མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པོ་དམ་པ་བསྟན་འཛིན་ནོར་བུ་ལགས་སུ་རྒྱ་གར་གྱི་ཆེ་བསྟོད་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་དང་རྒྱལ་སྲུང་གི་ལས་གཞིའི་ཁྲོད་འདས་གྲོངས་སུ་ཕྱིན་པའི་བོད་ཀྱི་དྭང་ཞབས་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་ལགས་ཀྱི་བྱས་རྗེས་ལ་རྒྱ་གར་གཞུང་གིས་ཆེ་བསྟོད་ཀྱི་གཟེངས་རྟགས་ཤིག་ཕུལ་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་གར་གྱི་བྱང་ཤར་མངའ་སྡེ་ (Meghalaya) མེག་གྷ་ལ་ཡའི་ས་གནས་ཤེས་ལོངས་སུ། ཕྱི་ལོ་ ༡༩༨༨ ལོར་ཧི་མ་ལ་ཡའི་(Siachen Glacier) གངས་རུད་ཀྱི་གོད་ཆག་ཁྲོད་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་དྭང་ཞབས་དམག་སྤྱི་གཞོན་པ་དམ་པ་བསྟན་འཛིན་ནོར་བུ་ལགས་ཀྱི་བྱས་རྗེས་ལ་ངོས་འཛིན་ཆེད། རྒྱ་གར་གཞུང་གི་ཆེ་བསྟོད་ཀྱི་གཟེངས་རྟགས་(Indian Gallantry Award)ཕུལ་ཡོད་འདུག་ལ། དམག་སྤྱི་གཞོན་པ་ཁོང་གིས་ལོ་ངོ་ ༢༠ ཙམ་གྱི་རིང་རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་དང་བདེ་འཇགས་སྲུང་སྐྱོབ་ཐད་རང་སྲོག་བློས་གཏོང་གིས་དཀའ་ལས་བརྒྱབ་ཡོད་འདུག

ཆེ་བསྟོད་གཟེངས་རྟགས་དེ་ཉིད་དམ་པ་ཁོང་གི་བཟའ་ཟླ་ཚེ་རིང་བུ་འཁྲིད་ལགས་ཀྱིས་བླངས་གནང་ཡོད་པ་དང་། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དམ་པ་ཁོང་གི་བཟའ་ཟླ་ཚེ་རིང་བུ་འཁྲིད་ལགས་སུ་གཟེངས་རྟགས་དེ་ཐོབ་སྐབས་ཚོར་སྣང་ག་རེ་བྱུང་མིན་དྲིས་པར་ཁོང་མོས། སྐབས་དེར་ང་ལ་དགའ་སྐྱོ་འདྲེས་མའི་ཚོར་བ་བྱུང་། རྒྱུ་མཚན་ནི། ངའི་བཟའ་ཟླ་འདས་གྲོངས་སུ་ཕྱིན་པ་དང་སྐུ་ཕུང་ཡང་ལག་སོན་མ་བྱུང་བ་རེད་ལ། སྐབས་དེ་དུས་ཁ་པར་སོགས་ཀྱི་འབྲེལ་ལམ་ཡག་པོ་མེད་སྟབས། ཁོང་རང་སྐུ་མ་གྲོངས་བའི་ཉིན་ཤས་སྔོན་ང་ལ་ཡི་གེ་ཞིག་བསྐུར་འདུག དེ་ནས་ཉིན་གྲངས་གསུམ་བཞི་ཙམ་གྱི་རྗེས་ལ་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་འབྱོར་བྱུང་བ་རེད། ཡང་རྒྱ་གར་གཞུང་གིས་ང་ཚོ་བོད་མི་ཚོར་དབྱེ་འབྱེད་མེད་པར་སོ་སོའི་ཡུལ་མི་བཞིན་གཅིག་མཚུངས་ཀྱིས་བདག་སྐྱོང་གནང་གི་ཡོད་པའི་གནས་སྟངས་འོག་གཟེངས་རྟགས་དེ་འདྲ་ཞིག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་བྱུང་བ་དང་། གཟེངས་རྟགས་སྤྲོད་སྐབས་ས་གནས་རྒྱ་གར་གྱི་དམག་དཔོན་ཁག་ཅིག་དང་དམག་མི་བཅས་ཁྱོན་མི་གྲངས་ ༡༣ བསླེབས་ཡོད་པ་དང་། ད་རེས་དྭང་ཞབས་དམག་སྤྱི་དམ་པ་ཁོང་ལ་ཕུལ་བའི་གཟེངས་རྟགས་དེ་ཉིད། འདི་ལོའི་རྒྱ་གར་དམངས་གཙོའི་ཉིན་མོར། སྲིད་བློན་མུ་དྷི་གཞུང་གིས་རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་དང་རྒྱལ་སྲུང་གི་ལས་དོན་བསྒྲུབས་པར་ངོས་འཛིན་གྱིས་ཕུལ་བ་ཞིག་ཆགས་ཀྱི་ཡོད་འདུག

མཛད་སྒོའི་སྐབས་དམག་མི་ཞིག་གིས། བོད་མཐོ་སྒང་ནས་སྐྱེས་ཤིང་དཀའ་ཁག་ཆེ་བའི་དུས་སྐབས་སུ། སྙིང་སྟོབས་ཆེ་ཞིང་མི་ཚེ་དཀྱུས་མར་རོལ་བའི་དམག་སྤྱི་གཞོན་པ་བསྟན་འཛིན་ནོར་བུ་ལགས་རྒྱ་གར་གྱི་དམག་མིའི་ཁོངས་སུ་ཞུགས། ཁོང་ནི་དམག་མི་བློ་ཁོག་ཅན་ཞིག་ཡིན་པ་མ་ཟད། བཀུར་འོས་པའི་མགོ་ཁྲིད་ཅིག་ཀྱང་ཡིན། དྭང་ཞབས་དམག་མིའི་རུ་ཁག་དང་པོ་ཡིན་པའི་བསྟན་འཛིན་ནོར་བུ་ལགས། ཕྱི་ལོ་ ༡༩༨༠ ནང་ལ་དྭགས་ཀྱི་མཐའ་མཚམས་ཁུལ་དུ་མངག་གཏོང་གིས། རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་དང་འབྲེལ་ནས་ཕྱིའི་བཙན་འཛུལ་འགོག་སྲུང་དང་ཞི་གནས་ཡོང་ཐབས་ཀྱི་ཕྱག་ལས་གནང་། འོན་ཀྱང་། སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༢༢ ཉིན་ཧི་མ་ལ་ཡའི་གངས་རུད་ཀྱི་གོད་ཆག་ཁྲོད་བསྟན་འཛིན་ནོར་བུ་ལགས་གར་སོང་ཆ་མེད་དུ་གྱུར། དེ་རིང་རྒྱ་གར་གཞུང་དང་མི་མང་ངོས་ནས་སྙིང་སྟོབས་ཅན་གྱི་དམག་སྤྱི་ཁྱེད་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་ཡོངས་བསྒྲགས་གནང་འདུག

དམག་སྤྱི་དམ་པ་བསྟན་འཛིན་ནོར་བུ་ལགས་ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༢༠ ཉིན་བྱང་ཤར་ཁུལ་གྱི་འཁྱག་རོམ་ཁྲོད་ནས་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་ལྟ་འདས་པོ་དམ་པ་ཁོང་གི་ཤུལ་དུ་སྐུ་ཟླ་ཚེ་རིང་བུ་འཁྲིད་ལགས་དང་ལོ་ ༡༣ ཡིན་པའི་བུ་མོ་གཅིག་དང་བུ་ཆུང་ལོ་ ༨ ཅན་ཞིག་བཅས་ཡོད་པ་དང་། དམ་པ་ཁོང་ཕྱི་ལོ་ ༡༩༦༩ ནས་ ༡༩༨༨ བར་ལོ་ངོ་ ༢༠ ཙམ་གྱི་རིང་དྭང་ཞབས་དམག་མིར་ཞུགས་ཏེ། རྒྱ་གར་གྱི་མཐའ་མཚམས་སྲུང་སྐྱོབ་དང་རྒྱལ་སྲུང་གི་སྲི་ཞུ་ཞུས་མྱོང་བ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese