མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོང་ཉིད་དང་བྱང་ཆུབ་ཀྱི་སེམས་ཡར་རྒྱས་གཏོང་ཐུབ་པ་ནི་སྔོན་བྱོན་མཁས་དབང་དག་གིས་གཞུང་བརྩམས་པའི་དགོངས་དོན་ཚང་བ་རེད།

བོད་ཀྱི་དུས་བབ།
༢༠༢༢/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་བགྲོ་གླེང་སྟེང་། དཔེ་ཆ་དེའི་ནང་དེ་ཡོད་རེད་ཟེར་བ་ཙམ་གྱི་ངོ་མཚར་བྱ་རྒྱུ་དང་ཧ་ལས་རྒྱུ་གང་ཡང་མེད་པར། རང་རྒྱུད་ལ་སྦྱར་ནས་ལོ་རེར་བསམ་བློར་འགྱུར་བ་གང་འདྲ་འགྲོ་ཡི་ཡོད་མེད་ལྟ་རྒྱུ་གལ་ཆེན་ཡིན་སྐོར་གསུངས།

དེ་རིང་རྒྱལ་སྤྱིའི་དགེ་ལྡན་ནང་བསྟན་ལྷན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་ཐོག གདན་ས་ཁག་གི་དཔེ་ཁྲིད་དགེ་རྒན་རྣམས་ཀྱིས་དྲ་ལམ་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་སྐོར་གྱི་ཉིན་གཉིས་པའི་བགྲོ་གླེང་སྐབས་༧གོང་ས་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་ང་ཚོ་སྲན་མ་འཐོར་བ་བཞིན་འཐོར་ནས། མ་འོངས་པ་གང་འདྲ་ཞིག་ཆགས་ཀྱི་ཡོད་མེད་ཚོད་ཐིག་རྒྱུ་མེད་པ་ཞིག་དང་། ཐ་ན་ནོར་བུ་གླིང་ཁ་ནས་བྲོས་དུས། སྲོག་མགོ་ཐོན་དང་མ་ཐོན་གྱི་ཐོག་ནས་ཡོང་བ་ཞིག་རེད། ཡིན་ནའང་། བོད་པར་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་ནས་སྐད་དང་བོད་ཡིག་བཟོས་ཡོད་པ་རེད། དེ་ནི་དངོས་གནས་བསམ་བློ་རྒྱ་ཆེན་པོ་དང་སྙིང་སྟོབས་ཆེན་པོ་རེད་འདུག ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་རྒྱ་བཟའ་དང་མཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་ཀྱང་། ཁོང་ལ་མི་རིགས་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པས། བོད་པ་རང་ལ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་བོད་ཡིག་སྲོལ་གཏོད་ཡོད་པར་བརྟེན།  མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས། ཁྱེད་རང་ཚོར་བོད་ཡིག་ཅིག་ཟུར་དུ་འདུག དེར་བརྟེན། རྒྱ་སྐད་དང་ལེགས་སྦྱར་སོགས་ལ་བསླབ་དགོས་པ་མ་རེད། དེ་ལས་ལེགས་སྦྱར་དང་པ་ལིའི་གཞུང་སོགས་བོད་ཡིག་ཏུ་བསྒྱུར་ན་འགྲིག་གི་རེད་གསུངས་པ་རེད། བདེན་པ་ཡིན་མིན་མི་ཤེས་ཀྱང་། མཁན་ཆེན་ཞི་བ་འཚོ་ཁོང་ཉིད་ཀྱིས་ཀྱང་བོད་ཡིག་བསླབ་པར་ཐུགས་སྣང་གནང་བ་རེད་ཟེར་བ་ཞིག་གོ་རྒྱུ་འདུག རིམ་པས་སྐད་ཡིག་གཞན་སུ་གང་ལ་རེ་མི་དགོས་པར་ང་ཚོའི་བོད་ཡིག་ཐོག་ཏུ་བཀའ་འགྱུར་པོད་ ༡༠༠ དང་བསྟན་འགྱུར་པོད་ ༢༠༠ བལྟ་རྒྱུ་ཡོད་། དེང་སང་ནང་པ་སངས་རྒྱས་པའི་ཆོས་སྤྱི་དང་ལྷག་པར་དུ་དཔལ་ནལེཎྜའི་དབུ་ཚད་ཟུང་འཇུག་གི་གཞུང་དེ་དག་སློབ་ཁྲིད་བྱ་རྒྱུར་བོད་སྐད་དང་བོད་ཡིག་ཡག་ཤོས་ཤིག་ཆགས་བསྡད་ཡོད་པ་རེད། དེ་ངོས་རང་ནས་མིག་མཐོང་ལག་ཟིན་ཡིན། དཔེར་ན། རྩ་བ་ཤེས་རབ་ལྟ་བུ་བོད་ཡིག་ནང་དུ་མ་བསྒྱུར་གོང་དུ་རྒྱ་ཡིག་ཏུ་བསྒྱུར་ཟིན་ཡོད་ཀྱང་། དེ་འགྲེལ་བཤད་བརྒྱག་ཐུབ་མཁན་ཞིག་མེད་པ་རེད། ང་རང་ཚོ་བོད་ལ་བཀའ་འགྱུར་དང་བསྟན་འགྱུར་སུམ་བརྒྱ་ཞིག་ཡོད་པ་དེ་དག སློབ་གཉེར་བ་ཚོས་རྩ་བ་བློ་ལ་བཟུང་ནས། རྒྱ་འགྲེལ་དང་བོད་འགྲེལ་སོགས་ལ་བསྡུར་ནས་ལྟ་རྒྱུ་ཞིག་ཡོད་པ་དེ་ཞེ་དྲགས་ཡག་པོ་རེད་འདུག སྔོན་མ་ངོས་རང་ཆུང་ཆུང་སྐབས། མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ་བློར་བཟུང་ནས་ཡོངས་འཛིན་རིན་པོ་ཆེ་ཞོགས་པ་དང་དགོང་མོ་ཆུ་ཚོད་གཅིག་རེར་ཕེབས་དུས། དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་རེས་མོས་བྱས་ནས་བསྐྱོར་གྱི་ཡོད། གང་ལྟར་ང་ཚོ་བོད་པ་ལ་ཆུང་ཆུང་སྐབས་ནས་གཞུང་དེ་དག་བློ་ལ་བཟུང་སྟེ་འགྲེལ་བ་དེ་དག་སོ་སོས་ལྟ་ཀློག་བྱེད་ཀྱི་ཡོད་པ་རེད། ཅེས་གསུངས་སོང་།

ཡང་༧རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོའི་བོད་ལ་གཞུང་དེ་དག་རྩ་འགྲེལ་བྱ་རྒྱུ་དེ་སྤུས་དག་པོ་རེད་འདུག བོད་སྐད་དུ་མིང་ཚིག་འབེལ་པོ་ཡོད་པ་རེད། དེང་སང་ཕྱི་རྒྱལ་ངོ་ཤེས་ཚོར་ནང་ཆོས་དང་ལྷག་པར་དབུ་ཚད་ཀྱི་རིག་གཞུང་སྐོར་ལ་ལབ་དུས། བོད་སྐད་ཁོ་ན་མ་གཏོགས། ལེགས་སྦྱར་སྐད་དེ་ནུབ་ཚར་བ་རེད། རྒྱ་ཡིག་རྒྱ་སྐད་དེ་འདྲ་ཡར་རྒྱས་ཕྱིན་མེད་པ་དང་།  དེང་སང་ནུབ་ཕྱོགས་ཀྱི་སྐད་དེར་དོ་སྣང་གསར་པ་སླེབས་ཡོད། བྱས་ཙང་ང་ཚོའི་བོད་པའི་སྐད་ཡིག་དེ་འཛམ་གླིང་དེའི་ཐོག་ལ་ནང་པ་སངས་རྒྱས་པའི་ལྟ་སྒྲུབ་དང་སྐད་ཡག་ཤོས་དེ་ཆགས་ཀྱི་འདུག དེ་སྔ་ང་རང་ཚོའི་ཆོས་རྒྱལ་དང་ལོ་ཙཱ་བ། འཕགས་བོད་ཀྱི་མཁས་པ་མང་པོས་རྩ་བ་བློ་ལ་བཟུང་ནས། སོ་སོས་འགྲེལ་བ་གསར་པ་བརྩམས་པ་དེ་བཀའ་དྲིན་ཆེན་པོ་རེད།  བྱས་ཙང་དེ་དག་གི་བཀྲིན་བསམ་ཡོང་དུས་ང་ཚོས་དེ་དག་གི་བཀྲིན་མཇལ་ཨེ་ཐུབ་མི་ཐུབ་བལྟ་རྒྱུ་དེ་དཔེ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་མཆོག་གིས། ཆོས་གྲོགས་ཚོས་ཤེས་པ་རྐྱང་རྐྱང་མ་ཡིན་པར། ལོ་གཅིག་གི་ནང་དུ་གཏན་གཏན་སྟོང་ཉིད་ཀྱི་ལྟ་བ་དང་བྱང་ཆུབ་ཀྱི་སེམས་དེ་དག་ཡར་རྒྱས་འགྲོ་ཐུབ་རྒྱུར་ཐབས་ཤེས་ཤིག་གནང་ཐུབ་ན། སྔོན་བྱོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚོན་པའི་མཁས་པའི་དབང་པོ་དེ་དག་གི་གཞུང་བརྩམས་པའི་དགོངས་དོན་ཚང་བ་རེད་ལ། བོད་གངས་ཅན་གྱི་ལྗོངས་སུ་གཞུང་ལུགས་དེ་དག་གི་འགྲེལ་བ་དང་ཡང་འགྲེལ་མང་པོ་ཞིག་ཡོད་པ་དེ་དག་གི་དགོས་དོན་ཚང་བ་རེད་མ་གཏོགས། དཔེ་ཆ་དེའི་ནང་དེ་ཡོད་རེད། དེའི་ནང་ཡོད་རེད་ཟེར་བ་ཙམ་གྱི་ངོ་མཚར་བྱ་རྒྱུ་དང་ཧ་ལས་རྒྱུ་གང་ཡང་མེད་པ་རེད། བྱས་ཙང་ཁྱེད་རང་ཚོས་སོ་སོའི་རྒྱུད་ཐོག་ལ་སྦྱར་ནས། ལོ་རེར་བསམ་བློ་བཏང་ན་འགྱུར་བ་གང་འདྲ་འགྲོ་ཡི་འདུག་མིན་ཞིག་ཞུས་འདོད་བྱུང་། དེ་ཡང་ངོས་ནས་ཚིག་སྐམ་པོ་དང་ཧམ་པ་བྱས་ནས་བཤད་པ་ཞིག་མ་རེད། ངོས་རང་ཡང་ཉིན་རེ་བཞིན་དེར་བསམ་བློ་གཏོང་གི་ཡོད། དེས་འགྱུར་བ་ཏན་ཏན་འགྲོ་ཡི་འདུག ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ “བོད་ཞི་བའི་བཅིངས་འགྲོལ་” ཞེས་པའི་ལོ་ངོ་ ༧༥ འཁོར་བའི་དུས་དྲན་ལ་དགག་ལན་དང་ཐ་སྙད་དབྱེ་ཞིབ།

སྐར་མ ༤༩ སྔོན་ལ།
བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༢༤ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

༢༠༢༦/༠༥/༢༢
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

༢༠༢༦/༠༥/༢༢
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡

མཆན། 1

  1. ལྷ་རྡོ་རྗེ། says:
    ལོ་ 4 སྔོན།

    དག་ཆར་གཟབ་དགོས་གལ།
    ༡) བཀྲིན་༼འཇལ་༽བ།
    ༢) ཆོས་གྲོགས་ཚོས་༼བཤད་པ་༽རྐྱང་རྐྱང་མིན་པ
    ༣) ༼ཞུ་༽འདོད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese