མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་གཞུང་འཁྲབ་སྟོན་པ་ཚོས་བོད་ཀྱི་རིག་གཞུང་དར་སྤེལ་ཐད་ཞབས་འདེགས་རླབས་ཆེན་བཞག་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༢/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པའི་ཉིན་མཐའ་མར་སྐུ་མགྲོན་གཙོ་བོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ནས་ལྷ་མོ་ཚོགས་པ་ཁག་དང་གཞོན་སྐྱེས་རྣམས་ཀྱིས་ཆ་ཤས་བཞེས་ཐུབ་ན་ཏན་ཏན་མ་འོངས་པར་ང་ཚོའི་རིག་གཞུང་དར་སྤེལ་དང་མུ་མཐུད་གནས་ཐུབ་རྒྱུར་ཁྱད་པར་བཟོ་ངེས་ཡིན་སྐོར་གསུངས་སོང་།

དེ་རིང་བཞུགས་སྒར་དྷ་རམ་ས་ལར་འདས་པའི་ཉིན་གྲངས་ ༨ རིང་འཚོགས་པའི་བོད་ཀྱི་ཞོ་སྟོན་ཐེངས་ ༢༥ པའི་ཉིན་མཐའ་མར་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་གཟིགས་འབུལ་ཞུས་པའི་ཐོག སྐུ་མགྲོན་གྱི་གཙོ་བོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཕེབས་ཏེ། ལྷ་མོ་ཚོགས་པ་རྣམས་ཀྱིས་དཀའ་ངལ་ཁྱད་བསད་ཀྱིས་ལྷ་གཞུང་འཁྲབ་སྟོན་གནང་བ་དེ་བོད་ཀྱི་རིག་གཞུང་དར་སྤེལ་ཐད་ཞབས་འདེགས་རླབས་ཆེན་བཞག་ཡོད་སྐོར་གསུངས་སོང་།

དེ་ཡང་སྐུ་མགྲོན་གཙོ་བོ་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསར་འགོད་པར་ཞོ་སྟོན་དང་འབྲེལ་ནས། ད་ལན་ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོའི་ཚོགས་པ་རྣམས་དངོས་ནས་སྐུ་ལས་ཆེན་པོ་ཡོད་རེད་དེ། འདི་ལ་དཀའ་ངལ་ཁྱད་དུ་བསད་ནས་ང་ཚོའི་རིག་གཞུང་ལ་ཞབས་འདེགས་ཆེན་པོ་ཆགས་ཡོད་རེད་བསམ་གྱི་འདུག ཐེངས་འདིར་མཉམ་ཞུགས་བྱེད་མཁན་གཞོན་སྐྱེས་ཧ་ཅང་མང་པོ་འདུག དེ་ཚོའི་ཐོག་ནས་མ་འོངས་པར་ང་ཚོའི་རིག་གཞུང་དང་ལྷག་པར་དུ་རྣམ་ཐར་དང་ཟློས་གར་གྱི་རིག་གཞུང་མུ་མཐུད་གནས་ཐུབ་པའི་སྙིང་སྟོབས་གསར་པ་ཞིག་མཚོན་གྱི་ཡོད་པ་རེད། བོད་ནང་རྒྱ་ནག་གཞུང་གིས་ཆོས་དང་རིག་གཞུང་རྣམས་འཆར་གཞི་དང་ལྡན་པའི་ཐོག་ནས་རྩ་མེད་བཟོ་རྒྱུ་དང་། ལྷག་པར་དུ་བོད་ཀྱི་རིག་གཞུང་རྣམས་རྒྱ་ནག་གི་རིག་གཞུང་གི་ངོ་བོར་སྒྱུར་ཐབས་བྱེད་བཞིན་པའི་རྣམ་པ་ཐོན་གྱི་འདུག དེར་བརྟེན་ང་ཚོ་བཙན་བྱོལ་ནང་དུས་ནས་དུས་སུ་ཞོ་སྟོན་འཚོག་ཐུབ་རྒྱུ་དང་། དེའི་ནང་ལྷ་མོ་ཚོགས་པ་ཁག་དང་གཞོན་སྐྱེས་རྣམས་ཀྱིས་ཆ་ཤས་བཞེས་ཐུབ་ན། ཏན་ཏན་མ་འོངས་པར་ང་ཚོའི་རིག་གཞུང་དར་སྤེལ་དང་མུ་མཐུད་གནས་ཐུབ་རྒྱུར་ཁྱད་པར་བཟོ་ངེས་ཡིན་པ་རེད། ཅེས་གསུངས་སོང་།

ཡང་ཚོགས་གཙོ་མཆོག་གིས། འདི་ལོའི་ལྷ་མོ་འཁྲག་སྟོན་པ་ཁག་ཅིག་མ་གཏོགས་མང་ཆེ་བ་མི་རབས་རྒན་པ་ཆགས་ཡོད་པ་དང་། མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་པ་ཞིག་ཡིན་པ་དང་། ལྷ་མོའི་རིག་གཞུང་འཁྲབ་པར་ལུས་ངག་གི་གར་དང་རྣམ་འགྱུར། ཕྱག་རྒྱ་སོགས་ལ་སྦྱངས་པ་མི་དམན་པ་ཞིག་དགོས་ཀྱི་ཡོད་པར་བརྟེན། ད་ལན་འཁྲབ་སྟོན་པ་རྣམ་པས་དངོས་སུ་འཁྲབ་སྟོན་བྱེད་ཐུབ་པ་དེ་ནི་བོད་ཀྱི་རིག་གཞུང་ལ་ཞབས་འདེགས་རླབས་ཆེན་ཞིག་བཞག་ཡོད་པ་དང་། མ་འོངས་པར་མུ་མཐུད་ནས་སེམས་ཤུགས་མ་ཆག་པར་རང་གི་རིག་གཞུང་དར་སྤེལ་གནང་ཐུབ་པ་དགོས་སྐོར་གསུངས་སོང་།

འདི་ལོའི་ཞོ་སྟོན་ཐོག་བོད་ཀྱི་ཟློས་གར་ཚོགས་པ་ཚུད་པའི་ལྷ་མོའི་ཚོགས་པ་བརྒྱད་མཉམ་ཞུགས་ཐུབ་ཡོད་ཅིང་། ཞོ་སྟོན་གྱི་ཉིན་དང་པོར་༧སྐྱབས་རྗེ་ཡོངས་འཛིན་མཆོག་སྤྲུལ་གླིང་རིན་པོ་ཆེ་མཆོག་གིས་གཙོས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་ཨ་རུ་ན་ཅལ་མངའ་སྡེའི་རིག་གཞུང་འགན་འཛིན་བཅས་ཕེབས་ཏེ། ལྷ་མོ་ཚོགས་པ་ཁག་གིས་ལྷ་གཞུང་བསྡུས་པ་རེ་གཟིགས་ཕུད་ཞུས་ཡོད་པ་རེད། འདི་ལོར་མ་སུ་རི་བོད་ཁྱིམ་སློབ་གྲྭས་ལྷ་གཞུང་ཁྱེའུ་པདྨ་འོད་འབར་དང་། པོན་ཊ་ལྷ་མོ་ཚོགས་པས་ལྷ་གཞུང་གཟུགས་ཀྱི་ཉི་མ། ཨ་རི་ནས་ལྕགས་ཟམ་པ་བོད་ཀྱི་ལྷ་མོའི་གླུ་གར་ཚོགས་པས་ལྷ་གཞུང་ཆོས་རྒྱལ་ནོར་བཟང་། ཀ་སྦུག་བོད་མིའི་ལྷ་མོ་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ། བྷན་རྡ་ར་ལྷ་མོའི་ཚོགས་པས་ལྷ་གཞུང་འགྲོ་བ་བཟང་མོ། ཀོ་ལི་གྷལ་ལྷ་མོ་ཚོགས་པས་ལྷ་གཞུང་གཅུང་པོ་དོན་ཡོད་དོན་གྲུབ། དེ་བཞིན་བལ་ཡུལ་བོད་ཀྱི་ལྷ་མོ་ཚོགས་པས་ལྷ་གཞུང་སྣང་ས་འོད་འབུམ་བཅས་གཟིགས་འབུལ་ཞུས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཐེག་ཆེན་གཙུག་ལག་ཁང་གི་ཆོས་རའི་ནང་དུ་ལྷ་མོའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་བཀའ་སློབ་གནང་སྐབས། ང་ཚོ་བཙན་བྱོལ་བ་རེད་དེ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ་དག་དམ་འཛིན་བྱེད་ཀྱི་ཡོད་རེད། དེར་བརྟེན་ང་ཚོའི་ཟློས་གར་ནི་བོད་པའི་རིག་གཞུང་གི་ཆ་ཤས་ཆགས་ཀྱི་ཡོད་རེད། ང་ཚོས་རྒྱ་མི་ལ་འཁྲུག་པ་བརྒྱབ་ནས་ཡོང་ཐུབ་རྒྱུ་ཡོད་མ་རེད། ང་ཚོ་ལ་དགོས་པ་དེ་རང་སྐྱོང་མིང་དོན་མཚུངས་པ་ཞིག་དང་བོད་ཀྱི་སྐད་ཡིག་གཙོ་བོར་གྱུར་བའི་བོད་པའི་རིག་གཞུང་དེ་དག་བོད་པས་བདག་པོ་ཆ་ཚང་བརྒྱག་ཐུབ་དགོས་ཀྱི་ཡོད་རེད། ཅེས་དང་། དེ་རོང་ཁྱེད་རང་ཚོས་རྣམ་ཐར་བཏང་བ་དང་ངོས་རང་ཆུང་དུས་སྐབས་ཀྱི་ཞོ་སྟོན་གྱི་ཚོར་བ་དེ་བསླེབས་སོང་ཞེས་སོགས་བཀའ་སྩལ་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese