མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་གིས་རྒྱ་ནག་གི་གཅིག་སྡུད་དྲ་ལམ་འབྲེལ་མཐུད་ཁང་ཆེན་པོ་ཞིག་བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གཉེར་བཞིན་པའི་དྲ་ལམ་འབྲེལ་མཐུད་སྤྱི་གཉེར་ཁང་(China Unicom)ཟེར་བ་ཞིག་གིས་ཨ་རིའི་རྒྱལ་སྲུང་བདེ་འཇགས་ཐད་གནོད་སྐྱོན་བཟོ་ཡི་ཡོད་པའི་དོགས་གཞིའི་འོག་ཟླ་གཉིས་ནང་ཚུན་དུ་སྒོ་བརྒྱག་དགོས་པའི་བཀའ་བཏང་འདུག

ཧོང་ཀོང་ནང་ཆེད་འཛུགས་བྱས་ཡོད་པའི་རྒྱ་ནག་གཞུང་གིས་གཉེར་བཞིན་པའི་རྒྱང་འཕྲིན་བཟོ་ལས་ཁང་ཆེ་གྲས་རྒྱ་ནག་གཅིག་སྡུད་དྲ་ལམ་འབྲེལ་མཐུད་སྤྱི་གཉེར་ཁང་(China Unicom)ཟེར་བས་ཨ་རིའི་རྒྱལ་སྲུང་བདེ་འཇགས་སོགས་ལ་གནོད་འཚེ་གཏོང་གི་ཡོད་པའི་དོགས་གཞིའི་འོག་མ་འོངས་ཟླ་གཉིས་ཚུན་དུ་ལས་མཚམས་འཇོག་དགོས་པའི་བཀའ་བཏང་།

རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་དབུས་འབྲེལ་མཐུད་དོ་དམ་ལས་ཁུངས་ (Federal Communication Commission) ངོས་ནས་ཡང་བསྐྱར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་གཞི་དང་གསང་མྱུལ་བྱེད་པའི་དོགས་གཞིའི་འོག རྒྱ་ནག་གཞུང་གིས་གཉེར་བཞིན་པའི་རྒྱང་འཕྲིན་བཟོ་ལས་ཁང་ཆེ་གྲས་རྒྱ་ནག་གཅིག་སྡུད་དྲ་ལམ་འབྲེལ་མཐུད་སྤྱི་གཉེར་ཁང་ (China Unicom) ཟེར་བའི་ཨ་རིའི་ནང་གི་ལས་གཉེར་ལག་འཁྱེར་རྩིས་མེད་བཏང་སྟེ། ཡོང་རྒྱུའི་ཉིན་གྲངས་ ༦༠ ནང་སྤྱི་གཉེར་ཁང་དེའི་ཨ་རིའི་ནང་གི་ལས་གཞི་དང་ཞབས་ཞུ་ཡོངས་རྫོགས་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་འདུག

ཨ་རི་རྒྱལ་ཡོངས་ཀྱི་འབྲེལ་མཐུད་ཚན་པར་དོ་དམ་སྟངས་འཛིན་བྱེད་པའི་དབུས་གཞུང་གི་རང་དབང་ཅན་གྱི་ལས་ཁུངས་དེའི་འགན་འཛིན་ལྕམ་ཇེ་སི་ཁ་རོ་སན་ཝོར་སེལ་ (Jessica Rosenworcel) གྱིས་ཐག་གཅོད་དེའི་ཐད་བསྒྲགས་ཡིག་ཅིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་གཉེར་བཞིན་པའི་རྒྱང་འཕྲིན་བཟོ་ལས་ཁང་དེ་དག་གིས་ང་ཚོའི་འབྲེལ་མཐུད་མ་ལག་གི་བདེ་འཇགས་ལ་ཉེན་ཁ་ཆེན་པོ་ཡོད་པའི་དཔང་རྟགས་མང་པོ་ཐོན་གྱི་ཡོད་པ་བཞིན། དེའི་ཐད་བློ་འཚབ་ཀྱང་ཆེན་པོ་ཡོང་གི་འདུག ཅེས་བརྗོད་འདུག་ལ། ཨ་རིའི་ནང་ཁ་པར་གྱི་དྲ་བའི་ཞབས་ཞུ་རིགས་སྤྲོད་བཞིན་པའི་རྒྱ་ནག་གི་གཞུང་གཉེར་བཟོ་ལས་ཁང་དེས། ཨ་རིའི་འབྲེལ་མཐུད་དོ་དམ་ལས་ཁུངས་ངོས་ནས་གཞི་རྩ་གང་ཡང་མེད་པ་དང་། ཁྲིམས་ཀྱི་བརྒྱུད་རིམ་གང་ཡང་མ་བརྒྱུད་པར་ཐག་གཅོད་དེ་བླངས་ཡོད་སྐོར་དང་། བཟོ་ལས་ཁང་ངོས་ནས་རང་ཉིད་དང་རང་གི་འཛད་སྤྱོད་པ་རྣམས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཆེད་དུ་ཐབས་ཤེས་ཡོད་རྒུ་བསྟེན་རྒྱུ་ཡིན་སྐོར་གྱི་ལན་འདེབས་བྱས་ཡོད་འདུག

ད་ལྟའི་ཨ་རིའི་བྷའེ་ཌིན་སྲིད་གཞུང་ངོས་ནས་སྲིད་འཛིན་ཟུར་པ་ཊོམ་ཕུ་སྲིད་གཞུང་ལྟར་། རྒྱ་ནག་གི་གཞུང་གཉེར་རྒྱང་འཕྲིན་བཟོ་ལས་ཁང་གི་ཐད་མུ་མཐུད་དོ་དམ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། འདས་པའི་ལོ་གཅིག་ནང་རྒྱ་ནག་གི་ཁ་པར་དང་འབྲེལ་མཐུད་བཟོ་ལས་ཁང་དག་གི་ཨ་རིའི་ནང་གི་བྱ་འགུལ་ལ་ཚོད་འཛིན་ནན་པོ་བྱས་ཡོད་པ་རེད། དེ་ཡང་འདས་ལོའི་ཕྱི་ཟླ་ ༡༡ ནང་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱིས་རྒྱབ་སྐྱོར་བརྒྱུད་བདེ་འཇགས་ཡོ་བྱད་ཁྲིམས་གཞི་(The Secure Equipment Act) ཟེར་བ་ཞིག་གཏན་འབེབ་བྱས་ཏེ། ཨ་རིའི་ནང་རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་ཡོད་པའི་དོགས་གཞིའི་འོག་བཀག་སྡོམ་བྱས་ཟིན་པའི་བཟོ་གྲྭ་ཁག་གི་འཕྲུལ་ཆའམ་ཡོ་བྱད་གསར་བ་རྣམས་བཀོལ་སྤྱོད་བྱ་རྒྱུའི་ཆོག་མཆན་སྤྲོད་མི་ཆོག་པ་བཟོས་ཡོད་ཅིང་། ཁྲིམས་གཞི་དེའི་འོག་ནས་ད་ལྟ་བཀག་སྡོམ་ཟིན་པའི་རྒྱ་ནག་གི་ཁ་པར་བཟོ་ལས་ཁང་ཆེ་གྲས་ཧྭ་ཝེ་ (Huawei) དང་ཛེ་ཊི་ཨི་ (ZTE) སོགས་ཀྱི་འཕྲུལ་ཆས་རྣམས་ཨ་རིའི་འབྲེལ་མཐུད་ཚན་པའི་ནང་བཀོལ་སྤྱོད་ཆོག་གི་མེད་པ་རེད་ལ། བཟོ་ལས་ཁང་དེ་དག་གིས་སྙན་ཞུ་གསར་པ་ཞིག་ལ་ཆོག་མཆན་ཡང་སྤྲོད་ཆོག་གི་མེད་འདུག

འདས་པའི་ལོ་ཤས་ནང་ཨ་རིའི་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་གསང་མྱུལ་གྱི་བྱ་སྤྱོད་སྤེལ་སྲིད་པའི་དོགས་གཞི་ཁོ་ན་མིན་པར། རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྐྲུན་རྒྱུར་ཞབས་འདེགས་དང་ཞབས་ཞུ་སྒྲུབ་མཁན་གྱི་རྒྱ་ནག་གི་སྤྱི་སྒེར་བཟོ་ལས་ཁང་མི་ཉུང་བ་ཞིག་ཀྱང་བཀག་སྡོམ་བྱས་ཡོད་པ་རེད། དེ་ཡང་འདས་ལོའི་ཕྱི་ཟླ་ ༤ པའི་ནང་སྲིད་འཛིན་བྷའེ་ཌིན་གྱིས་ཨ་རིའི་བཟོ་གྲྭ་ཁག་གིས་རྒྱ་ནག་གི་དམག་དང་མཉམ་འབྲེལ་བྱེད་མཁན་གྱི་རྒྱ་ནག་གི་བཟོ་སྐྲུན་ཁང་ ༥༩ ནང་མ་རྐང་འཛུགས་མི་ཆོག་པའི་འཛིན་སྐྱོང་བཀའ་ཁྱབ་བཏང་ཡོད་པ་རེད། དེ་བཞིན་འདས་ལོའི་ཕྱི་ཟླ་ ༡༡ པའི་ནང་ཨ་རིའི་གཞུང་ངོས་ནས་རྒྱ་ནག་ནང་རྟེན་གཞི་བྱས་པའི་བཟོ་ལས་ཁང་ ༨ ཀྱིས། རྒྱ་ནག་གི་དམག་གི་མ་ལག་གོང་འཕེལ་གྱི་ཆེད་དུ་ཨ་རིའི་འཕྲུལ་རིག་ཤེས་བྱ་མཁོ་སྒྲུབ་བྱེད་བཞིན་པའི་དོགས་གཞིའི་འོག ཨ་རིའི་བཟོ་སྐྲུན་གཞན་ཁང་རྣམས་ཀྱིས་རྒྱ་ནག་གི་བཟོ་ལས་ཁང་དེ་དག་དང་ཚོང་འབྲེལ་མི་ཆོག་པའི་བཀའ་བཏང་ཡོད་པ་མ་ཟད། དེ་དང་འབྲེལ་བའི་མི་སྒེར་ ༡༦ དང་རྒྱལ་ཁབ་གཞན་དུ་རྟེན་གཞི་བྱས་པའི་བཟོ་ལས་ཁང་ ༡༩ ལྷག་མིང་ཐོ་ནག་པོའི་ནང་བཅུག་ཡོད་པ་རེད།

China Unicom Network Capabilities. (Screenshot from China Unicom website)

རྒྱ་ནག་གི་གཞུང་གཉེར་རྒྱང་འཕྲིན་བཟོ་ལས་ཁང་དེ་ཉིད་ཀྱི་ལས་ཁུངས་ལྟེ་བ་ཧོང་ཀོང་དུ་ཡོད་ཅིང་། བཟོ་ལས་ཁང་གི་གཞུང་འབྲེལ་དྲ་ཚིགས་ནང་གསལ་བ་ལྟར་ན། བཟོ་ལས་ཁང་དེར་འཛམ་གླིང་ཁྱོན་ཡོངས་ནང་ཡན་ལག་ལས་ཁུངས་ ༣༠ ལྷག་ཡོད་པ་དང་། རྒྱལ་སྤྱིའི་ཁྱོན་དུ་རྒྱང་འཕྲིན་དང་། ཁ་པར་གྱི་དྲ་རྒྱ། བརྙན་ལེན་འབྲེལ་མཐུད། དྲ་ལམ་བདེ་འཇགས་སོགས་ཀྱི་ཐད་ཞབས་ཞུ་སྤྲོད་ཀྱི་ཡོད་ལ། ཕྱི་ལོ་ ༢༠༠༦ ལོར་དབྱིན་ཡུལ་གྱི་ཁྲོམ་རའི་ནང་ཞུགས་རྗེས། མཚོ་འོག་ནས་དྲ་ལམ་ཐག་སྐུད་འདྲེན་པ་སོགས་བྱས་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༡༠ པའི་ནང་ཨ་རིའི་གཞུང་གིས་ཨ་རིའི་ནང་ལོ་ངོ་ ༢༠ ལྷག་གི་རིང་དྲ་བའི་ཞབས་ཞུ་སྤྲོད་མཁན་རྒྱ་ནག་གི་གཞུང་འབྲེལ་བཟོ་ལས་ཁང་ཆེ་ཤོས་ China Telecom ཟེར་བ་དེ་ཡང་མིང་ཐོ་ནག་པོའི་ནང་བཅུག་སྟེ་འཚོང་འགྲེམ་ལག་འཁྱེར་རྩིས་མེད་བཏང་ཡོད་པ་རེད། ཨ་རིའི་གཞུང་ངོས་ནས་རྒྱ་ནག་གི་བཟོ་ལས་ཁང་དེ་དག་རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་རྒྱུ་མཚན་གྱིས། རྒྱ་ནག་གཞུང་ལ་བཟོ་ལས་ཁང་དེ་དག་གི་འཕྲུལ་རིག་བརྒྱུད་ནས་ཨ་རིའི་ནང་གི་འབྲེལ་མཐུད་ཚན་པར་དོ་ཕོག་དང་སྔོག་བཤེར་བྱ་རྒྱུའི་དབང་ཆ་ཡོད་པ་དང་། དེ་བརྒྱུད་ནས་རང་ཤུགས་ཀྱིས་གསང་མྱུལ་གྱིས་མཚོན་པའི་ཨ་རི་ལ་རྒོལ་བའི་བྱ་འགུལ་རིགས་སྤེལ་ཐུབ་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༥ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༦ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༠ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese