐྱོར་གནང་བའི་འབོད་སྐུལ་ཞུས་ཡོད་པ་རེད།

ཁ་སང་སྔ་དྲོར་སྲིད་སྐྱོང་མཆོག་གིས་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ཨ་ནྣཏ་ཝར་ངྷན་(Shri Anand Vardhan) ལགས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། སྐབས་དེར་སྲིད་སྐྱོང་མཆོག་གིས་ཨོ་ཊར་ཁན་མངའ་སྡེ་གཞུང་ནས་དུས་ཡུན་རིང་པོར་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་གར་གྱི་མངའ་སྡེ་མང་པོས་ལག་བསྟར་བྱེད་བཞིན་པའི་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཞེས་པ་ཨོ་ཊར་ཁན་མངའ་སྡེ་གཞུང་གིས་ཀྱང་མགྱོགས་མྱུར་ལག་བསྟར་ཡོང་བའི་ཞུ་སྐུལ་གནང་ཡོད་པ་མ་ཟད། མངའ་སྡེ་དེའི་ནང་དུ་གནས་པའི་བོད་མི་རྣམས་ཀྱི་དཀའ་ངལ་སོགས་གླེང་སློང་བྱས་ཡོད་པ་རེད།

འདི་གའི་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། དེ་རིང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བྱང་ཕྱོགས་སྤུ་རུ་ཝ་ལ་གཞིས་ཆགས་སུ་ཕེབས་ཏེ། ས་གནས་མང་ཚོགས་ལ་བཀའ་སློབ་དང་སྤུ་རུ་ཝ་ལ་གཞིས་ཆགས་ཀྱི་ཕྱི་རོལ་ལུས་སྦྱོང་ར་བ་ཞིག་དབུ་འབྱེད་གནང་། སང་ཉིན་ཕྱི་ཚེས་ ༦ ཉིན་སྲིད་སྐྱོང་མཆོག་ཕྱིར་བཞུགས་སྒར་དུ་ཕེབས་འཆར་ཡོད་འདུག

ཐེངས་འདི་ནི་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་གཞུང་འབྲེལ་ཕྱོགས་ཕེབས་གནང་བ་ཐེངས་ལྔ་བ་ཆགས་ཀྱི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གངས་ཅན་སྐྱིད་གཤོངས་ནས་ཕེབས་ཐོན་གྱིས། ཕྱི་ཚེས་ ༢༦ ཉིན་ཐོག་མར་རྒྱ་གར་བྱང་ཕྱོགས་ལྡེ་ར་རྡུན་ཁུལ་གྱི་ས་སྐྱ་ཆོས་སྒར་དང་འབྲི་གུང་བྱང་ཆུབ་གླིང་དགོན་པ་སོགས་སུ་མཆོད་མཇལ་དུ་ཕེབས་ཡོད་པ་དང་། མངོན་དགའ་སློབ་གྲྭ་གཙོས་རཱཇ་པུར་བུད་མེད་མཉམ་ལས་བཟོ་གྲྭ་དང་མ་སུ་རི་བོད་ཁྱིམ་སློབ་གྲྭའི་ཁྱབ་ཁོངས་འོག་ཡོད་པའི་རཱཇ་པུར་དགེ་འཕེལ་གླིང་རྒས་གསོ་ཁང་བཅས་ཀྱི་མི་མང་དང་ཁ་འཐོར་བོད་མི་རྣམས་འཚམས་གཟིགས་དང་བཀའ་སློབ་སྩལ།

ཕྱི་ཚེས་ ༢༧ ཉིན་ནས་སྲིད་སྐྱོང་མཆོག་ རཱཇ་པུར་བོད་ཁྱིམ་སློབ་གྲྭ་དང་སྲོང་བཙན་དཔེ་མཛོད་ཁང་། དགེ་འཕེལ་གླིང་དང་བདེ་སྐྱིད་གླིང་གཞིས་ཆགས་བཅས་སུ་ཕེབས་ཏེ་ས་གནས་མང་ཚོགས་ལ་བཀའ་སློབ་སྩལ། དེ་བཞིན་ཕྱོགས་ཕེབས་ཀྱི་ཉིན་གསུམ་པར་སྲིད་སྐྱོང་མཆོག་གིས་ངོར་དགོན་པ་དང་རྫ་སྨོན་རྒྱལ་གཡུང་དྲུང་གླིང་། རྙིང་མ་དགོན་པ། དཔལ་སྤུངས་ཀུན་ཁྱབ་ཆོས་གླིང་དགོན་པ་བཅས་སུ་མཆོད་མཇལ་དང་། གླིང་ཚང་གཞིས་ཆགས་དང་ས་སྐྱ་བཙུན་མའི་མཐོ་སློབ། དེ་བཞིན་གླིང་གེ་སར་སློབ་གྲྭ་དང་སེ་ལ་ཀུ་བོད་ཁྱིམ་དང་ལག་ཤེས་བལྟི་གནས་ཁང་གཉིས་བཅས་ལ་མཚམས་གཟིགས་དང་གཞིས་མི་ཡོངས་ལ་བཀའ་སློབ་སྩལ་ཡོད།

གཞན་ཡང་ད་རེས་སྲིད་སྐྱོང་མཆོག་གི་ཕྱོགས་ཕེབས་སྐབས། ལྡེ་ར་རྡུན་ཁུལ་གྱི་སྨིན་གྲོལ་དགོན་པ་དང་བཀྲ་ཤིས་འཁྱིལ་དགོན་པ། དོན་འགྲུབ་གླིང་གཞིས་ཆགས།  དཔལ་བདེ་ཆེན་ཆོས་འཁོར་གླིང་། མ་སུ་རི་བོད་ཁྱིམ་ཁྱབ་ཁོངས་གྷོ་རི་མ་ཕི་སློབ་གྲྭ་དང་སྦ་ལུ་ཝ་ལ་གཞིས་ཆགས། ཁེ་ར་༧གོང་དཀར་ཆོས་སྡེ། ལཱ་ཁན་ཝ་ལའི་གོང་དཀར་ཚེ་སྒྲུབ་ལྷ་ཁང་། དྭང་ཟུར་རྒས་གསོ་ཁང་དང་ཧར་པ་སྤུར། ཧ་རི་སྤུར་སོགས་ཀྱི་གྲྭ་བཙུན་གྱི་གཙོས་སློབ་གྲྭའི་དགེ་སློབ་རྣམ་པ་དང་། ཁ་འཐོར་མི་མང་གིས་གཙོས་ས་གནས་ཀྱི་གཞིས་མི་བཅས་ལ་འཚམས་གཟིགས་དང་བཀའ་སློབ་སྩལ་གནང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

མཆན། 1

  1. དཔའ་རྒོད says:
    ལོ་ 4 སྔོན།

    སྨིན་གྲོལ་དགོན་ཟེར་དུས་དགོན་པ་ཆུང་ཆུང་འདྲ་ཞིག་མཐོང་གི་འདུག། སྨིན་གྲོལ་གླིང་ངམ་ངེས་དོན་དགའ་ཚལ་གླིང་ཞེས་བྲིས་ན་བཟང། འདི་གསངས་སྔགས་རྙིང་བ་པའི་དགོན་ཆེན་ཡོད་ན་མེད་ན་ཞིག་ཡིན་དྲགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese