མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ཁེ་ན་ཌ་ནས་ཏོག་ནད་འགོས་ཁྱབ་བྱུང་བའི་ཉེས་འཛུགས་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྦྲག་ལམ་བརྒྱུད་རྒྱ་ནག་ནང་ངོ་བོ་འགྱུར་བའི་ཏོག་ནད་འགོས་ཁྱབ་བྱུང་གི་ཡོད་སྟབས། རྒྱ་ནག་མི་མང་གིས་ཕྱིའི་རྒྱལ་ཁབ་ཁག་ནས་ཅ་དངོས་མངག་ཉོ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་འདུག

རྒྱ་ནག་ཏུ་དགུན་དུས་ཀྱི་ཨོ་རྩལ་འཚོག་གྲབས་ཡོད་པའི་སྐབས་འདིར། ཨོ་ལིམ་ཕིག་འཚོགས་ཡུལ་རྒྱལ་ས་པེ་ཅིན་ནང་གི་བུད་མེད་ཅིག་ལ་ཨོ་མི་ཁུ་རོན་གྱི་ཏོག་གསར་ནད་འགོས་ཁྱབ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཏོག་ནད་གསར་པ་དེ་ཁེ་ན་ཌ་ནས་བསྐུར་བའི་ཅ་དངོས་བརྒྱུད་འགོས་ཁྱབ་བྱུང་བའི་ཉེས་འཛུགས་བྱས་ཡོད་པ་མ་ཟད། པེ་ཅིན་མི་མང་ནས་ཕྱིའི་རྒྱལ་ཁབ་ཁག་ནས་ཅ་དངོས་མངག་ཉོ་བྱ་རྒྱུ་མཚམས་འཇོག་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་རེད།

དེ་འབྲེལ་བྷི་བྷི་སིའི་གནས་ཚུལ་ནང་། པེ་ཅིན་ནད་ཡམས་འགོག་སྡོམ་བསྟི་གནས་ཁང་ (Beijing’s Centre for Disease Control )གིས་ཏོག་གསར་འགོས་ཁྱབ་བྱུང་བའི་བུད་མེད་དེ་ས་གནས་གཞན་དུ་འགྲིལ་འགྲུལ་བྱས་པའི་ཟིན་ཐོ་སོགས་གང་ཡང་མེད་པའི་ཁར། ཁོ་མོར་འབྱོར་བའི་ཐུམ་སྒྲིལ་ (package )གྱི་སྟེང་དུ་ཏོག་དབྱིབས་གཉན་སྲིན་གྱི་རྗེས་ཤུལ་ཡོད་པ་དང་། དམིགས་བསལ་ཏོག་ནད་འགོས་པའི་མི་དེར་ཁེ་ན་ཌ་ནས་འབྱོར་བའི་ཅ་དངོས་ཀྱི་ཕྱི་ནང་གཉིས་སྟེང་ནས་ནད་འབུའི་རྗེས་ཤུལ་ལག་སོན་བྱུང་ཡོད་པ་དང་། ཅ་དངོས་དེ་དང་མཉམ་གཅིག་ཏུ་སྐྱེལ་འདྲེན་བྱས་པའི་ཅ་དངོས་གཞན་བཅུ་གཉིས་ལ་བརྟག་དཔྱད་བྱས་པ་བརྒྱུད། ཅ་དངོས་བཅུ་ཡི་སྟེང་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་འབུའི་རྗེས་ཤུལ་ཡོད་སྐོར་བརྗོད་དེ། རྒྱ་རིགས་བུད་མེད་དེར་ཕྱི་རྒྱལ་ནས་མངག་ཉོ་བྱས་པའི་ཅ་དངོས་བརྒྱུད་ཨོ་མི་ཁུ་རོན་འགོས་ཡོད་པའི་ཁག་བཀྲུས་ཡོད་འདུག་པ་མ་ཟད། ད་ལྟ་ཁེ་ན་ཌ་ནས་འབྱོར་བའི་ཅ་དངོས་དེར་ལག་འབྲེལ་བྱུང་བའི་ལས་མི་རྣམས་ཟུར་བཀག་ཏུ་བཞག་ཡོད་སྐོར་བསྒྲགས་འདུག

དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཚན་རིག་པ་མང་པོས་དེ་སྔ་ནས་འཛམ་གླིང་རྒྱལ་ཁབ་གང་སར་སྐྱེལ་འདྲེན་བྱེད་མུས་ཡིན་པའི་འཁྱག་ཟས་རིགས་( frozen food )  ལས་ཏོག་དབྱིབས་འགོས་ཁྱབ་བྱུང་གི་ཡོད་པའི་དོགས་གཞི་གླེང་སློང་གིས། ད་ལྟ་རྒྱ་ནག་ནང་རྒྱལ་སྤྱིའི་འཁྱག་ཟས་རིགས་ལས་ཏོག་དབྱིབས་ཁྱབ་བརྡལ་གཏོང་གི་ཞ་མོ་གཡོག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཞི་ཅིན་ཕིན་གྱི་སྲིད་དབང་འོག་མང་ཚོགས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ཚོད་འཛིན་ནན་མོ་བྱས་ཏེ། རྒྱ་ནག་འཛམ་གླིང་ཏོག་དབྱིབས་ནད་པ་གཅིག་ཀྱང་མེད་པའི་ལུང་པ་ཞིག་ཡིན་པ་ར་སྤྲོད་ཐབས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག

གཞན་ཡང་རྒྱལ་སྤྱིའི་ཨོ་ལིམ་ཕིག་དགུན་དུས་ཨོ་རྩལ་གོ་སྒྲིག་ཚོགས་ཆུང་གིས། ཏོག་དབྱིབས་རིམས་ནད་འགོག་སྡོམ་གྱི་སླད་དུ་མི་དམངས་རྣམས་ལ་རྒྱལ་སྤྱིའི་ཨོ་རྩལ་དང་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་སྐབས། སྤྱི་དམངས་ལ་ལྟད་མོ་བའི་འཛིན་བྱང་བཙོང་རྒྱུའི་ཚབ་ཏུ། རྒྱ་ནག་གི་ཚོགས་སྡེ་ཁག་ལ་བགོ་འགྲེམས་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། གསལ་བསྒྲགས་དེའི་ནང་རྙོག་འཛིང་ཅན་གྱི་དུས་ཚོད་འདིར་རིམས་ནད་འགོག་སྡོམ་དང་། ཨོ་རྩལ་གྱི་ཆེད་ལས་མི་སྣ། ལྟད་མོ་བ་རྣམས་ཀྱི་འཕྲོད་བསྟེན་དང་བདེ་འཇགས་ཀྱི་ཆེད་དུ། ང་ཚོས་མི་དམངས་ལ་འཛིན་བྱང་བཙོང་རྒྱུ་དེར་འགྱུར་བ་བཏང་བ་ཡིན། ཞེས་འགྲེལ་བརྗོད་བྱས་ཡོད།

རྒྱ་ནག་ནང་ཨོ་ལིམ་ཕིག་འཚོག་གྲབས་ཡོད་ཀྱང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་ཤུགས་ཆེན་བྱུང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་ཏོག་ནད་གཅིག་ཀྱང་མེད་པའི་སྲིད་ཇུས་སྔར་ལྷག་དམ་དྲག་གིས་མི་མང་ས་ཡ་ ༣༤ ཙམ་རང་ཁྱིམ་དུ་བཅུག་སྟེ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མི་འགྲོ་བར་དོགས་གཟོན་བྱེད་མུས་ཡིན་པ་ལྟར། དེ་རིང་བར་རྒྱ་ནག་ཏུ་ནད་པ་གྲངས་ ༡༠༥༣༡༠ ལས་བྱུང་ཡོད་ཅིང་། མི་གྲངས་ ༤༦༣༦ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། མི་གྲངས ༩༧༡༤༧ དྲག་སྐྱེད་བྱུང་འདུག དེ་བཞིན་ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༣༤༩༤ ལྷག་ཡོད་འདུག་ལ། འདས་པའི་ཆུ་ཚོད་ཉེར་བཞིའི་ནང་རྒྱ་ནག་ཏུ་ནད་པ་གསར་བ་མི་གྲངས་ ༢༢༣  བྱུང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥
Mobile App

བཀུར་འོས་སྤྱི་འཐུས་དཀོན་མཆོག་ཡར་འཕེལ་ལགས་སུ་འདྲི་བའི་དོགས་གནད་དག་ཐེར།

༢༠༢༦/༠༣/༢༥
Mobile App

བཙན་བྱོལ་བོད་མིའི་ཁྲིམས་བཟོ་ལྷན་ཁང་གི་འདྲ་འབག

༢༠༢༦/༠༣/༢༥
Those who refuse to provide their phone passwords could be punished
Mobile App

ཧོང་ཀོང་ཉེན་རྟོག་པས་མི་མང་གི་ཁ་པར་གསང་གྲངས་ཐད་ཀར་ལེན་ཆོག་པར་བཟོས།

༢༠༢༦/༠༣/༢༤
Senators Jacky Rosen (D-NV) and John Curtis (R-UT)
Mobile App

ཨ་རིའི་བོད་དོན་དང་འབྲེལ་བའི་སྲིད་ཇུས་ཁག་ལག་བསྟར་གོང་འཕེལ་གཏོང་དགོས་པའི་འབོད་སྐུལ་ཞུས།

༢༠༢༦/༠༣/༢༤
TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese