མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་བྱང་ཨ་རིའི་ནང་འཚམས་གཟིགས་ཐེངས་དང་པོ་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༢/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་ཟླ་ ༥ ཚེས་ ༡༢ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གཙོ་བོར་གྱུར་བའི་ཨ་རིའི་ནང་གི་བོད་མིའི་འདུས་སྡོད་ཁུལ་དང་ཁེ་ན་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་ཐེངས་དང་པོ་དབུ་འཛུགས་གནང་ཡོད་པ་རེད།

ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་ཕེ་ལོ་སི་མཆོག་ནས་མགྲོན་འབོད་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་སྐུ་ཚབ་དོན་གཅོད་འབུམ་རམས་པ་རྣམ་རྒྱལ་མཆོག་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་བུ་ཆུང་ཚེ་རིང་ལགས་སོགས་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་འདུག་ལ། སྲིད་སྐྱོང་མཆོག་གི་ཨ་རིའི་ནང་གི་འཚམས་གཟིགས་ཐེངས་དང་པོའི་ཁྲོད་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སེ་ཕི་ལོ་སི་མཆོག་དང་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག དེ་བཞིན་ཨ་རིའི་གཞུང་ནས་བསྐོ་བཞག་གནང་བའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨུ་ཛི་ར་ཛི་ཡ་ལགས་སོགས་དང་མཇལ་མོལ་གྱིས་མ་འོངས་པར་མཉམ་འབྲེལ་ཕྱག་ལས་གནང་ཕྱོགས་ཐོག་གོ་བསྡུར་གནང་རྒྱུ་དང་། དེ་བཞིན་ཨ་རིའི་ཉམས་ཞིབ་ལྟེ་གནས་ཁང་ཁག་ཅིག་དང་མཐོ་སློབ་ནང་བོད་དོན་གསུང་བཤད་གནང་རྒྱུ་འདུག

དེ་བཞིན་༧པཎ་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་ ༣༣ ཕེབས་པའི་འཁྲུངས་སྐར་དང་བསྟུན་གནད་ཡོད་མི་སྣ་འཛོམས་པའི་མཛད་སྒོ་འཚོག་སྟེ་རིན་པོ་ཆེ་མཆོག་ཀློད་གྲོལ་འཐོབ་ཐབས་སྐོར་ལ་ཞུ་གཏུག་གནང་རྒྱུ་དང་། བོད་རིགས་སྤྱི་མཐུན་ཚོགས་པ་གང་མང་མང་ལ་ཐུག་འཕྲད་གནང་འཆར་ཡོད་པ་ལྟར། དེ་སྔོན་སྲིད་སྐྱོང་མཆོག་དོན་གཅོད་ཡིན་སྐབས་ཕེབས་མ་ཐུབ་པའི་ཧྥེ་ལོ་ཌོ་ཧྥི་ཡའི་ནང་གི་བོད་མི་ཚོར་ཐུག་འཕྲད་གནང་རྒྱུ་དང་། དེ་ནས་ནེའུ་ཡོག་ཏུ་བོད་རིགས་མི་མང་ལ་ཐུག་འཕྲད་དང་རྒྱ་རིགས་ཤེས་ཡོན་ཅན་ལ་ཐུག་འཕྲད་སོགས་ཀྱི་ཨ་རིའི་ནང་གི་ལས་རིམ་རྣམས་གྲུབ་རྗེས། ཁ་ན་ཌའི་ཨོ་ཊོ་ཝ་དང་ཊོ་རིན་ཊོ་སོགས་སུ་ཕེབས་ཏེ་ས་གནས་གྲོས་ཚོགས་འཐུས་མིར་མཇལ་མོལ་དང་མི་མང་ལ་ཐུག་འཕྲད་སོགས་གནང་འཆར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནས་ཚེས་ ༢༤ བར་སྲིད་སྐྱོང་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། སྲིད་སྐྱོང་མཆོག་གི་སྒེར་དྲུང་བསྟན་འཛིན་གསལ་སྒྲོན་ལགས་བཅས་ཇར་མ་ནིའི་གྲོང་ཁྱེར་ (Frankfurt) ནང་ཕེབས་ཏེ། བསམ་མཛོད་བསྟི་གནས་ཀྱི་མཁས་པའི་ཚོགས་འདུར་མཉམ་ཞུགས་གནང་ཡོད་པ་དང་། དེ་བཞིན་ཇར་མ་ནིའི་གསར་འགོད་པ་དང་མཇལ་འཕྲད། དེ་བཞིན་ (Frankfurt) བོད་ཁང་དུ་ས་གནས་བོད་རིགས་མང་ཚོགས་དང་མཇལ་འཕྲད་དང་གསུང་བཤད་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་སྲིད་སྐྱོང་མཆོག་གིས་ཇར་མ་ནཱིའི་གྲོང་ཁྱེར་ (Frankfurt) ཁུལ་གྱི་བོད་རིགས་རྣམས་ལ་གསུང་བཤད་དང་དྲི་བར་ལན་འདེབས་གནང་སྐབས། སྲིད་སྐྱོང་སྤེན་མཆོག་གིས། ང་ཚོའི་ལས་གཞི་གསར་པ་ཞིག་ནི་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་ཡིན་པ་དང་། ང་ཚོས་གདོང་ལེན་བྱེད་དགོས་པ་མང་པོ་འདུག གཞིས་ཆགས་ཁག་གི་ནང་མི་ཉུང་དུ་འགྲོ་བཞིན་ཡོད་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་བོད་མི་མང་དུ་འགྲོ་བཞིན་ཡོད་པ་རེད། ང་ཚོས་གདོང་ལེན་བྱེད་དགོས་པ་རྣམས་གོ་སྐབས་ལ་བསྒྱུར་ནས་ལས་ཀ་ཇི་ལྟར་བྱེད་དགོས་ཀྱི་ཡོད་པའི་སྐོར་བསམ་བློ་གཏོང་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེར་བརྟེན་བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་ཞེས་མགོ་བཙུགས་ཀྱི་ཡོད་པ་རེད། ཅེས་དང་། གོ་ཐོས་ལ་ (Frankfurt) ནས་བོད་རིགས་ཁ་ཤས་ཀྱིས་ཐོ་བརྒྱབ་འདུག་ལ་གང་མང་ཡོང་ཐབས་གནང་དགོས་ཀྱི་འདུག ལྷག་པར་དུ་བོད་རིགས་གཞོན་སྐྱེས་ཚོས་སྣེ་ཁྲིད་ཐུབ་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ནས་བསྐོ་མི་དགོས་པར་བོད་རིགས་ནང་ཁུལ་ནས་འགོ་ཁྲིད་འཐོན་ཐུབ་པ་དང་། འགོ་ཁྲིད་དེ་དག་གིས་མ་འོངས་པར་རྒྱལ་སྤྱིའི་ངོ་བོའི་ཐོག་ནས་ཚོགས་འདུ་རྒྱ་ཆེ་བ་དེ་འདྲ་འཚོགས་དགོས་ཀྱི་འདུག ང་ཚོའི་དམིགས་ཡུལ་བསྒྲུབ་པར་གཞོན་སྐྱེས་ཚོར་ཐབས་ཤེས་མི་འདྲ་བ་ཏན་ཏན་ཡོད་པ་རེད་བསམ་གྱི་ཡོད། དེར་བརྟེན་བོད་དོན་དང་བླངས་ཞུ་གཏུག་ནང་བོད་མི་གང་མང་མཉམ་ཞུགས་གནང་སྟེ་ལུང་པ་རེ་རེ་ནས་ཤུགས་བརྒྱབ་ཐུབ་པ་དང་། ཤུགས་རྒྱག་སྟངས་དེ་རྒྱུན་ལྡན་ནང་བཞིན་ཡོད་ཚད་ཚང་མར་བསྙབ་ཐུབ་རྒྱུའི་ཐབས་ཤེས་མ་ཡིན་པར་བོད་དོན་དང་འབྲེལ་བའི་ཐོག་ནས་ཐབས་ཤེས་བཏང་ནས་ནུས་པ་ཕྲན་བུ་ཡོད་པ་དེ་སྤྲུངས་དགོས་སྐོར་སོགས་གསུངས་ཡོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་ལས་གསར་འགོད་པ་བསྟན་འཛིན་ཕུར་བུས་བཏུས།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese