མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་ཕན་ཚུན་འབྲེལ་བ་ཡོད་པའི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་ཏན་ཏན་ཡོང་ཐུབ་ཀྱི་རེད།

བོད་ཀྱི་དུས་བབ།
༢༠༢༡/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་གཉན་འཕྲེང་ཅན་གྱི་དུས་སྐབས་འདིར་འཛམ་གླིང་འདིའི་ནང་ཡོད་པའི་མི་སུ་འདྲ་ཞིག་ཡིན་རུང་གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་དགོས་པ་ཧ་ཅང་གལ་ཆེ་བ་དང་གཞན་དོན་བསམ་པས་སེམས་སུ་བདེ་སྐྱིད་ཡོང་བ་དང་རང་དོན་ཁོ་ན་བསམ་པས་སེམས་མ་སྐྱིད་པ་ཡོང་གི་ཡོད་སྐོར་གསུངས་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཐོག་༧གོང་ས་མཆོག་གིས་སེམས་དང་སྲོག་གི་ཚོགས་པས་གོ་སྒྲིག་ཞུས་དོན་ལྟར། ཚན་རིག་པ་གཉིས་དང་ལྷན་དུ་དུས་ཚོད་གཉན་འཕྲེང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དྭང་དུ་ལེན་པ་(Embracing Hope, Courage and Compassion in Times of Crisis) ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་དང་དྲི་བར་བཀའ་ལན་སྩལ་གནང་སོང་ལ། སེམས་དང་སྲོག་གི་ལྟེ་གནས་ཁང་གི་ཚོགས་གཙོ་(Susan Bauer-wu) ལགས་ཀྱིས་དྲ་ལམ་བརྒྱུད་ཕེབས་བསུ་དང་འབྲེལ་སེམས་དང་སྲོག་གི་ལྟེ་གནས་ཁང་ནས་གཉན་འཕྲེང་ཅན་གྱི་སྐབས་སུ་རེ་བ་དང་སྙིང་སྟོབས། བྱམས་བརྩེ་བཅས་དྭང་དུ་ལེན་པའི་བརྗོད་གཞི་འདི་ནི་ང་ཚོ་ཚང་མར་ཧ་ཅང་དགོས་མཁོ་ཆེ་བ་དང་ཕན་ཐོགས་ཡོད་པ་ཞིག་ཆགས་ཀྱི་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཐོག་མར་ཨ་རིའི་ཁེ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་སེམས་སུ་དཀའ་ངལ་འཕྲད་སྐབས་གདོང་ལེན་བྱ་རྒྱུའི་སྐོར་ལ་ཉམས་ཞིབ་གནང་མཁན་ (Elissa Epel) ལགས་ཀྱིས། ཡིད་རྟོན་མེད་པའི་སྣང་ཚུལ་ནི་ཆོས་ཉིད་ཡིན་པས་གཡོལ་ཐབས་མེད་ཀྱང་། དེའི་ཐོག་ནས་སེམས་འཚབ་དང་དངངས་སྐྲག་ཤུགས་ཆེན་པོ་མ་ཡོང་བའི་ཐབས་ཤེས་གང་ཡོད་པ་རེད་ཅེས་བཀའ་འདྲི་ཞུས་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་འདིར་ཚན་རིག་པ་ཚོ་དང་མཉམ་དུ་དྲ་རྒྱ་ཐོག་ནས་གྲོས་བསྡུར་བྱེད་པར་ངོས་རང་ཧ་ཅང་དགའ་པོ་བྱུང་བ་མ་ཟད། གོ་སྐབས་བཟང་པོ་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཡིད་རྟོན་མེད་པའི་གནས་སྟངས་ཞེས་པ་ནི་ང་ཚོ་ནང་པའི་བསམ་བློ་གཏོང་སྟངས་ཀྱི་ཆ་ནས་ཆོས་གང་དང་གང་ཡིན་ནའང་མི་རྟག་པ་དང་། མི་རྟག་པ་ནི་ག་དུས་ཡིན་ནའང་འགྱུར་བ་འགྲོ་བཞིན་ཡོད་པ་དང་། མ་འོངས་པ་ནི་ལྐོག་གྱུར་ཆགས་ཀྱི་ཡོད་པ་རེད། དེ་ནི་དངོས་པོའི་གཤིས་ལུགས་རེད། ད་ལྟའི་ཆར་ང་ཚོར་འཕྲད་བཞིན་པའི་གནམ་གཤིས་འགྱུར་ལྡོག་གིས་མཚོན་པའི་དཀའ་ངལ་གྱི་རིགས་ཁ་ཤས་ནི་རང་བྱུང་རེད། དཀའ་ངལ་རིགས་ཁ་ཤས་ནི་ང་ཚོ་མིས་བཟོས་པའི་དཀའ་ངལ་ཆགས་ཀྱི་ཡོད་རེད། རི་ལུང་དུ་གནས་པའི་སྟག་གཟིག་ལྟ་བུ་ཤ་གཟན་སེམས་ཅན་ཡིན་ནའང་གྲོད་ཁོག་རྒྱག་དུས་སེམས་ཅན་གསོད་ཀྱི་མ་རེད། ཡིན་ནའང་ང་ཚོ་འགྲོ་བ་མིའི་རིགས་ནི་སྐབས་རེར་དགོས་མེད་ཀྱི་རྣམ་རྟོག་སྐྱེས་པ་དང་། ངོས་རང་གི་བསམ་ཚུལ་ལ་བསམ་བློ་གུ་དོག་པོ་བྱས་པའི་དབང་གིས་ང་ཚོའི་འཛམ་བུ་གླིང་འདིའི་ནང་དུ་དཀའ་ངལ་མང་པོ་ཞིག་མིས་བཟོ་ཡི་འདུག དེ་ཡང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་དུ་མིས་དཀའ་ངལ་བཟོས་ཡོད་རེད། ད་ལྟའི་དུས་རབས་འདི་ལའང་མིས་དཀའ་ངལ་བཟོས་ཡོད་རེད། དཔེར་ན་དམག་ཆེན་དང་པོ་དང་གཉིས་པ་ལྟ་བུ་རེད། དེའི་ཐོག་ལ་དཀའ་ངལ་བཟོས་པ་ཙམ་མ་ཡིན་པར་གོ་མཚོན་བཟོ་བའི་དོོན་དུ་དངུལ་འབོར་ཆེན་བེད་སྤྱོད་བཏང་ཡོད་རེད། ཅེས་དང་། ང་ཚོས་དྲག་རྩུབ་བྱེད་པ་ནི་མིའི་རང་བཞིན་ལྷན་སྐྱེས་དང་འགལ་བ་ཞིག་ཆགས་ཀྱི་ཡོད་པ་རེད། དེ་ཡང་དུས་ཚོད་ལ་ག་དུས་ཡིན་ནའང་འགྱུར་བ་འགྲོ་བཞིན་ཡོད་དུས། ང་ཚོས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་མ་འཁྲུགས་པ་དང་། སྲ་བརྟན་དུ་གཏོང་བ་དང་། དེ་ལ་བརྟེན་ནས་སོ་སོའི་མི་ཚེ་དོན་ལྡན་དང་། སྤྱི་ཚོགས་ནང་ཞི་བདེ་བག་ཕེབས་ཡོད་པ་བཟོ་དགོས་པ་དང་། དེ་ལས་རྒྱ་ཆེ་ས་ནས་ང་ཚོ་འགྲོ་བ་མི་ཡོངས་ཀྱིས་འཛམ་གླིང་ཞི་བདེ་ཅན་ཞིག་བསྐྲུན་ཐུབ་པ་ཏན་ཏན་ཡོང་གི་རེད། འདས་པའི་གནས་ཚུལ་འདས་ཟིན་པ་རེད། འདས་པའི་དུས་རབས་ནང་སོ་སོའི་མི་རིགས་དང་སོ་སོའི་རྒྱལ་ཁབ་ལ་བསམ་བློ་མང་པོ་བཏང་ཡོད་པ་རེད། ད་ལྟའི་ཆར་འཛམ་གླིང་སྤྱི་དང་འགྲོ་བ་མིའི་རིགས་སྤྱི་ལ་སེམས་ཁུར་ལེན་དགོས་པ་དངོས་ཡོད་གནས་ཚུལ་ཆགས་ཡོད། དེ་ལྟ་བུའི་བསམ་བློ་གཏོང་སྟངས་ནི་ངོས་རང་སྒེར་ལ་མཚོན་ནའང་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་། བསམ་བློ་ཡག་པོ་བཏང་བ་ཡིན་ན་གོ་མཚོན་དང་དམག་མི་ངེས་པར་དུ་དགོས་ཀྱི་ཡོད་མ་རེད། ང་ཚོ་ཕན་ཚུན་འབྲེལ་བ་ཡོད་པའི་གནས་སྟངས་ལ་བརྟེན་ནས་འགྲོ་བ་མི་རྣམས་ལ་གཅིག་མཚུངས་ཀྱི་འདུ་ཤེས་ཏན་ཏན་ཡོང་ཐུབ་ཀྱི་རེད། ཅེས་བཀའ་ལན་གནང་སོང་།

དེ་ནས་སེམས་ཁམས་དང་དེའི་ནང་གི་སེམས་བྱུང་ཕྲ་རག་གི་སྐོར་ལ་ཉམས་ཞིབ་གནང་མཁན་དང་ཨེ་རི་རྫོ་ནཱ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཱ་ཁིལ་ལཱ་ནི་སའོ་ཊ་ལགས་ཀྱིས(Michelle “Lani” Shiota) ལགས་ཀྱིས། འཛམ་གླིང་འདིའི་གནས་སྟངས་ག་རེ་ཡིན་པ་ཤེས་བཞིན་པའི་སྐབས་མ་བརྗེད་པའི་ཐོག་ནས་ང་རང་ཚོའི་སེམས་ཀྱི་ཞི་བདེ་མ་བརླག་པ་ག་འདྲ་བྱ་དགོས་སྐོར་བཀའ་འདྲི་ཞུས་པར་༧གོང་ས་མཆོག་གིས། དེང་སང་གནམ་གཤིས་ཀྱི་འགྱུར་བ་འགྲོ་སྟངས་གཙོས་པའི་འཛམ་གླིང་སྤྱིའི་དཀའ་ངལ་དེ་དག་གིས། ད་ལྟའི་ཆར་ང་ཚོར་གཅིག་གྱུར་གྱི་འདུ་ཤེས་བཅངས་པར་དྲན་སྐུལ་ཤུགས་ཆེན་པོ་གཏང་ཡོང་གི་འདུག དེར་བརྟེན་ཕན་ཚུན་འགྲན་སེམས་བྱས་ནས་བསྡད་པ་ལས་ཐུན་མོང་དུ་ནུས་པ་འདོན་པ་དེ་གལ་ཆེ་བ་ཡོད་པ་རེད། རྒྱུ་མཚན་ནི་ང་ཚོ་མཉམ་དུ་འཚོ་དགོས་ཀྱི་ཡོད་རེད། རང་གཅེས་འཛིན་གྱི་སོ་སོའི་ཁེ་ཕན་ཁོ་ནར་བསམ་བློ་བཏང་ནས་གོ་མཚོན་མང་པོ་བཟོས་པ་དང་འགྲོ་སོང་ཚང་མ་དེ་ལ་བཏང་ནས་མཐའ་མ་མི་གསོད་པ་དེ་འདྲ་བྱས་ན་ཕན་ཐོགས་མེད་པ་རེད། འདས་པའི་མི་རབས་སྔ་མ་ཚོས་གོ་མཚོན་བཟོས་པའི་དོན་དུ་དངུལ་དང་དམག་མི་བཟོས་པའི་སླད་དུ་འགྲོ་སོང་མང་པོ་བཏང་བ་རེད། དེའི་དབང་གིས་གྲུབ་འབྲས་ནི་སྡུག་བསྔལ་མང་བ་དང་མི་མང་པོ་གསོད་རེས་བཏང་ཡོང་གི་འདུག དེས་ན། ང་ཚོ་གོ་མཚོན་མེད་པའི་ཐོག་ནས་མཉམ་དུ་འཚོ་དགོས་པ་ལས་ཐབས་ལམ་གཞན་པ་ཡོད་མ་རེད། ཐོག་མར་ང་ཚོས་ངེས་པར་དུ་དྲན་དགོས་པ་ཞིག་ལ་ཁོང་ཁྲོ་ཟེར་བ་དེ་བེད་སྤྱོད་མེད་པ་རེད། ཁོང་ཁྲོའི་དབང་གིས་དངངས་སྐྲག་ཡོང་གི་ཡོད་པ་རེད། ཞེ་སྡང་གི་དབང་གིས་བྱུང་བའི་དངངས་སྐྲག་གིས་དྲག་རྩུབ་ཀྱི་བྱ་སྤྱོད་མང་པོ་བྱུང་གི་ཡོད་པ་རེད། ང་ཚོར་དགོས་པ་ནི་ནང་གི་སེམས་ཀྱི་ཞི་བདེ་དགོས་ཀྱི་ཡོད་པ་རེད། དེ་ཡང་དད་པ་ཙམ་མིན་པར་རྒྱུ་མཚན་གཞི་ལ་བཞག་ནས་བསམ་བློ་བཏང་ནས་ཞི་བདེ་བསྐྲུན་དགོས་རྒྱུ་དེ་རེད། འཛམ་གླིང་འདིའི་ནང་ཡོད་པའི་མི་སུ་འདྲ་ཞིག་ཡིན་རུང་གཞི་རྩའི་འགྲོ་བ་མི་ཡིན་པ་གཅིག་གྱུར་གྱི་འདུ་ཤེས་དགོས་པ་ནི་ངེས་པར་དུ་སེམས་སུ་ངེས་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད། གཞན་དོན་བསམ་པས་སེམས་སུ་བདེ་སྐྱིད་ཡོང་བ་དང་རང་དོན་ཁོ་ན་བསམ་པས་སེམས་མ་སྐྱིད་པ་ཡོང་གི་ཡོད་པ་རེད། ཇི་ཙམ་གྱིས་གཞན་དོན་གྱི་བློ་བསྐྱེད་པའི་ཚོད་ཀྱིས། རང་གི་སེམས་ལ་ཞི་བདེ་རང་བཞིན་གྱིད་ཡོང་གི་ཡོད་སྐོར་སོགས་བཀའ་ལན་སྩལ།

ཡང་ཨེ་རི་རྫོ་ནཱ་མངའ་སྡེའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཱ་ཁིལ་ལཱ་ནི་སའོ་ཊ་ལགས་ཀྱིས། ད་ལྟ་དུས་རབས་ཉེར་གཅིག་ཆགས་ཡོད་དུས་མིའི་སེམས་དང་སྤྱོད་པ་ལ་ཉམས་ཞིབ་བྱེད་མཁན་དབང་རྩའི་ཚན་རིག་པ་དང་སེམས་ཁམས་ཚན་རིག་པ། སྨན་བཅོས་ཞིབ་དཔྱོད་ཚན་རིག་པ་དེ་དག་གིས་རྟོག་ཞིབ་བྱེད་དགོས་པའི་གནད་དོན་གསར་པ་ག་རེ་ཡོད་སྐོར་བཀའ་འདྲི་ཞུས་པར་༧མགོན་པོ་མཆོག་གིས། བྱང་ཆུབ་སེམས་པ་དང་སྟོང་ཉིད་ཀྱི་ལྟ་བ་ཟེར་བ་ནི་ཡིད་བློའི་སྒང་ནས་སྒྲུབ་ཀྱི་ཡོད་རེད། སྒོ་ལྔའི་ཤེས་པ་མ་རེད། སྒོ་ལྔའི་ཤེས་པས་ཕྱི་ལོགས་ཀྱི་གནས་ཚུལ་མཐོང་བསྡད་པ་རེད། དེའི་རྐྱེན་གྱིས་སེམས་ལ་དགའ་སྡུག་གི་ཚོར་བ་ཡོང་བ་དེ་ཡིད་བློའི་སྟེང་ནས་ཡོང་གི་ཡོད་པ་རེད། དེར་བརྟེན། སྒོ་ལྔའི་ཤེས་པ་མ་ཡིན་པའི་ཡིད་བློའི་འགྲོ་སྟངས་དེ་ཀླད་པ་དང་འབྲེལ་བ་གང་འདྲ་ཡོད་མེད་ཀྱི་ཐོག་ལ་རྟོག་ཞིབ་དང་། ཀླད་པར་འགྱུར་བ་བཏང་ནས་སེམས་ཁམས་རིག་པ་འགྱུར་བ་གཏོང་རྒྱུ་ཁག་པོ་རེད་དེ། དབང་པོའི་ཤེས་པ་དང་ཡིད་ཀྱི་རྣམ་ཤེས་ཀྱི་འགྲོ་སྟངས་དེ་ཚོའི་ཐོག་ལ་ཀླད་པའི་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱས་ནས། ཚན་རིག་པ་སེམས་ཁམས་རིག་པའི་ཐོག་ལ་དོ་སྣང་ཡོད་མཁན་ཚོས་སྤྱིར་སངས་རྒྱས་པའི་ཆོས། ཡང་སྒོས་ན་ལེནྜའི་མཁས་དབང་ཚོའི་ལུང་ཙམ་ལ་སྐྱབས་སུ་མཆིས་པ་མིན་པར་རིགས་པའི་ལམ་ལ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད་སྐོར་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༣ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༤ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 1

  1. Asanga says:
    ལོ་ 5 སྔོན།

    གཞན་དོན་བསམ་པས་སེམས་སུ་བདེ་སྐྱིད་ཡོང་བ་དང་རང་དོན་ཁོ་ན་བསམ་པས་སེམས་མ་སྐྱིད་པ་ཡོང་གི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese