མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་ཚོགས་གཙོ་གསར་པ་བསྐོས།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་སླར་གསོ་དང་འབྲེལ་ཚོགས་པའི་ཚོགས་གཙོར་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མཱར་ (Shri Sujeet Kumar, Rajya Sabha member from Odisha) ལགས་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ ༢༢ བར་དུ་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་ ༥ ལས་གྲུབ་པའི་བོད་དོན་ཞུ་སྐུལ་ཚོགས་ཆུང་གིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གནད་ཡོད་མི་སྣར་ཐུག་འཕྲད་གནང་སྟེ་བོད་དོན་ཞུ་གཏུག་གནང་བ་ལེགས་པར་གྲུབ་སྟེ། ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་སྔ་དྲོར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཞུ་སྐུལ་དུ་ཕེབས་པའི་སྤྱི་འཐུས་རྣམ་པ། དེ་བཞིན་སྐུ་ཚབ་དོན་གཅོད་མཆོག དོན་གཅོད་དྲུང་ཆེ། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་བཅས་ལྷན་ཚོགས་གནང་ཡོད་པ་དང་། དེ་བཞིན་དགོང་དྲོའི་ཆུ་ཚོད་ ༧ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་བཅས་ཀྱི་གོ་སྒྲིག་འོག ལྡི་ལི་ཨིམ་ཕེ་རལ་ (Imperial hotel) གསོལ་མགྲོན་ཁང་དུ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པར་འཚམས་འདྲིའི་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་པ་དང་འབྲེལ་ཚོགས་འདུ་ཞིག་ཚོགས་ཏེ། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དངོས་སུ་སླར་གསོ་གནང་བ་དང་སྦྲགས། ཚོགས་ཕེབས་ཆབ་སྲིད་ཚོགས་པ་ཐུན་མོང་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མཱར་ (Shri Sujeet Kumar, Rajya Sabha member from Odisha) ལགས་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་སྤྱི་མོས་ཀྱིས་བསྐོ་གཞག་གནང་ཡོད་འདུག

སྐབས་དེའི་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། རྒྱ་གར་དབུས་གཞུང་གི་ལག་རྩལ་གོང་སྤེལ་དང་། ཚོང་ལས། དེ་བཞིན་འཕྲུལ་རིག་བློན་ཆེན་སྐུ་ཞབས་རཱ་ཇིབ་ཅནྡྲ་ཤེ་ཀར་ (Shri Rajeev Chandrasekhar, Minister of State for Skill Development& Entrepreneurship and Electronics & Information Technology of India) མཆོག་དང་།  རྒྱ་གར་དབུས་གཞུང་གི་སྤྱི་ཚོགས་དྲང་བདེན་དང་ནུས་སྟོབས་གོང་སྤེལ་བློན་ཆེན་སྐུ་ཞབས་རཱམ་རྡ་སི་ཨ་ཐ་ཝ་ལི་ (Shri Ramdas Athawale, Ministry of Social Justice and Empowerment) མཆོག མཧཱ་རཱཥཊྲ་མངའ་སྡེའི་ཁོངས་ནས་ཡིན་པའི་རྒྱ་གར་དབུས་གྲོས་ཚོགས་གོང་མའི་འཐུས་མི་དང་། རྒྱ་གར་གྲོས་ཚོགས་གོང་མའི་ལྷོ་ཕྱོགས་ཀརནཱ་ཊཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཀེ་སི་རཱ་མཱ་མུར་ཐེས་ (Shri K.C. Ramamurthy, Member of Rajya Sabha from karnataka) ལགས། རྒྱ་གར་གྲོས་ཚོགས་འོག་མའི་ཡུ་པི་མངའ་སྡེའི་འཐུས་མི་ལྕམ་སྐུ་མེན་ཀཱ་གྷན་དཱི་ (Smt. Maneka Gandhi, Member of the Lok Sabha) ལགས། རྒྱ་གར་གྲོས་ཚོགས་འོག་མའི་བི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཇཱ་ནཱར་ཌན་སིངྒ་སི་གྷི་རི་ཝལ་ (Shri Janardan Singh Sigriwal, Lok Sabha Member from Bihar) ལགས། དེ་བཞིན་རྒྱ་གར་གྲོས་ཚོགས་འོག་མའི་བི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ཅནྡྲེཤ་ཝར་པྲ་སད་ (Shri Chandeshwar Prasad,Lok Sabha member from Bihar) ལགས། རྒྱ་གར་གྲོས་ཚོགས་གོང་མའི་ནུབ་བངྒཱལ་མངའ་སྡེའི་འཐུས་མི་སྐུ་ཞབས་སྭ་པཱན་དཱསི་གུབྟ་ (Shri Swapan Dasgupta,Rajya Sabha MP from  West Bengal) ལགས། རྒྱ་གར་གྲོས་ཚོགས་གོང་མའི་ཨོ་ཌི་ཤཱ་མངའ་སྡེའི་འཐུས་མི་སྐུ་ཞབས་སུ་ཇིཏ་ཀུ་མར་ (Shri Sujeet Kumar, Raj Sabha member from Odisha) ལགས། རྒྱ་གར་གྲོས་ཚོགས་གོང་མའི་ཀརནཱ་ཊཀ་མངའ་སྡེའི་འཐུས་མི་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་ (Shri Jairam Ramesh, Raj Sabha member from Karnataka) ལགས། རྒྱ་གར་གྲོས་ཚོགས་འོག་མའི་པན་ཇཱབ་མངའ་སྡེའི་འཐུས་མི་སྐུ་ཞབས་མཱ་ནེ་ཤི་ཏེ་ཝཱ་རི་ (Shri Manish Tiwari, Lok Sabha member from Punjab) ལགས།  རྒྱ་གར་གྲོས་ཚོགས་འོག་མའི་ཧི་མཱ་ཅལ་མངའ་སྡེའི་འཐུས་མི་ལྕམ་སྐུ་རཱ་ནི་པྲཱ་ཏི་བྷཱ་སིངྒ་ (Smt Rani Pratibha Singh,Lok Sabha member from Himachal) ལགས་བཅས་དང་། ལྡི་ལིར་ཆེད་ཕེབས་གནང་བའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་སྤྱི་འཐུས་རྣམ་པ་དང་། ཕྱོགས་བཞུགས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁེར་མེ་ (Shri. R.K khrimey) ལགས། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་གྱིས་གཙོས་ལས་བྱེད་རྣམ་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དེ་སྔོན་བྱུང་རིམ་དང་རྒྱབ་ལྗོངས་སྐོར་ལ་ངོ་སྤྲོད་གནང་ཡོད་འདུག

ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གར་གྲོས་ཚོགས་འཐུས་མི་ཡོངས་ལ་འཚམས་འདྲི་དང་སྦྲགས། ཁྱེད་རྣམས་ལས་བྲེལ་ཇི་ཙམ་ཡོད་ཀྱང་དེ་རིང་དུས་ཚོད་བཏང་ནས་འདིར་མཉམ་ཞུགས་གནང་བ་དེས་བོད་དང་བོད་ཀྱི་བདེན་པའི་འཐབ་རྩོད་ཐོག་མུ་མཐུད་རྒྱབ་སྐྱོར་གནང་གི་ཡོད་པ་མཚོན་ཐུབ། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྒྱུན་མགོན་པོ་གང་ཉིད་མཆོག་རྒྱ་གར་གྱི་དུས་ཡུན་རིང་ཤོས་ཀྱི་སྐུ་མགྲོན་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་ལྟར། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་སླེབས་པ་ནས་བཟུང་ད་བར་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་གར་ནི་ང་ཚོའི་ཁྱིམ་ཚང་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་པ་དང་། དུས་ཡུན་དེའི་རིང་རྒྱ་གར་གཞུང་མང་གཉིས་ནས་བོད་ཀྱི་འཐབ་རྩོད་དང་། བོད་མིར་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བར་གོ་སྐབས་འདི་བརྒྱུད་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་། སྤྱིར་ཨ་རི་དང་། ཡུ་རོབ། ཨེ་ཤི་ཡའི་རྒྱལ་ཁབ་གཞན་ཁག་ནས་རྒྱལ་སྤྱིའི་ཐོག་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་མུས་ཡིན་ཡང་། རྒྱ་གར་ནི་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མི་མང་ཤོས་ཀྱི་གནས་ཡུལ་ཆགས་ཀྱི་ཡོད་སྟབས། བོད་ཀྱི་འཐབ་རྩོད་ཐོག་རྒྱ་གར་གཞུང་མང་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་པ་དེ་ལས་ཀྱང་གལ་ཆེ་བ་ཞིག་ཆགས་ཀྱི་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ལྷག་པར་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་བོད་དོན་ཐོག་རྒྱབ་སྐྱོར་གནང་མཁན་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་དང་། ཁྱེད་རྣམ་པའི་རྒྱབ་སྐྱོར་ཐོབ་པ་དེ་ནི་ང་ཚོས་སྤོབས་པ་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད།  ཁྱེད་རྣམ་པས་གྲོས་ཚོགས་ཕྱི་ནང་གཉིས་སུ་མུ་མཐུད་བོད་དོན་ཐོག་གླེང་སློང་གནང་སྟེ་རྒྱབ་སྐྱོར་དང་། དེ་བཞིན་བོད་དོན་དང་འབྲེལ་བའི་ལས་རིམ་ཁག་ལའང་མཉམ་ཞུགས་གནང་སྟེ། ང་ཚོའི་དབར་གྱི་མཛའ་བརྩེའི་འབྲེལ་ལམ་སྔར་ལྷག་རྒྱུན་སྐྱོང་ཐུབ་པའི་ཡིད་ཆེས་ཡོད། ཚང་མས་མཁྱེན་གསལ་ལྟར། བོད་ནང་རྒྱ་ནག་དམར་གཞུང་གི་འོག་གཞིས་བཞུགས་བོད་མི་ཚོ་མུ་མཐུད་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད་པ་དང་། དེ་བཞིན་ཆོས་དད་རང་དབང་དང་། སྐད་ཡིག རིག་གཞུང་སྦྱོང་སྤྱོད་ཀྱི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་གི་རང་དབང་མེད་པ་གྱུར་ཡོད། གཞན་ཡང་མཐོ་སྒང་བོད་ཀྱི་ཁོར་ཡུག་ལ་ཚད་མེད་གཏོར་བཤིག་བཏང་སྟེ་རྒྱ་གར་གཙོས་པའི་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་གཞན་ཁག་ལའང་ཉེན་ཁ་ཚབས་ཆེན་བཟོས་དང་བཟོ་བཞིན་ཡོད། ཅེས་གསུངས་ཡོད་འདུག

ཡང་ཚོགས་གཙོ་མཆོག་གིས། ཁྱེད་རྣམ་པས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐོག་མཁྱེན་རྟོགས་ཡོང་སླད། ཧི་མཱ་ཅལ་མངའ་སྡེའི་ཁོངས་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་སུ་མགྲོན་དུ་འབོད་རྒྱུར་དེ་རིང་གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ཡིན། སླར་ཡང་ཁྱེད་རྣམ་པས་དུས་ཚོད་བཏང་ནས་འདིར་ཕེབས་ཏེ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས་གནང་བ་དང་།  དེ་ནས་བོད་དོན་ཞུ་སྐུལ་ཚོགས་ཆུང་གི་འགན་ཁུར་མཁན་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ཐེངས་དང་པོ་རྒྱལ་ས་ལྡི་ལིར་བོད་དོན་ཞུ་སྐུལ་ཆེད་ཕེབས་སྐབས་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་སྣེ་ལེན་མཇལ་འཕྲད་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་དེ་ལྟར་ལས་འགུལ་སྤེལ་སྐབས་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་གནང་བ་དང་། དེ་བཞིན་སྐབས ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་དོན་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་བརྩི་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་ས་བཙན་འཛུལ་བྱས་པར་བརྟེན་ནས་བོད་མི་རྣམས་རྒྱ་གར་ལ་བཙན་བྱོལ་སླེབས་དགོས་བྱུང་སྟེ། ད་ཆ་རྒྱ་གར་ནི་༸གོང་ས་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས། བཙན་བྱོལ་བོད་མིའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཀྱི་ཡོད་དུས། རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཆགས་ཀྱི་ཡོད་པར་ཐུགས་རྗེ་ཆེ་ཞུས་གནང་བ་དང་། གཞན་ཡང་རྒྱ་གར་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་སོགས་གཏན་འབེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད་འདུག

དེ་རྗེས་གསར་དུ་བསྐོ་གཞག་བྱུང་བའི་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སུ་ཇིཏ་ཀུ་མར་མཆོག་གིས་ཨོ་ཌི་ཤཱ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་བྷི་ཇུ་པ་ཊ་ན་ཡག་ (Biju Patnaik) ལགས་ཀྱི་མཚན་ཐོག་ནས་ཁོང་གི་ཆབ་སྲིད་ཚོགས་པ་ (Biju Janata Dal) ཞེས་པའི་མིང་བཏགས་ཡོད་ཚུལ་དང་། དམ་པ་ཁོང་ནི་བོད་ཀྱི་རྩ་དོོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་གྱི་བོད་ཀྱི་གྲོགས་པོ་ཞིག་ཡིན་ལ། དེ་བཞིན་༸གོང་ས་མཆོག་ཨོ་ཌི་ཤཱ་མངའ་སྡེའི་ནང་ཐེངས་འགའ་ཤས་ཆིབས་བསྒྱུར་གནང་ཡོད་པ་དང་། ཁོང་ཉིད་༸གོང་ས་མཆོག་གི་རྗེས་སུ་འཇུག་ནས་ལོ་ངོ་ ༡༢ ལྷག་ཕྱིན་ཡོད་པ་མ་ཟད། ༸གོང་ས་མཆོག་དང་ལྷན་མཇལ་འཕྲད་གནང་མྱོང་ཡོད་པའི་སྐོར། ཕྱི་ལོ་ ༢༠༠༩ ལོར་ཁོང་བོད་ནང་ཕེབས་པའི་སྐོར་བཅས་དང་། གཞན་ཡང་ཁོང་གིས་རྒྱ་དཀར་ནག་གི་ས་མཚམས་ཟེར་བ་རྩ་བ་ནས་མེད་པ་མ་ཟད། བོད་དེ་དུས་ནམ་ཡང་རྒྱ་ནག་གི་ཆ་ཤས་མིན་པའི་སྐོར།  ༸གོང་ས་མཆོག་ལ་རྒྱ་གར་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་དགོས་པ་དང་། དེ་བཞིན་རྒྱ་གར་གྲོས་ཚོགས་ནས་ཀྱང་ཨ་རིའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ལྟ་བུ་གཏན་འབེབས་གནང་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་འདུག

དེ་ནས་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་ཀརནཱ་ཊཀ་མངའ་སྡེ་ནས་ཡིན་པ་སྐུ་ཞབས་ཇཱེ་རམ་རཱ་མེ་ཤི་ལགས་ཀྱིས་ཁོང་ཉིད་བོད་ཀྱི་རིག་གཞུང་དང་། ལྟ་གྲུབ། ལོ་རྒྱུས། ཁོར་ཡུག་བཅས་ལ་དོ་སྣང་ཆེན་པོ་ཡོད་སྐོར་དང་། ཁོང་གིས་ལྗགས་རྩོམ་གནང་བའི་ནང་ཆོས་དང་འབྲེལ་བའི་དཔེ་དེབ་གསར་པའི་ཐོག་༸གོང་ས་མཆོག་གིས་ཆེད་བརྗོད་གནང་བར་དགའ་སྤོབས་ཆེན་པོ་བྱུང་སྐོར། བོད་དེ་ཆབ་སྲིད་ཙམ་མ་ཡིན་པར། རིག་གཞུང་དང་། ལྷག་པར་ཁོར་ཡུག་ཐོག་ནས་རྒྱ་གར་ལ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་དང་། བོད་མི་མང་སྤྱི་འཐུས་དབར་མུ་མཐུད་མཛའ་བརྩེའི་འབྲེལ་བ་རྒྱུན་གནས་ཐུབ་པའི་རེ་བ་ཡོད་པ་སོགས་ཀྱི་སྐོར་གསུངས་ཡོད་འདུག

ཚོགས་དྲུང་ལས་ཁུངས་ནས་གནས་ཚུལ་མཁོ་གཏོང་གནང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 1

  1. རྟོགས་སད! says:
    ལོ་ 1 སྔོན།

    བང་ཆེན་ཚུལ་ཁྲིམས་དང་ཕན་བདེ་ལ་སོགས་པས་སྐད་སྒྱུར་བ་ཞིག་མེད་ན་བོད་དོན་ཕར་ཟད་རྒྱལ་ས་ལྡི་ལིའི་ནང་གསང་སྤྱོད་རྙེད་དཀའ་རྒྱུ་རེད!! ཧཧཧཧཧཧ གད་སྙིགས་ཟེར་ན་འདི་མོ་ཡིན་རྒྱུ་རེད! འདི་ཚོས་བོད་དོན་ལ་གོ་ཆོད་པའི་ལས་དོན་ཞིག་སྒྲུབ་ཐུབ་ན་ངས་སང་ཉིན་རང་བཙན་ལེན་ཐུབ་རྒྱུར་དོགས་པ་མེད!

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist