མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱུང་བར་འཚམས་འཕྲིན་བསྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བའི་ཐད། འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་ཏེ། བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས། བོད་མིའི་གནས་སྟངས་ཡར་རྒྱས་གཏོང་བར་རམ་འདེགས་གནང་ཐུབ་པའི་ཐུགས་རེ་ཡོད་སྐོར་གསུངས།

His Holiness the Dalai Lama. Photo: OHHDL

མགོན་པོ་གང་ཉིད་མཆོག་གི་གསུང་འཕྲིན་ནང་། དེ་སྔོན་ངོས་ནས་ཨ་རིའི་དབུ་ཁྲིད་རྣམ་པར་ང་ཚོས་རང་དབང་དང་ཆེ་མཐོང་གི་སླད་དུ་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་བཞིན་པར་ཨ་རིས་མུ་མཐུད་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ནི། བོད་མི་རྣམས་ལ་མཚོན་ན་བློ་སྟོབས་རྒྱས་སུ་འབྱུང་ཁུངས་ཤིག་ཆགས་ཡོད། ཅེས་ཞུ་རྒྱུའི་གོ་སྐབས་བྱུང་། རྩ་བའི་ངོས་ནས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་མགོ་ཁྲིད་ལ་རྩིས་སྤྲོད་ཞུས་ཟིན་པ་ཡིན་ཡང་། བོད་ཀྱི་ཐུན་མོང་མིན་པའི་རིག་གཞུང་དང་། ངོ་བོ་དང་སྲོལ་རྒྱུན་གནས་ཐུབ་མིན་དང་།  དེ་བཞིན་དམིགས་བསལ་གཅེས་སྤྲས་མཁོ་བའི་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ཐད་སེམས་འཚབ་བྱེད་ཀྱི་ཡོད། སྐུ་ཉིད་ཀྱིས་བོད་དོན་དང་འབྲེལ་བའི་གསུང་བཤད་ཐོག་མར་གནང་སྐབས། གོང་གི་གནད་དོན་དེ་ཚོ་གཙོ་བོར་འཛིན་རྒྱུ་ཡིན་པའི་སྐོར་ལ་གླེང་སློང་གནང་སྟབས་ངོས་རང་ཧ་ཅང་དགའ་པོ་བྱུང་།

སྐུ་ཉིད་ཀྱིས་མཁྱེན་གསལ་ལྟར། འཚེ་མེད་ཞི་བ་དང་བྱམས་སྙིང་རྗེ་རིག་གཞུང་དུ་གྱུར་བའི་བོད་མིའི་ཞི་བའི་འཐབ་རྩོད་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་ཡི་ཡོད། དེས་འཛམ་གླིང་ལ་ཞབས་འདེགས་རླབས་ཆེན་སྒྲུབ་ཐུབ་ཀྱི་ཡོད་པས། ངོས་ལ་ཕུགས་རྒྱང་རིང་པོའི་ནང་བདེན་པའི་སྟོབས་ཤུགས་ལ་རྒྱལ་ཁ་འཐོབ་ངེས་ཡིན་པའི་གདེང་ཚོད་ཡོད། ངོས་ནས་ཁྱེད་དང་ཐུག་པར་རེ་ལྟོས་བྱེད་ཀྱི་ཡོད་པ་མ་ཟད། ཁྱེད་ཀྱི་རྒྱབ་སྐྱོར་དང་ལས་འགུལ་སྤེལ་ཕྱོགས་སྐོར་ལ་བསམ་ཚུལ་སྤེལ་རེས་བྱ་རྒྱུའི་འདུན་པ་ཡོད་ལ། ཁྱེད་ཉིད་འདེམས་ཐོན་བྱུང་བའི་བོད་མིའི་དབུ་ཁྲིད་དང་ལྷན་དུ་ཐད་ཀར་འབྲེལ་བ་དམ་ཟབ་འཛིན་པར་ངོས་ལ་ཡིད་ཆེས་ཡོད། ཅེས་གསུངས།

Under Secretary Uzra Zeya’s Twitter Photo.

ཡང་དེ་རིང་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ལྕམ་སྐུ་ཨུ་ཛི་ར་ཛེ་ཡ (Uzra Zeya) ལགས་ཀྱིས་རང་ཉིད་ཀྱི་ཊུ་ཝི་ཊར་སྟེང་གནས་ཚུལ་ཞིག་སྤེལ་ཏེ། ཁ་སང་ཕྱི་ཚེས་ ༢༢ ཉིན་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས་དྲ་ལམ་བརྒྱུད་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་ལྷན་དུ་བཀའ་མོལ་གནང་ཡོད་འདུག་ལ། སྐབས་དེར་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ། སྲིད་འཛིན་བྷའེ་ཌན་མཆོག་དང་རྒྱལ་སྲིད་དྲུང་ཆེ་ཨན་ཊོ་ནེ་བྷེ་ལི་ཁུ་གཉིས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ལྕམ་ཨ་ཛི་རཱ་ཛེ་ཡ་མཆོག་ལ་མཇལ་དར་ཁ་བཏགས་ཤིག་ཕུལ་བ་དང་འབྲེལ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་རེ་བ་ཅི་ཙམ་རྒྱག་གི་ཡོད་སྐོར་ངོ་སྤྲོད་གནང་ཡོད་ཅིང་། བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་གིས། རྣམ་རྒྱལ་མཆོག་གྲུབ་ལགས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་བྱུང་བར་འཚམས་འདྲི་དང་འབྲེལ་ནས། མ་འོངས་པར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་མཆོག་དང་ལྷན་དུ་མཉམ་ལས་བྱ་རྒྱུ་ཡིན་པ་དང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་བཅས་ལ་ཐུག་འཕྲད་གནང་འདོད་ཡོད་སྐོར་སོགས་གསུངས་ཡོད་འདུག

ཡང་ད་རེས་དྲ་ལམ་ཐུག་འཕྲད་སྐབས། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨ་ཛི་རཱ་ཛེ་ཡ་མཆོག་གིས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་དང་འགན་འཛིན་གཞོན་པ་དམ་ཆོས་རྒྱ་མཚོ་ལགས། འབྲེལ་མཐུད་འགན་འཛིན་ཧྥི་རན་རྫི་ (Franz Matzner) ལགས་བཅས་དང་ལྷན་དུ་ཐུག་འཕྲད་ཀྱིས། ཨ་རིས་བོད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་མཐུན་འགྱུར་རོགས་རམ་གནང་ཕྱོགས་སྐོར་གྲོས་བསྡུར་ཡོད་འདུག

ཐེངས་འདི་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་མཆོག་ནས་ཨ་རིའི་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་བོད་མིའི་ཚོགས་སྡེ་ཆེ་གྲས་ལ་ཐུག་འཕྲད་དང་འབྲེལ་ནས་རྒྱུས་ལོན་གནང་བ་ཞིག་ཆགས་ཀྱི་ཡོད་པ་ལྟར། འདས་ལོའི་ཕྱི་ཟླ་ ༡༠ ནང་སྲིད་འཛིན་ཊོམ་ཕུའི་སྐབས་སྐུ་ཞབས་རོ་བྷར་ཊི་ཨེ་ཌེ་སི་ཊོ་རོ་ (Robert A. Destro) ལགས་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་བྱུང་བ་དང་བསྟུན། དྲ་ལམ་བརྒྱུད་༧གོང་ས་མཆོག་ལ་མཇལ་བཅར་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་བཅས་ལ་དྲ་ལམ་ནས་ཐུག་འཕྲད་གྱིས་ཏེ། བཙན་བྱོལ་བོད་མི་དང་བོད་སྤྱིའི་གནས་སྟངས་སོགས་ལ་རྒྱུས་ལོན་དང་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་བོད་དོན་སླད་ལས་ཀ་ག་རེ་སྒྲུབ་རྩིས་ཡོད་པ་སོགས་ཕན་ཚུན་བར་གྲོས་བསྡུར་བྱས་ཡོད།

ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༠ རེས་གཟའ་ཟླ་བ་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་སྤྱི་དམངས་བདེ་འཇགས་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ལས་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པར་བསྐོ་གཞག་གནང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༢ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༥ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese