མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༣/༢༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གི་དབུས་པའི་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས། ཡུན་རིང་བོད་དོན་རྒྱབ་སྐྱོར་བ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་ལྕམ་སྐུ་མེ་ཌེ་ལིན་ཨལ་བྷི་རའེ་ཊི་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་སྩལ་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་༧གོང་ས་མཆོག་གིས་ཨ་རིའི་བུད་མེད་ཕྱི་སྲིད་དྲུང་ཆེ་ཐོག་མ་ལྕམ་སྐུ་མེ་ཌེ་ལིན་ཨལ་བྷི་རའེ་ཊི་ (Madeleine Albright) ལགས་འདས་གྲོངས་སུ་ཕྱིན་པར། དམ་པ་ཁོང་གི་བུ་མོ་ (Alice Patterson Albright) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་། དམ་པ་ཁོང་ཨ་རིའི་བུད་མེད་ཕྱི་སྲིད་དྲུང་ཆེ་ཐོག་མ་དེ་ཡིན་པ་མ་ཟད། ཁོང་མོས་ཕྱག་ལས་འབུར་དུ་ཐོན་པ་གནང་ཡོད། ཅེས་བསྔགས་བརྗོད་མཛད་པ་དང་འབྲེལ། སྲིད་འཛིན་བྷེ་རག་ཨོ་བྷ་མ་ (Barack Obama) ལགས་ཀྱིས་ཁོང་མོར་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ཕུལ་བ་དེས། མི་མང་པོར་དམ་པ་ཁོང་གི་རྗེས་སུ་འབྲང་རྒྱུའི་སེམས་འགུལ་ཆེན་པོ་སྦྱིན་མུས་ཡིན། ཞེས་དང་། འདས་པའི་ལོ་ཟླའི་ནང་ཨ་རིར་ངོས་རང་ཁོང་མོ་དང་ཐུག་འཕྲད་ཐེངས་འགའ་ཤས་བྱུང་ལ། ཐེངས་ཤིག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་ (Prague) ནང་སྲིད་འཛིན་ཝག་ལབ་ཧ་ཝེལ་ (Vaclav Havel) དང་ལྷན་དུའང་ཐུག་འཕྲད་བྱུང་། ངོས་ནས་དམ་པ་ཁོང་གིས་མི་གཞན་གྱི་རང་དབང་དང་བདེ་དོན་ལ་ཐུགས་འཁུར་དང་རྒྱབ་སྐྱོར་ཆེན་པོ་གནང་བ་དེ། ཁོང་མོ་རང་ཉིད་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ནས་ཡིན་པའི་དབང་གིས་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀྱང་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་ལ་ཐུགས་གསོ་གནང་བའི་ནང་། ལྕམ་སྐུ་ཨལ་བྷི་རའེ་ཊི་ལགས་ཀྱིས་འཛམ་གླིང་ཡོངས་ཀྱི་འགྲོ་བ་མི་ས་ཡ་མང་པོའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་སླད་ཞུ་གཏུག་འཐབ་རྩོད་གནང་བ་ལྟར། བོད་ཀྱི་གནད་དོན་ཐད་ལའང་ཞུ་གཏུག་འཐབ་རྩོད་གནང་བར་བརྟེན། ཁོང་མོ་འདས་གྲོངས་སུ་གྱུར་བར་བོད་མི་ཡོངས་ཀྱི་སེམས་གཏིང་ནས་གྱོང་གུད་བྱུང་བ་ཚོར་ངེས་ཡིན་སྐོར་དང་། ཁོང་མོ་ནི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཐོག་མ་དེ་བསྐོ་གཞག་གནང་མཁན་ཡིན་པ་མ་ཟད། གནད་འགག་ཆེ་བའི་ལས་གནས་དེའི་ཐོག་ནས་ཨ་རིའི་གཞུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཐད་རོགས་རམ་གནང་ཡོད་སྐོར། བོད་མིའི་ངོས་ནས་ཁོང་མོའི་སྣེ་འཁྲིད་ཀྱི་ལམ་སྟོན་དང་རོགས་སྐྱོར་གནང་བའི་བཀའ་དྲིན་དུས་རྟག་ཏུ་སྙིང་ལ་འཆང་བཞིན་ཡོད་པ་དང་། ཁོང་མོས་སྐུ་ཚེ་ཧྲིལ་པོར་སྐུ་ལས་བསྐྱོན་པ་ལྟར་བོད་མིའི་ངོས་ནས་དམངས་གཙོ་དང་དྲང་བདེན། ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ཞབས་འདེབས་ཞུ་ཐུབ་པའི་རེ་བ་ཡོད། ཅེས་གསུངས་འདུག

དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ལྕམ་སྐུ་ཨལ་བྷི་རའེ་ཊི་ལགས་ཨ་རིའི་གཞུང་དང་མི་མང་གི་བདེ་དོན་སླད་སྲི་ཞུ་རྣམ་དག་ཞུས་ཏེ་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་བ་དང་། ཁོང་གིས་རྒྱལ་ཁབ་དང་མི་མང་གི་ཆེད་དུ་བཞག་པའི་མཛད་རྗེས་རྣམས་དུས་རྟག་ཏུ་དྲན་ངེས་ཡིན། ཁོང་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཕྱག་ལས་གནང་སྐབས་བོད་ཀྱི་རྩ་དོན་ཐོག་ཐུགས་འཁུར་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། ཅེས་དང་། ཁོང་གིས་རྒྱ་ནག་སྲིད་འཛིན་ཅང་ཙེ་མེན་ (Jiang Zemin) ལ་ཨ་རིའི་གཞུང་གི་ངོས་ནས་བོད་ཀྱི་གནད་དོན་གལ་ཆེར་རྩི་བཞིན་ཡོད་པ་དང་། རྒྱ་ནག་གཞུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། ཅེས་འཁོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་འབྲས་ནད་ཀྱི་རྐྱེན་པས་དགུང་གྲངས་ ༨༤ ཐོག་འདས་གྲོངས་སུ་ཕྱིན་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨལ་བྷི་རའེ་ཊི་ལགས་ནི་ཕྱི་ལོ་ ༡༩༣༧ ཟླ་ ༥ ཚེས་ ༡༥ ཉིན་སྐྱེས་ཤིང་། ཕྱི་ལོ་ ༡༩༤༨ ལོར་ནང་མི་དང་ལྷན་དུ་ཅེག་སྤྱི་མཐུན་རྒྱལ་ཁབ་ནས་ཨ་རིར་གནས་སྤོས་བྱས་ཡོད་འདུག ཁོང་མོ་ཕྱི་ལོ་ ༡༩༥༩ ལོར་ཝེ་ལེ་སི་ལེ་མཐོ་རིམ་སློབ་གྲྭ་ (Wellesley College) ནས་སློབ་མཐར་ཕྱིན་ཏེ། ཕྱི་ལོ་ ༡༩༧༥ ལོར་ཀོ་ལོམ་བྷི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོ་ (Columbia University) ནས་འབུམ་རམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༧༨ ལོར་ཁོང་མོས་སྐབས་དེའི་ཨ་རིའི་སྲིད་འཛིན་ཇི་མི་ཀ་ཊར་ (Jimmy Carter) སྲིད་གཞུང་གི་རྒྱལ་ཡོངས་བདེ་འཇགས་ལྷན་ཚོགས་ (National Security Council) ཀྱི་གྲོས་ཚོགས་ལས་དོན་འབྲེལ་མཐུད་པའི་ལས་འཁུར་ཞུས་ཤིང་། ཕྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ཀྱི་ལས་གནས་གཉེར་ཡོད་པ་རེད། ཕྱི་ལོ་ ༡༩༩༧ ནས་ ༢༠༠༡ བར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ཕྱག་ལས་གནང་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese