མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་ཁག་གི་རྡོ་རྗེ་གདན་གྱི་སྨོན་ལམ་ཆེན་མོ་ཚོགས་ཐུབ་ཀྱི་མེད་འདུག

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱི་དཀའ་ངལ་འོག་རྡོར་གདན་དུ་ཚོགས་སྲོལ་ཡོད་པའི་ཆོས་བརྒྱུད་ཁག་གི་སྨོན་ལམ་ཆེན་མོ་དགོན་པ་སོ་སོར་འཚོག་གཏན་འཁེལ་ཡོད་འདུག

ད་ལྟའི་ཆར་འཛམ་གླིང་ནང་ཕྱི་ལོ་ ༢༠༡༩ ལོར་རྒྱ་ནག་ཝོ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་ཀྱིས་དཀའ་ངལ་འཕྲད་མུས་ཡིན་པའི་གནས་སྟངས་འོག ལོ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་སྲོལ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཁག་གི་སྨོན་ལམ་དང་དགུན་ཆོས་ཆེན་མོ་འཚོགས་ཐུབ་པར་བརྟེན། ད་ལྟ་དཔལ་ས་སྐྱ་བ་དང་བཀའ་བརྒྱུད། དེ་བཞིན་རྙིང་མ་བ་སོགས་ཀྱིས། ཕྱི་ལོ་ ༢༠༢༢ ལོའི་སྨོན་ལམ་ཆེན་མོ་དེ་བཞིན་ཆོས་བརྒྱུད་སོ་སོའི་ཁྱབ་ཁོངས་དགོན་པ་རང་ནས་འཚོགས་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ཆོས་བརྒྱུད་ཁག་སོ་སོའི་འབྲེལ་ཡོད་དགེ་འདུན་པ་ཁག་ཅིག་ལ་བཀའ་འདྲི་ཞུས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༤ ནས་ཉིན་ལྔའི་རིང་འདི་ལོའི་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་དྲ་ལམ་ཐད་གཏོང་བརྒྱུད་འཚོག་འཆར་ཡོད་པ་དང་། ཚོགས་མགོན་དུ་དཔལ་ས་སྐྱ་བའི་འཁོན་གདུང་རྣམ་པ་དབུས་ཁྲི་བ་རྣམ་པ་དབུ་བཞུགས་ཐོག ཆོས་སྡེ་ཁག་ ༤༧ གྱི་དགེ་འདུན་པ་ ༣༨༠༠ ལྷག་རང་དགོན་ནས་མཉམ་ཞུགས་གནང་གི་ཡོད་པ་དང་། དམིགས་བསལ་སྨོན་ལམ་ཉིན་ ༣ པར་སྐྱབས་རྗེ་༧ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག སྦྱིན་བདག་དང་འབྲེལ་ཡོད་རྣམས་ཀྱི་ཚོགས་བསག་སྒྲིབ་སྦྱང་སླད། གནམ་མཆོག་རྡོ་རྗེ་གདན་གྱི་སྟོན་པ་རིན་པོ་ཆེར་སྐུ་གསེར་དང་ན་བཟའ་ལྷུང་བཟེད་འབུལ་གཏན་འཁེལ་ཡོད་འདུག

བཀའ་བརྒྱུད་དགུན་ཆོས་གོ་སྒྲིག་ཚོགས་ཆུང་གིས།  དཔལ་༧རྒྱལ་དབང་ཀརྨ་པ་མཆོག་དང་བཤད་གྲྭ་ཁག་གི་མཁན་སློབ་རྣམ་པ་ཞལ་གྲོས་མཛད་ནས། ཕྱི་ ༢༠༢༢ ཟླ་ ༡ ཚེས་ ༢༣ ནས་ཟླ་ ༢ ཚེས་ ༨ བར་ཉིན་ ༡༧ རིང་བཀའ་བརྒྱུད་དགུན་ཆོས་འཕར་མ་ཞིག་བཤད་གྲྭ་ཁག་སོ་སོར་འཚོག་གཏན་འཁེལ་ཡོད་པ་དང་། དམིགས་བསལ། ད་རེས་དཔལ་༧རྒྱལ་དབང་ཀརྨ་པ་མཆོག་ནས་དགུན་ཆོས་ཀྱི་ཉིན་ ༡༧ རིང་དྲ་ལམ་ཐད་གཏོང་བརྒྱུད་སེམས་ཙམ་སུམ་ཅུ་པའི་གསུང་ཆོས་སྩལ་གནང་མཛད་གཏན་འཁེལ་ཡོད་སྐོར་བརྗོད་འདུག

དེ་བཞིན། ཕྱི་ལོ་ ༢༠༢༢ ཟླ་ ༢ ཚེས་ ༢ ནས་ ༡༡ བར་རྡོར་གདན་རྣམ་གྲོལ་གླིང་དགོན་པ་དང་ཞེ་ཆེན་དགོན་པའི་དགེ་འདུན་པ་རྣམས་ཀྱི་གཙོས་གཉུག་མར་གནས་པའི་རྙིང་མའི་ཆོས་བརྒྱུད་འཛིན་པའི་གྲྭ་བཙུན་སྔགས་གསུམ་གྱིས། གནས་མཆོག་རྡོ་རྗེ་གདན་གྱི་ནུབ་ཕྱོགས་བྱང་ཆུབ་ལྗོན་ཤིང་གི་མདུན་དུ་མཆོད་སྤྲིན་རྒྱས་བཤམ་གནང་རྒྱུ་དང་། དམིགས་བསལ་ཕྱི་ཟླ་ ༢ ཚེས་ ༩ ནས་ ༡༡ བར་སྔ་འགྱུར་རྙིང་མའི་དགོན་སྡེ་སོ་སོས་རང་དགོན་ནས་ས་གནས་ཏོག་དབྱིབས་གཉན་རིམས་སྔོན་འགོག་གི་ལམ་སྟོན་གཞིར་བཟུང་སྨོན་ལམ་འཚོག་རྒྱུ་ཡིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

ཆུ་ཚོད་ ༢༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

༢༠༢༦/༠༣/༢༨
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

༢༠༢༦/༠༣/༢༨
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese