མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་ཚོས་གཞིས་ཆགས་ནང་ཚོང་ལས་གཉེར་ན་བུན་གཡར་གནང་རྒྱུ་ཡིན་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༩ ནས་དེ་རིང་ཕྱི་ཚེས་ ༡༢ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་མཚོ་མཐའི་མངའ་སྡེ་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་དང་མན་སྤར་ཕན་བདེ་གླིང་གཞིས་ཆགས། བྷན་རྡ་ར་ནོར་རྒྱས་གླིང་བཅས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་བཞིན་ཡོད་པ་རེད།

དེ་ཡང་ཁ་སང་ཕྱི་ཚེས་ ༡༡ ཉིན་སྲིད་སྐྱོང་མཆོག་གི་ཨོ་རི་ས་གཞིས་ཆགས་ཀྱི་གཞུང་འབྲེལ་འཚམས་གཟིགས་གྲུབ་མཚམས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་འབྱོར་གྱིས་གཞིས་ཆགས་ཀྱི་དགོན་ཁག་ལ་མཆོད་མཇལ་དང་འབྲེལ། ས་གནས་འཐུས་ཚོགས་ཀྱི་ལས་ཁུངས་དང་ཚོགས་ཁང་། ས་གནས་མགོ་འཛིན་ལས་ཁུངས། རང་བདེན་ཚོགས་ཆུང་སོགས་ནང་གཟིགས་ཞིབ་ཆེད་ཕེབས་ཡོད་ཅིང་། དེ་རིང་སྔ་དྲོར་གཞིས་མི་བྱིངས་ལ་གསུང་བཤད་དང་དྲི་བ་དྲིས་ལན་གནང་འདུག་ལ། གཞིས་ཆགས་ཀྱི་གཞོན་སྐྱེས་ཁག་གཅིག་ལ་ཟུར་དུ་ཐུག་འཕྲད་གནང་སྟེ། དེ་རིང་ཕྱི་དྲོར་མར་སྤར་ནས་བྷན་རྡ་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་སུ་ཕྱོགས་ཕེབས་གནང་གི་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་ཚིགས་སྟེང་འཁོད་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་ས་ནས་ཕེབས་ཐོན་གྱིས་ཨོ་རི་སར་བདེ་འབྱོར་བྱུང་རྗེས། དེ་གའི་གཞིས་མི་རྣམས་ལ་ཡུན་རིང་ནས་རོགས་སྐྱོར་གནང་མཁན་ཨོ་ཌི་ཤཱ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་ལས་འཕར་སྐུ་ཞབས་ཨེས་པི་ཋཱ་ཀུར་ (Shri S.P. Thakur) ལགས་དང་མཇལ་འཕྲད་གནང་འདུག་ཅིང་། ཕྱི་ཚེས་ ༩ ཉིན་གྱི་ཕྱི་དྲོར་སྲིད་སྐྱོང་མཆོག་ནས་གཞིས་ཆགས་ཀྱི་གཞོན་སྐྱེས་གྲངས་ ༣༠ ཙམ་དང་ལྷན་ཟུར་དུ་ཐུག་འཕྲད་ཀྱིས་གཞིས་ཆགས་ཁག་སྲ་བརྟན་ཡོང་བར་ས་གནས་ཀྱི་གཞོན་སྐྱེས་ངོས་ནས་འགན་འཁུར་དང་མཉམ་ཞུགས་གནང་དགོས་གལ་ཆེ་བའི་སྐོར་དང་། གཞོན་སྐྱེས་རྣམས་ཀྱིས་ལག་ཤེས་སློབ་སྦྱོང་དང་སྦྱོང་བརྡར་བྱེད་དགོས་པ། གཞིས་ཆགས་སུ་ཚོང་ལས་ཀྱི་ལས་འཆར་གསར་པ་བརྩམ་རྒྱུ་དང་། ཚོང་ལས་དེ་དག་ཀྱང་ཕུགས་འཕེལ་དང་སྤྱི་སྒེར་ཚང་མར་ཕན་རླབས་ཇི་ཙམ་ཡོད་མེད་སོགས་ཀྱི་ཐད་ཉམས་ཞིབ་དང་བསམ་བློ་ཡག་པོ་གཏོང་དགོས་པ། ལས་འཆར་ཡག་པོ་ཡོད་ཚེ་བོད་མིའི་སྒྲིག་འཛུགས་ནས་བུན་གཡར་སོགས་གནང་རྒྱུའི་དགོངས་པ་ཡོད་ཚུལ་སོགས་གསུངས་ཡོད་འདུག དེ་བཞིན་སྲིད་སྐྱོང་མཆོག་ནས་གཞིས་མི་བྱིངས་ལ་གསུང་བཤད་གནང་སྐབས། གཞིས་མི་རྣམས་ལ་དགུན་དུས་སུད་ཚོང་སྐབས་ཚོང་སའི་དཀའ་ངལ་དང་། དེ་བཞིན་ཕྲུ་གུ་རྣམས་ལ་སྐྱབས་བཅོལ་ལག་དེབ་གསར་བཟོའི་དཀའ་ངལ་སེལ་ཐབས་དང་། ཚོང་ས་ཐོབ་ཐབས་སུ་ལྡི་ལིར་ཡོད་པའི་འཕགས་བོད་འབྲེལ་མཐུད་ལས་ཁུངས་སུ་ཆེད་མངགས་ལས་བྱེད་བཀོད་སྒྲིག་གནང་རྒྱུ་ཡིན་པ་སོགས་ཀྱི་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་སྲིད་སྐྱོང་མཆོག་གིས་སཾ་བྷོ་ཊའི་སློབ་གྲྭར་གཟིགས་ཞིབ་གནང་རྗེས་མང་ཚོགས་དང་ལྷན་དུ་དྲི་བ་དྲིས་ལན་ཞུ་སྐབས། སྤྱི་ཡོངས་ནས་འདས་པའི་ཟླ་བ་ ༡༠ རིང་གི་བཀའ་ཤག་གིས་ལས་དོན་ཅི་གནང་དང་། ལྷག་པར་དུ་བོད་རྒྱ་གྲོས་མོལ་ཆེད་གཏན་འཇགས་ཐབས་ཇུས་ཚོགས་ཆུང་བཙུགས་པ་དང་། སྒྲིག་འཛུགས་ཀྱི་དབུས་སའི་ལས་བྱེད་ཀྱི་ས་མིག་སྒྲོམ་གཞི་ལ་བསྐྱར་སྒྲིག་གནང་ཡོད་པའི་སྐོར་གསུངས་འདུག་ལ། རྒྱ་གར་གཞུང་མང་གཉིས་ནི་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། གཞིས་མི་རྣམས་ནས་དུས་རྒྱུན་དུ་ཡུལ་མི་དང་ལྷན་འཆམ་མཐུན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རྣམས་ལ་མཚོན་ན་བཀའ་དྲིན་ཤིན་ཏུ་ཆེན་པོ་ཡིན་སྟབས། མགོན་པོ་གང་ཉིད་མཆོག་གི་དགོངས་གཞི་དང་ལམ་སྟོན་འོག་བོད་མི་ཚང་མས་ཤར་བསྐྱོད་གནང་དགོས་པའི་གལ་གནད་སྐོར་གསུངས་ཡོད་འདུག

སྤྱིར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་འཁུར་ཞུས་རྗེས། ཐོག་མར་ལ་དྭགས་ཁུལ་དང་། དེའི་རྗེས་ཀ་རྡོར་སྒང་གསུམ། ཨུ་ཏྲ་ཁན་ཌི་ཁུལ་གྱི་བོད་མིའི་གཞིས་ཆགས་བཅས་སུ་གཟིགས་སྐོར་གནང་ཟིན་ཡོད་པ་དང་། ད་ལྟའི་ཆར་ཨོ་རི་ས་དང་། མན་སྤར། བྷན་རྡ་ར་བཅས་སུ་གཟིགས་སྐོར་གནང་གི་ཡོད་ཅིང་། རིང་མིན་ཕྱི་ཟླ་དྲུག་པ་ནང་ཚུད་ལ་རྒྱ་གར་བྱང་ཤར་ཁུལ་གྱི་བོད་མིའི་གཞིས་ཆགས་དང་། ལྷོ་ཕྱོགས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་བཅས་ལ་གཟིགས་སྐོར་གནང་འཆར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese