མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལྟ་བོད་མི་ཏོག་དབྱིབས་ན་མཁན་ ༦༥༧ ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཏོག་དབྱིབས་ནད་གཞི་ཕོག་པའི་བོད་མི་གྲངས་  ༤༧༤   བྱུང་ཡོད་ཀྱང་རྐྱེན་འདས་སུ་ཕྱིན་པ་གཅིག་ཀྱང་བྱུང་མི་འདུགདེ་རིང་བོད་མིའི་སྒྲིག་འཛུགས་ཀྱི་ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གིས་གསར་འགོད་གསལ་བསྒྲགས་ཐེངས་ ༩༥ པ་སྤེལ་སྐབས། བདུན་ཕྲག་འདིའི་ནང་རྒྱ་གར་དང་བལ་ཡུལ་གཉིས་ཀྱི་ནང་ཏོག་དབྱིབས་ནད་གཞི་ཕོག་པའི་བོད་མི་གྲངས་  ༤༧༤   བྱུང་ཡོད་པའི་ཁྲོད་སྐྱེས་པ་གྲངས་ ༢༤༧དང་། བུད་མེད་གྲངས་ ༢༢༧ ཡོད་ཅུང་། རྐྱེན་འདས་སུ་ཕྱིན་པ་གཅིག་ཀྱང་བྱུང་མི་འདུག འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་གི་ས་གནས་ཁག་  ༡༤ དང་བལ་ཡུལ་ནང་གི་ས་གནས་གྲངས་ ༤ ནང་རང་ཁྱིམ་དུ་ཟུར་བཀག་འོག་སྡོད་མཁན་བོད་མི་ ༤༥༠   དང་། ཚོགས་སྡེའི་ཟུར་བཀག་ཁང་དུ་མི་གྲངས་  ༢༥༡ བཅས་ཁྱོན་ཟུར་བཀག་ཁང་དུ་བོད་མི་  ༧༠༡  ཡོད་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས། འཛམ་གླིང་ཁྱོན་ཡོངས་དང་ལྷག་པར་དུ་རྒྱ་གར་ནང་ཏོག་ནད་ཕོག་པའི་གྲངས་འབོར་མང་དུ་འགྲོ་བའི་གནས་སྟངས་ཤིག་རེད་འདུག མི་སྒེར་དང་ཚོགས་པའི་ནང་དུ་ཏོག་ནད་ཕོག་མཁན་ཡོད་ན། མི་སྒེར་གྱིས་སོ་སོའི་ཐུགས་འགན་བཞེས་པའི་ཐོག་ནས་སྨན་ཁང་དུ་བསྟེན་པ་དང་བརྟག་དཔྱད་བྱས་པ་སོགས་སོ་སོའི་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་སྣང་མེད་གཏོང་རྒྱུ་མེད་པ་གལ་ཆེན་པོ་རེད་འདུག འོན་ཀྱང་ཚོགས་པ་དེ་ཚོར་སྟངས་འཛིན་གནང་མཁན་འགན་འཛིན་ཁག་ཁག་ཡོད་པར་བརྟེན། ཚོགས་པའི་ནང་ཏོག་ནད་ཕོག་མཁན་ཡོད་ན། ཚང་མས་འཛེམ་ཟོན་མེད་པར་བརྟག་དཔྱད་གནང་རྒྱུའི་ཐུགས་སྣང་བཞེས་དགོས་པའི་ལམ་སྟོན་གནང་བ་དང་། ད་ལྟའི་ཆར་དགེ་རྒན་དང་ལས་བྱེད། དེ་བཞིན་སློབ་ཕྲུག་རྣམས་རང་ཁྱིམ་དུ་གུང་གསེང་ལ་ཕེབས་པའི་དུས་དང་དགུན་ཚོང་ནས་རང་ཁྱིམ་དུ་ལོག་པའི་དུས་ཚོད་རེད། འདས་ལོར་ཕྱི་ལོགས་ནས་ཕེབས་མཁན་ཁ་ཤས་ཀྱིས་ཟུར་བཀག་སྡོད་རྒྱུའི་ཁྲིམས་ཏག་ཏག་མ་འཁུར་བའི་རྐྱེན་གྱིས་སོ་སོའི་ནང་མི་སྤུན་མཆེད་སོགས་ལ་དཀའ་ངལ་ཆེན་པོ་འཕྲད་པ་བྱུང་ཡོད་པ་རེད། དེར་བརྟེན། ཕྱི་ལོགས་ནས་ཕེབས་མཁན་ཚང་མའི་ངོས་ནས་གཟབ་གཟབ་གནང་དགོས་པ་དང་། གཞིས་ཆགས་ཀྱི་ནང་དུ་སྡོད་མཁན་ཡིན་རུང་སོ་སོའི་ངོས་ནས་ཐུགས་འགན་བཞེས་པའི་ཐོག་ཉིན་གྲངས་ ༧ དང་ ༡༠ རྗེས་སུ་ཐུག་པར་ཕེབས་པ་སོགས་སྔོན་འགོག་གི་ཐབས་ལམ་ལག་བསྟར་དང་། སྔོན་ཁབ་རྒྱག་དགོས་པའི་ལམ་སྟོན་གནང་སོང་ལ།  ད་ལྟའི་ཆར་དགུན་ཁའི་གནམ་གཤིས་གྲང་མོ་ཡིན་པར་བརྟེན། གྱོན་གོས་དྲོན་པོ་གྱོན་དགོས་པ་དང་ཆུ་གྲང་མོ་མིན་པར་དྲོད་འཇམ་འཐུང་རྒྱུ། དེ་བཞིན་སེམས་ལྷོད་པོ་དགོས་རྒྱུ་སོགས་རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་དང་། ཉིན་ལྟར་དབུགས་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པའི་དྲན་སྐུལ་གནང་སོང་།

གསར་འགོད་གསལ་བསྒྲགས་སྟེང་སྨན་པ་མཚམས་གཅོད་ལགས་ཀྱིས། ཟུར་བཀག་ཏུ་བཞུགས་པའི་སྐབས་སུ་སྔ་དགོང་འཆམ་འཆམ་དང་ཕྱི་ལ་ཡར་མར་འགྲུལ་བཞུད་བྱེད་པ་ལ་སོགས་པ་མེད་པས་གཟུགས་པོར་ལུས་རྩལ་དང་འགུལ་སྐྱོད་མེད་པར་བརྟེན། ཞལ་ལག་འཇུ་དཀའ་བ་ཡོང་བ་དང་ཆབ་གསང་ཡག་པོ་མ་བབས་པ་ལ་སོགས་པའི་དཀའ་ངལ་འཕྲད་མ་སྲིད་པ་མ་རེད། དེར་བརྟེན། སོ་སོའི་ངོས་ནས་སོ་སོའི་འཕྲོད་བསྟེན་ལ་དོ་སྣང་ཡོད་པའི་ཐོག་ནས་སྔ་དགོང་དབུགས་སྦྱོང་དང་ཉིན་མོའི་དུས་སུ་གཉིད་ཉལ་བར་འཛེམ་ཟོན་བྱ་དགོས་ཤིང་། ཞལ་ལག་འཇུ་སླ་པོ་དང་འཕྲོད་པའི་རིགས་མཆོད་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ཞལ་ལག་སྣུམ་ལ་བརྔོས་པ་དང་ཁ་ལག་རྙིང་པ་སོགས་ཀྱིས་གློ་ལ་གནོད་ཀྱི་ཡོད་པས། དེ་དག་རིགས་ཉུང་དུ་བཏང་དགོས་པའི་སྐོར་དང་། ཚ་བ་འཕར་བ་སོགས་ནད་རྟགས་ཐོན་པ་ཙམ་གྱིས་སྨན་ཁང་དུ་བསྟེན་དགོས་པ་ནི་གལ་ཆེན་པོ་ཡིན་པའི་སྐོར་སོགས་ལམ་སྟོན་གནང་སོང་།

དེའི་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོལ་ལགས་ཀྱིས། ནད་རྟགས་ཡོད་མེད་ལ་མ་ལྟོས་པར་ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་མུ་མཐུད་ལག་ལེན་བསྟར་རྒྱུ་གལ་ཆེན་ཡིན་པ་དང་། ནད་པ་ཛ་དྲག་ཡིན་ན་མ་གཏོགས་སྨན་ཁང་དུ་མ་ཕེབས་ན་ཡག་པ་འདུག རྒྱུ་མཚན་ནི་ད་ལྟའི་ཆར་སྨན་ཁང་དུ་ཏོག་དབྱིབས་ནད་པ་མང་པོ་ཡོད་པའི་རྐྱེན་གྱིས་རང་ཉིད་ལ་ན་ཚ་ཁྱབ་གདལ་མ་ཡོང་བའི་སླད་དུ་སྨན་ཁང་དུ་མ་བསྟེན་ན་ལེགས་པོ་ཡོད་པའི་སྐོར་དང་། རང་ཁྱིམ་དུ་ཟུར་བཀག་བཞུགས་པའི་སྐབས་སུ། ཉིན་གྲངས་ ༧ ནས་ ༡༠ བར་དུ་ནང་མི་དང་སྤུན་མཆེད་སོགས་ལ་ཐུག་འཕྲད་མི་ཆོག་པ་དང་། ཉིན་རེར་ཚ་བ་དང་སྲོག་རླུང་ག་ཚོད་ཡོད་པའི་བརྟག་དཔྱད་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད། ཚ་བ་འབར་བ་དང་སྲོག་རླུང་སོགས་ཀྱི་དཀའ་ངལ་བྱུང་ན་སྨན་ཁང་དུ་བསྟེན་དགོས་ཤིང་། སྨན་རྣམས་དུས་ཐོག་ཏུ་མཆོད་དགོས་ཀྱི་ཡོད་པ་རེད། རང་ཉིད་སྒེར་སོ་སོར་ནད་རྟགས་ཡོད་མེད་སོགས་ལ་མི་ལྟོས་པར། ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་རྣམས་ངེས་པར་དུ་ལག་བསྟར་གནང་དགོས་པའི་ལམ་སྟོན་གནང་སོང་།

ཏོག་དབྱིབས་ཛ་དྲག་ལས་དོན་ཚོགས་ཆུང་གི་གསལ་བསྒྲགས་ལྟར་ན། ད་ལྟ་བར་དུ་རྒྱ་བལ་གཉིས་ནང་བོད་མི་ཏོག་དབྱིབས་ནད་པ་གྲངས་ ༧༩༦༣   བྱུང་བའི་ཁྲོད་དྲག་སྐྱེད་ཟིན་པ་ ༧༡༤༤ དང་། རྐྱེན་འདས་སུ་ཕྱིན་པ་ ༡༦༩། ད་ལྟ་ཏོག་ནད་ཀྱིས་མནར་བཞིན་པའི་བོད་མི་གྲངས་ ༦༥༧ ཡོད་འདུག འདས་པའི་ཆུ་ཚོད་ཉེར་བཞིའི་ནང་རྒྱ་གར་དུ་ནད་པ་གསར་པ་ ༣༡༧།༥༣༢ བྱུང་ཡོད་པ་དང་།    ཨོ་མི་ཁུ་རོན་ན་མཁན་གྱི་ནད་པའི་གྲངས་ ༩༢༨༧  བྱུང་སྟེ། ད་ལྟ་རྒྱ་གར་ནང་དུ་ཏོག་དབྱིབས་རིམས་ནད་ཀྱི་ནད་རླབས་གསུམ་པ་ཁྱབ་བརྡལ་འགྲོ་མུས་ཡིན་པ་རེད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

སྐར་མ ༩ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese