མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྫ་ཆུ་ཁ་བ་རོང་དགོན་ནས་ཡིན་པའི་གྲྭ་བསྟན་འཛིན་དར་རྒྱས་ལགས་དང་། ཁོང་གི་རོགས་པ་དགེ་འདུན་པ་ཞིག་སེར་ཤུལ་རྫོང་དུ་འཛིན་བཟུང་བཀག་ཉར་བྱས་ཏེ་ལོ་གཅིག་དང་ཟླ་གསུམ་ཡས་མས་འགྲོ་བཞིན་ཡོད་འདུག

སེལ་ཤུལ་རྫོང་བ་རོང་དགོན་པའི་དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས། པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་མཁོ་སྤྲོད་གནང་།

འདས་ལོའི་ཕྱི་ཟླ་ ༩ ནང་རྒྱ་ནག་གཞུང་གི་ཉེན་རྟོག་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྫ་ཆུ་ཁ་བ་རོང་དགོན་ནས་ཡིན་པའི་དགེ་འདུན་པ་བསྟན་འཛིན་དར་རྒྱས་ལགས་ཀྱི་ཁ་པར་སྔོག་གཤེར་བྱས་ཏེ།  ༧གོང་ས་མཆོག་གི་སྐུ་པར་ཉར་ཚགས་བྱས་ཡོད་པ་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་མི་ལ་འབྲེལ་འདྲིས་དང་ཕྱི་ཕྱོགས་ཀྱི་གནས་ཚུལ་ཉར་ཚགས་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་ཁོང་གི་རོགས་པ་དགེ་འདུན་པ་གཞན་ཞིག་ཀྱང་འཛིན་བཟུང་བྱས་ནས་ཁོང་གཉིས་སེར་ཤུལ་རྫོང་གི་བཀག་ཉར་ཁང་དུ་བཅུག་ཡོད་འདུག

 འདི་གའི་གསར་འགོད་པར་རྒྱ་གར་ནང་གནས་སྡོད་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན།  རྒྱ་ནག་གཞུང་གིས་གྲྭ་བསྟན་འཛིན་དར་རྒྱས་ལགས་དང་ལྷན་དུ་དགེ་འདུན་པ་གཞན་ཞིག་འཛིན་བཟུང་བྱས་ཡོད་ཀྱང་། དགེ་འདུན་པ་དེའི་མིང་སོགས་གསལ་ཁ་གང་ཡང་མེད་པ་དང་། ཁོང་གཉིས་ད་ལྟ་སེར་ཤུལ་རྫོང་དུ་བཀག་ཉར་བྱེད་མུས་ཡིན་ཡང་། ད་ལོར་རྒྱ་ནག་གཞུང་གིས་བོད་ཁུལ་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་རྫ་དབོན་པོ་སོགས་སུ་ཁ་པར་སྔོག་བཤེར་དང་ཕྱི་ཕྱོགས་ཀྱི་བོད་མི་རྣམས་ལ་འབྲེལ་འདྲིས་བྱེད་པར་དམ་དྲག་ཧ་ཅང་ཆེན་པོ་བྱས་ཏེ། བོད་ནང་གི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོག་ནན་མོ་བྱེད་མུས་ཡིན་སྟབས། ཁོང་གཉིས་ཀྱི་གནས་སྟངས་དང་ཀློད་གྲོལ་གཏོང་བའི་རེ་བ་ཡོད་མེད་སོགས་གསལ་ཁ་གང་ཡང་མེད་སྐོར་བརྗོད་བྱུང་།

སེལ་ཤུལ་རྫོང་བ་རོང་དགོན། པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་མཁོ་སྤྲོད་གནང་།

འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༢ ནས་ཕྱི་ཟླ་ ༩ ཚེས་ ༣ ཙམ་གྱི་བར་གྱི་བདུན་ཕྲག་གཉིས་ཙམ་གྱི་ནང་རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་རྫ་དབོན་པོ་དགོན་དང་སྡེ་བའི་ཁྱིམ་ཚང་རེ་རེ་དང་མི་སྒེར་གྱི་ཁ་པར་བཅས་ཀྱི་ནང་སྔོག་བཤེར་ནན་པོ་བྱས་པ་བརྒྱུད། ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་པར་ཉར་ཚགས་བྱས་པ་དང་། ཕྱི་ལོག་གི་བོད་མི་རྣམས་ལ་འབྲེལ་འདྲིས་བྱས་པའི་ཉེས་མིང་འོག་ཉུང་མཐར་ཁྱོན་བོད་མི་སེར་སྐྱ་ ༡༢༠ ཡས་མས་འཛིན་བཟུང་བྱས་ཏེ་སེར་ཤུལ་རྫོང་ཐོག་ཏུ་བཙན་འཁྲིད་བྱས་ཡོད་པ་དང་། ཕྱིས་སུ་སྔ་གཞུག་བྱས་ཏེ་ཚང་མ་ཀློད་གྲོལ་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། བོད་མི་དེ་དག་ལ་བཀག་ཉར་ཁང་དུ་འདྲི་རྩད་བཙན་གནོན་བྱས་ཡོད་པ་དང་།  ད་ལྟའང་མུ་མཐུད་དུ་ལྟ་རྟོག་བྱེད་མུས་ཡིན་ལ། ཁུལ་དེའི་བོད་མི་ཚོས་སྐད་འཕྲིན་སོགས་སུ་ཚོགས་པ་འཛུགས་མི་ཆོག་པ་དང་། ཕྱི་ཕྱོགས་ཀྱི་བོད་མིར་འབྲེལ་འདྲིས་བྱས་ན་ཁྲིམས་ཆད་ཕོག་རྒྱུ་ཡིན་པའི་བཀའ་རྒྱ་ནན་པོ་བཏང་ཡོད་འདུག

ད་ལྟ་དགུང་ལོ་སུམ་ཅུ་སོ་གྲངས་ཡིན་པའི་གྲྭ་བསྟན་འཛིན་དར་རྒྱས་ལགས་ནི། རྫ་ཆུ་ཁ་སེར་ཤུལ་རྫོང་གི་ཀ་བཞི་བ་རོང་གྲོང་ཚོའི་བ་རོང་དགོན་ནས་ཡིན་ཞིང་། འདས་ལོར་རྒྱ་ནག་གཞུང་གིས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས། ད་ལྟ་ཁོང་ཉིད་སེར་ཤུལ་རྫོང་དུ་ཡོད་པ་ཙམ་ཤེས་རྟོགས་བྱུང་བ་ལས། དེ་མིན་ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་སོགས་གང་ཡང་ཤེས་རྟོགས་ས་བྱུང་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese