མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཡི་ཤུའི་ཆོས་དཔོན་ཊུ་ཊུ་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་བསྩལ།

བོད་ཀྱི་དུས་བབ།
༢༠༢༡/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༦ ཉིན་ལྷོ་ཨ་ཧྥི་རི་ཁའི་ཆོས་དཔོན་ཌེ་སི་མོན་ཊུ་ཊུ་མཆོག་སྐུ་གྲོངས་པའི་གནས་ཚུལ་གསན་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དམ་པ་ཁོང་གི་སྲས་མོ་ལྕམ་མི་ཧྥོ་ཊུ་ཊུ་ (Rev. Mpho Tutu) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་ཏེ། དམ་པ་ཁོང་གི་ཤུལ་ལུས་ནང་མི་ཡོངས་ལ་ཐུགས་གསོ་ཞུས་གནང་འདུག

Dancing at a celebration of His Holiness’s 80th birthday. Photo by Tenzin Choejor.

མགོན་པ་གང་ཉིད་མཆོག་གིས་གསུང་འཕྲིན་ནང་། ངོས་ཀྱི་སེམས་བསམ་པའི་ཐུགས་གསོ་འདི་དང་ལེན་གནང་རོགས་ཞུ། དེ་བཞིན། ཁྱེད་ཀྱི་ཡུམ་ཆེན་དང་ནང་མི་གཞན་དག་ལའང་ངོས་ཀྱི་ཁོང་གི་སླད་དུ་སྨོན་ལམ་རྒྱག་གི་ཡོད་པ་ཞུ་རོགས། ཁྱེད་ཀྱིས་མཁྱེན་གསལ་རེད། ངོས་དང་ཁྱེད་ཀྱི་ཡབ་ཆེན་དམ་པ་ངེད་གཉིས་ཀྱིས་ལོ་མང་རིང་འགྱུར་མེད་ཀྱི་གྲོགས་པོའི་བརྩེ་འདང་རོལ་རྒྱུ་བྱུང་།

ཕྱི་ལོ་ ༢༠༡༥ ལོར་དྷ་རམ་ས་ལ་མཚོན་པའི་ལྷན་འཛོམས་དུས་སྐབས་མང་པོའི་ཁྲོད། ངེད་གཉིས་ཀྱིས་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐབས་ཐད་བསམ་ཚུལ་བརྗེ་རེས་བྱ་རྒྱུ་བྱུང་བ་ངོས་ནས་དྲན་གྱི་འདུག ངེད་གཉིས་ཀྱིས་ཆོས་ཕྱོགས་དང་གྲོགས་པོའི་བརྩེ་འདང་ལ་ཧ་ཅང་གཅེས་སྤྲད་བྱས་ཡོད།

ཨར་ཆི་བྷི་ཤོབ་ཌེ་སི་མོན་ཊུ་ཊུ་མཆོག་གིས་སྐུ་ཚེ་ཧྲིལ་པོ་རང་གི་མཆེད་གྲོགས་གཅེན་གཅུང་ཕོ་མོ་རྣམས་ཀྱི་ཐུན་མོང་གི་ཁེ་ཕན་སླད་དུ་བློས་བཏང་གིས་ཞབས་འདེགས་ཞུས་ཡོད། དམ་པ་ཁོང་ནི་དོ་དམ་པའི་འགྲོ་བ་མིའི་བདེ་སྡུག་ལ་ཐུགས་ཁུར་དང་བློ་རྩ་བརྟན་པོའི་སྒོ་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ཞིག་རེད། ཁོང་གིས་རྩོད་རྙོག་འདུམ་འགྲིག་དང་བདེན་པའི་དོན་དུ་གནང་བའི་ཕྱག་ལས་དག་ནི། འཛམ་གླིང་མི་མང་པོ་ཞིག་ལ་སེམས་ཤུགས་བསྐྱེད་ཡུལ་ཆགས་བསྡད་ཡོད།

དམ་པ་ཁོང་གི་སྐུ་ཚེའི་དགོངས་པ་རྫོགས་པ་ནི། ང་ཚོར་མཚོན་ན་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐུབ་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་སྐུ་གཤེགས་པ་ཡིན། ཁོང་གིས་རང་ཉིད་བློས་གཏོང་གིས་གཞན་ལ་ཞབས་འདེགས་ཞུས་པ་དང་དམིགས་བསལ་གྱིས་ཉམ་ཐག་གི་རིགས་ལ་ཞབས་འདེགས་ཞུས་ཡོད། ང་ཚོས་དམ་པ་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཁོང་སྐུ་འཚོ་བཞུགས་སྐབས་མི་གཞན་ལ་ཕན་ཐོགས་མཁན་ཞིག་ཆགས་པ་ནང་ལྟར། ང་ཚོས་ཁོང་གི་སྙིང་སྟོབས་རྒྱུན་འཛིན་གྱིས་གཞན་ལ་རོགས་རམ་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་བར་བལྟ་དགོས། ཞེས་གསུངས།

ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཡི་ཤུའུ་ཆོས་དཔོན་དམ་པ་ཌེ་སི་མོན་ཊུ་ཊུ་མཆོག་ཕྱི་ལོ་ ༢༠༡༢ དང་ ༢༠༡༥ གཉིས་ལ་ཆེད་དུ་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ། ༧གོང་ས་མཆོག་ལ་མཇལ་བཅར་ཞུས་མྱོང་བ་དང་། ཕྱི་ལོ་ ༢༠༡༡ ལོར་ཆོས་དཔོན་དམ་པ་ཊུ་ཊུ་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་སྟེང་༧གོང་ས་མཆོག་གདན་ཞུ་གནང་ཡོད་ཀྱང་། སྐབས་དེར་ལྷོ་ཨ་ཧྥི་རི་ཁ་གཞུང་གིས་རྒྱ་ནག་གཞུང་གི་གནོད་ཤུགས་འོག་༧གོང་ས་མཆོག་ལ་ཐོངས་མཆན་སྤྲད་མེད་པ་རེད།  ༧གོང་ས་མཆོག་དང་དམ་པ་ཁོང་རྣམ་གཉིས་ཀྱིས་མཛད་པའི་བདེ་སྐྱིད་ཀྱི་དེབ་ཅེས་པའི་དཔེ་དེབ་ཅིག་ལྗགས་རྩོམ་གནང་ཡོད་པར་རྒྱལ་སྤྱིའི་སྟེང་གདེང་འཇོག་ཆེན་པོ་ཐོབ་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རྣམ་གླིང་རྫོང་ཁོངས་སུ་ཁུང་ཙིའི་སློབ་གསོ་ལག་བསྟར་མགོ་འཛུགས་བྱས།

ཆུ་ཚོད་ ༦ སྔོན་ལ།
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

ཆུ་ཚོད་ ༩ སྔོན་ལ།
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

༢༠༢༦/༠༦/༡༢
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

༢༠༢༦/༠༦/༡༢

མཆན། 1

  1. Asanga says:
    ལོ་ 4 སྔོན།

    དམ་པ་ཁོང་གི་སྐུ་ཚེའི་དགོངས་པ་རྫོགས་པ་ནི། ང་ཚོར་མཚོན་ན་མི་ཚེ་དོན་དང་ལྡན་པ་སྐྱེལ་ཐུབ་པའི་རླབས་ཆེན་གྱི་སྐྱེས་བུ་ཞིག་སྐུ་གཤེགས་པ་ཡིན། ཁོང་གིས་རང་ཉིད་བློས་གཏོང་གིས་གཞན་ལ་ཞབས་འདེགས་ཞུས་པ་དང་དམིགས་བསལ་གྱིས་ཉམ་ཐག་གི་རིགས་ལ་ཞབས་འདེགས་ཞུས་ཡོད། ང་ཚོས་དམ་པ་ཁོང་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་། ཁོང་སྐུ་འཚོ་བཞུགས་སྐབས་མི་གཞན་ལ་ཕན་ཐོགས་མཁན་ཞིག་ཆགས་པ་ནང་ལྟར། ང་ཚོས་ཁོང་གི་སྙིང་སྟོབས་རྒྱུན་འཛིན་གྱིས་གཞན་ལ་རོགས་རམ་བྱེད་ཐུབ་མཁན་ཞིག་ཏུ་འགྱུར་བར་བལྟ་དགོས། ཞེས་གསུངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese