མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞུགས་སྒར་དུ་གནམ་གཤིས་འགྱུར་ལྡོག་སྐོར་གྱི་བགྲོ་གླེང་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ་ཉིན་གསུམ་རིང་གོ་ལ་སྤྱི་དང་དམིགས་བསལ་ཧི་མ་ལ་ཡའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་འདུག

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ སྟེང་ནས་ཉིན་གསུམ་རིང་དྷ་ས་བོད་ཀྱི་ནོར་བུ་གསོལ་མགྲོན་ཁང་དུ། ལ་དྭགས་ཀྱི་ཇུས་འགོད་པ་དང་ཁོར་ཡུག་སྲུང་སྐྱོབ་པ་གྲགས་ཅན་བསོད་ནམས་དབང་ཕྱུག་ལགས་ཀྱི་གཙོས་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཁག་ཅིག་གིས། མ་འོངས་པའི་ཆེད་དུ་གྲོས་མོལ་ཞེས་གོ་ལའི་གནམ་གཤིས་ཚ་དྲོད་དོ་སྙོམས་དང་སྲུང་སྐྱོབ་དགོས་སྐོར་གྱི་ཚོགས་འདུ་ཞིག་དབུ་འཛུགས་ཞུས་སོང་བ་དང་། ཚོགས་འདུའི་སྟེང་བསོད་ནམས་དབང་ཕྱུག་ལགས་དང་ཁོང་གི་ལས་རོགས་ཁོར་ཡུག་སྲུང་སྐྱོབ་པ་ཁག་ཅིག་གིས། འཛམ་གླིང་གི་རི་མཐོ་ཤོས་ཀྱི་གྲས་སུ་གྱུར་བའི་ལ་དྭགས་ཀྱི་མཁར་གདོང་ལ་ནས། བཞུགས་སྒར་དྷ་སའི་བར་འཁྱགས་རྡོག་ཁག་ཅིག་ཁུར་ཡོང་ནས། ༧གོང་ས་མཆོག་ལ་གཟིགས་འབུལ་ཞུ་བ་བརྒྱུད། གནམ་གཤིས་ཚ་དྲོད་ཇེ་ཆེར་ཕྱིན་རྐྱེན་འོག འཛམ་གླིང་སྤྱི་དང་བྱེ་བྲག་མགྱོགས་མྱུར་ཞི་བཞིན་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་འཁྱགས་རོམ་སྐོར་གླེང་སློང་བྱ་རྒྱུ་ཡིན་པ་རེད།

དེ་ཡང་ཉིན་གསུམ་རིང་གི་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དགོས་སྐོར་གྱི་བགྲོ་གླེང་དེར། བརྗོད་གཞི་ཆེན་པོ་གསུམ་ཡོད་པ་དག་ནི། མི་སྒེར་ཞིག་གི་གོ་ལའི་གནམ་ཚ་དྲོད་སྲུང་སྐྱོབ་ཀྱི་འོས་འགན་དང་གོ་ལའི་ལམ་སྲོལ་སྲུང་སྐྱོབ། འཕྲུལ་ཆས་དང་ཚོང་། གོ་ལའི་སྣེ་གསུམ་པའི་གལ་གནད་བཅས་ཡིན་པ་དང་། བགྲོ་གླེང་སྟེང་བསོད་ནམས་དབང་ཕྱུག་ལགས་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁན་ཡ་ (Kenya) ནས་ཡིན་པའི་ཁོར་ཡུག་ལས་འགུལ་བ་གྲགས་ཅན་ (Elizabeth Wathuti)། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་ལས་ཁུངས་ཀྱི་འགན་འཛིན་བཀྲས་མཐོང་དབང་པོ་ལགས། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡོག་བློན་ཆེན་ཟུར་པ་ Martin Bursik ལགས་དང་རྩོམ་པ་པོ་ (Kim Stanley Robinson) སོགས་ནས་ཉམས་ཞུགས་གནང་གི་འདུག

ཐེངས་འདིའི་བགྲོ་གླེང་དེ་ནི་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། ཅེག་བོད་དོན་རྒྱབ་སྐྱོར་ཚོགས་པ།  ཨི་ཊ་ལི་ཡའི་ཁོར་ཡུག་སྲུང་སྐྱོབ་ཉམས་ཞིབ་ཁང་(Eurac Research) བཅས་ཀྱིས་གོ་སྒྲིག་གནང་གི་འདུག་ཅིང་། བགྲོ་གླེང་གི་ཡུལ་དངོས་སུ་ཁོར་ཡུག་དང་འབྲེལ་བའི་ཆེད་མཁས་པ་དང་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་ ༢༠ ལྷག་དང་། དྲ་ལམ་ཐད་གཏོང་བརྒྱུད་འཛམ་གླིང་གི་ཡུལ་ལུང་འདྲ་མིན་ནས་ཁོར་ཡུག་གི་ལས་འགུལ་བ་དང་ཉམས་ཞིབ་པ་སོགས་ཁྱོན་མི་གྲངས་ ༡༠༠༠ ཡས་མས་ཙམ་ནས་མཉམ་ཞུགས་གནང་གི་ཡོད་པ་རེད།

སང་ཉིན་ཕྱི་ཚེས་ ༢༢ ཉིན་གོ་ལའི་ཉིན་མོ་དང་བསྟུན་བགྲོ་གླེང་གི་ཚོགས་བཅར་བ་ཡོངས་ནས་མཁར་གདོང་ལ་ནས་ཁུར་ཡོང་བའི་འཁྱགས་རྡོག་དེ་དག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་གཟིགས་འབུལ་ཞུས་པ་དང་བསྟུན། ༧གོང་ས་མཆོག་དང་ལྷན་དུ་མི་སྒེར་ཞིག་གི་གོ་ལའི་གནམ་ཚ་དྲོད་སྲུང་སྐྱོབ་ཀྱི་འགན་ག་འདྲ་ཡོད་མེད་ཀྱི་སྐོར་ནས་དྲི་བ་དྲིས་ལན་ཞུ་གཏན་འཁེལ་འདུག་པ་དང་། དེ་རིང་དགོངས་མོར་ཚོགས་བཅར་བ་རྣམས་ནོར་བུ་གསོལ་མགྲོན་ཁང་དུ། དགའ་ལྡན་ཕོ་བྲང་གི་འབྲེལ་ཡོད་ལས་བྱེད་ཀྱི་གཟིགས་རྟོག་དང་བདེ་ལེགས་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་ཁག་ཅིག་གིས་ཏོག་དབྱིབས་གཉན་རིམས་ཀྱི་བརྟག་དཔྱད་གནང་སོང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧སྐུའི་འཁྲུངས་སྐར་དུས་ཆེན་སྲུང་གཙིའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་གོ་གཅིག་ཕེབས་པར་འཚམས་འདྲི་ཞུ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

༢༠༢༦/༠༧/༠༥
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese