མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྲག་མགོ་ནས་བོད་མི་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བྲག་མགོ་དགོན་པའི་སྟོན་པ་དང་བྱམས་པའི་སྐུ་བརྙན། ད་དུང་མ་ཎི་ལག་འཁོར་བཅས་གཏོར་བཤིག་བཏང་བ་དང་འབྲེལ། སེར་སྐྱ་བཅུ་ལྷག་འཛིན་བཟུང་གིས་ཉེས་རྡུང་བཏང་ཡོད་འདུག

འདི་གའི་གསར་འགོར་པས་རྒྱ་གར་ནང་གནས་བཞུགས་དགེ་འདུན་པ་ཁག་ཅིག་ལ་བཀའ་འདྲི་ཞུས་ཏེ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་བྲག་མགོའི་ནང་རིག་གནས་གསར་བརྗེ་བསྐྱར་སྤེལ་ལྟ་བུའི་ཆོས་དད་རང་དབང་ལ་བཀག་སྡོམ་གྱིས་དྲག་གནོན་བྱས་པ་དང་ལྷན་དུ། ད་ལྟ་གསར་དུ་བྲག་མགོ་དགའ་ལྡན་རབ་བརྟན་རྣམ་རྒྱལ་གླིང་དགོན་པའི་ཆོས་རའི་ཉེ་འཁྲིས་སུ་ཡོད་པའི་མཐོ་ཚད་ལ་ཐོག་བརྩེགས་ ༣ ཅན་གྱི་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་བརྙན་ཞིག་ཀྱང་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་པ་མ་ཟད། བོད་མིའི་ལུས་ངག་ཡིད་ཀྱི་དད་རྟེན་དུ་གྱུར་བའི་སངས་རྒྱས་ཀྱི་སྐུ་གཏོར་བཤིག་བཏང་བའི་དོན་རྐྱེན་དང་འབྲེལ། བྲག་མགོའི་དགོན་གྲོང་གཉིས་ཀྱི་སེར་སྐྱ་མི་མང་ ༡༠ ལྷག་འཛིན་བཟུང་གིས་ཉེས་རྡུང་བཏང་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས། འཛིན་བཟུང་བྱས་པའི་མི་དེ་དག་གི་ཁྲོད། དགོན་པའི་མཁན་པོ་དཔལ་དགའ་ལགས་དང་ཕྱག་མཛོད་ཉི་མ་ལགས། གྲྭ་བཀྲ་ཤིས་རྡོ་རྗེ་ལགས་དང་ཉི་མ་ལགས། དེ་བཞིན། སངས་རྒྱས་ཀྱི་སྐུ་རྟེན་དེ་དག་དང་འབྲེལ་བའི་ལྷ་རིས་པའི་བུ་བཀྲོལ་པ་ལགས། རྣམ་འགྱུར་ཡག་པོ་མེད་ཚུལ་བརྗོད་དེ། ལྷ་མོ་དབྱངས་སྐྱིད་དང་ཚེ་རིང་བསམ་འགྲུབ་བཅས་ཁྱོན་དྲུག་ཙམ་འཛིན་བཟུང་བྱས་ཡོད་ཀྱང་། དམ་དྲག་འོག་བོད་མི་གཞན་རྣམས་ཀྱི་མིང་དང་གནས་སྟངས་ཇི་ཆགས་ཤེས་རྟོགས་ཐུབ་ཁག་པོ་ཡིན་པ་དང་། དགུན་ཁའི་གནམ་གཤིས་གྲང་བའི་སྐབས་དང་བསྟུན་ནས། ལྷ་མོ་དབྱངས་སྐྱིད་ལགས་ཀྱི་ལུས་སྟེང་དུ་ཆུ་འཁྱག་བཤོས་ནས་མནར་གཅོད་བཏང་ཡོད་སྐོར་སོགས་གསུངས་བྱུང་།

འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་ས་གནས་སྲིད་གཞུང་གི་དམར་ཤོག་མགོ་ཁྲིད་ཚོས་བྲག་མགོ་དགོན་པའི་འཛིན་སྐྱོང་འོག་ཡོད་པའི་དགེ་ལྡན་ནང་བསྟན་སློབ་གྲྭར་ཡིག་ཆ་ཚད་ལྡན་མེད་པར་བརྙད་ནས་སྒོ་བརྒྱབ་བཅུག་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༢༣ ཉིན་བྱེས་ཀྱི་འབྲས་སྤུངས་བློ་གསལ་གླིང་གི་ཏྲེ་ཧོར་བྲག་མགོ་ཐོས་བསམ་དགའ་ཚལ་གྱིས། རྒྱ་ནག་གཞུང་གིས་ས་གནས་བོད་མི་རྣམས་ཀྱིས་རྒྱུན་དུ་ཕྱག་སྐོར་ར་དང་། ཁ་འདོན་དགེ་སྒྲུབ་བྱེད་སའི་དགོན་པའི་ཉེ་འདབས་ཀྱི་མ་ཎི་ལག་འཁོར་གྲངས་ ༤༥ དང་མཐོ་ཚད་སྨིད་༩༩ ལྷག་ཅན་གྱི་ཐུབ་དབང་གི་སྐུ་བརྙན་ཞིག་ཡོད་པ་སོགས་གཏོར་བཤིག་བཏང་ཡོད་པ་མ་ཟད།  མ་ཎི་དར་ལྕོག་དང་སྒོ་དར་སོགས་བཙན་གྱིས་ཕབ་བཅུག་ནས་མེར་སྲེག་བཏང་དུ་བཅུག་ཡོད་སྐོར་གསལ་བསྒྲགས་སྤེལ།

རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་བའི་ཐུབ་དབང་གི་སྐུ་བརྙན་དེ་ནི། ཕྱི་ལོ་ ༢༠༡༥ ཟླ ༡༠ ཚེས་ ༥ ཉིན་བྲག་མགོའི་མི་མང་གིས་རྒྱ་སྒོར་ས་ཡ་ ༤༠ ལྷག་གི་འགྲོ་གྲོན་བཏང་སྟེ་གསར་བཞེངས་གནང་ཡོད་པ་དང་། སྐུ་བརྙན་བཞེངས་པར་སྲིད་གཞུང་གི་ཆོག་མཆན་ཡིག་ཆ་ཚད་ལྡན་ཡོད་འདུག་ལ། དེ་བཞིན་དགེ་ལྡན་ནང་བསྟན་སློབ་གྲྭར་ཡིག་ཆ་ཚད་ལྡན་ཡོད་ཀྱང་། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལྟ་བོད་ཁམས་ཡོངས་སུ་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བ་ཞེས་པའི་སྲིད་ཇུས་ལག་བསྟར་གྱི་གནས་སྟངས་འོག འདས་ལོའི་ཕྱི་ཟླ་ ༡༠ ནང་བྲག་མགོ་རྫོང་སྲིད་གཞུང་ནང་ཉག་རོང་དུ་སྐྱེས་པའི་ཝང་ཏུང་ཧྲིན་(王东升) ཟེར་བའི་བོད་རིགས་ཤིག་ས་གནས་དམར་ཤོག་དྲུང་ཆེ་རུ་གནས་སྤོར་བྱས་ཡོད་པ་དང་། སྐབས་དེར་ཁོས། རང་གིས་བྱ་བ་གང་ཞིག་བསྒྲུབ་འདོད་ན་དེ་ལ་དབུས་གཞུང་གི་རྒྱབ་སྐྱོར་ཡོད་ཟེར་བའི་སྐད་ཆ་ཞིག་བཤད་རྗེས། ཟླ་གཅིག་ཙམ་ལས་མ་འགོར་བར་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་ལ། མང་ཚོགས་ཁྲོད་རྫོང་སྲིད་གཞུང་གི་མགོ་ཁྲིད་གསར་བར་མི་དགའ་བའི་ཚོར་ཤུགས་ཆེན་པོ་ཡོད་པ་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་འགྲེལ་བརྗོད་གནང་བྱུང་། བོད་མིའི་རང་གིས་རིག་གཞུང་དང་སྐད་ཡིག་སོགས་སྲུང་སྐྱོབ་བྱེད་ཐུབ་མིན་ནི་ས་གནས་མགོ་ཁྲིད་ཀྱི་བྱ་སྤྱོད་ལ་ཧ་ཅང་རག་ལས་པ་ཞིག་ཀྱང་ཡིན་པ་རེད།

ཝང་ཏུང་ཧྲིན་(王东升) ཟེར་བའི་དམར་ཤོག་དཔོན་རིགས་ཁོས།  ཕྱི་ལོ་ ༢༠༡༦ ལོར་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་ ༤༥༠༠ དང་ཕྱི་ལོ་ ༢༠༡༧ ལོར་གྲྭ་ཤག་ ༣༢༢༥ ཙམ་གཏོར་བཤིག་དང་། དེ་བཞིན་དུ་ཕྱི་ལོ་ ༢༠༡༧ ལོར་ཕྱོགས་མཐའ་ཁག་གི་གྲྭ་བཙུན་ ༣༧༢༩ དང་། ཕྱི་ལོ་ ༢༠༡༧ ལོར་གྲྭ་བཙུན་ ༨༩༥ བཅས་བཙན་གྱིས་ཕྱིར་ཕུད་བཏང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ནང་ཁོ་གསེར་རྟ་ཕྱོགས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་གཞོན་པར་བསྐོས་པ་དང་། དེ་རྗེས་གསེར་རྟ་རྫོང་གི་རྫོང་དཔོན་དུ་བསྐོས་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༣ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༥ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

མཆན། 1

  1. དཔའ་རྒོད་ says:
    ལོ་ 4 སྔོན།

    འདི་བོད་པ་རེད་ཟེར་ཡ་དེ་ཡག་པོ་གཏེན་ནས་མིན་འདུག་ཞུ་ཡིན། འོན་ཀྱང་སླར་ཡང་བྲིས་འདུག། དུས་བབས་ཚང་ལ་ཆབ་སྲིད་ཀྱི་གོ་རྟོག་མིན་འདུག་ཞུ་ནི་ག་ལ་ཕོད། འོན་ཀྱང་ངེས་པར་དུ་གཟབ་དགོས་བ་ཞིག་མཐོང། ཞུ་ནོར་ཤོར་ཡོད་ན་དགོངས་དག་ཞུ། སེམས་གཙང་མས་ཞུ་ཁུལ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese