མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་བོད་ནང་ངེས་པར་དུ་ཕེབས་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༠༤/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་སྔ་མ་རྣམས་དང་མི་འདྲ་བར་ད་ལྟའི་ཚོགས་གཙོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་གི་མེད་པ་དེར་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་མི་ཤེལ་བྷ་ཆི་ལེ་ཊི་ (Michelle Bachelet) ལགས་རིང་མིན་ཕྱི་ཟླ་ ༥ པའི་ནང་རྒྱ་ནག་གི་བཙན་འཛུལ་འོག་ཡོད་པའི་ཤར་ཊུར་ཀི་སི་ཐན་(ཤིན་ཅང་) ནང་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་གཏན་འཁེལ་ཡོད་པ་ལྟར། ཐེངས་འདིའི་གཟིགས་སྐོར་ལ་གྲ་སྒྲིག་ཆེད་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱལ་ཚོགས་ཀྱི་ལས་བྱེད་སྐོར་ཞིག་རྒྱ་ནག་ལ་འབྱོར་ཟིན་ཡོད་སྟབས། ཁ་སང་ཕྱི་ཚེས་ ༢༩ ཉིན་བོད་མིའི་སྒྲིག་འཛུགས་ངོས་ནས་བསྐྱར་དུ་ལྕམ་སྐུ་ལགས་ངེས་པར་དུ་བོད་ནང་ཕེབས་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་སྤེལ་བའི་རེ་སྐུལ་ཞུ་ཡིག་དེའི་ནང་ཕྱི་སྲིད་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། ང་ཚོའི་ངོས་ནས་དེ་སྔ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་སྐུ་མི་ཤེལེ་བྷཤེ་ལེཌི་མཆོག་ལ་བོད་ནང་ངེས་པར་གཟིགས་སྐོར་དུ་ཕེབས་དགོས་པའི་ཞུ་ཡིག་ཅིག་ཕུལ་ཡོད་ཀྱང་ད་བར་ལྕམ་སྐུ་མཆོག་གིས་བརྡ་ལན་ཁ་གསལ་ཞིག་གནང་མེད་སྟབས། ང་ཚོས་ཧ་ཅང་སེམས་འཚབ་བྱེད་ཀྱི་ཡོད། ད་ལྟའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དེ་སྔའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་རྣམ་པ་ནང་བཞིན་མ་ཡིན་པར་རྒྱ་ནག་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གླེང་སློང་གནང་གི་མེད་པས། ང་ཚོས་ཧ་ཅང་སེམས་འཚབ་བྱེད་ཀྱི་ཡོད། ཅེས་གསུངས་འདུག

གཞན་ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་ཁུངས་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་རྟོག་ཞིབ་དང་། དེ་བཞིན་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་དྲག་གནོན་གྱི་དཀའ་ངལ་སེལ་རྒྱུའི་འགན་འཁུར་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་སྔར་ལས་ལྷག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་། དེ་བཞིན་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གི་ཆེད་དུ་བཟང་ཕྱོགས་ཀྱི་བརྡ་ལན་དང་རེ་བ་ཞིག་ངེས་པར་བསྐྲུན་དགོས། དེར་བརྟེན་ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་འབྱུང་འགྱུར་གྱི་གཟིགས་སྐོར་སྐབས་བོད་ཚུད་པའི་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་གི་ནང་ངེས་པར་གཟིགས་སྐོར་དུ་ཕེབས་རྒྱུའི་རེ་སྐུལ་སླར་ཡང་ནན་ཏན་དུ་ཞུ་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་འབོད་སྐུལ་ཞུ་ཡིག་ནང་། བོད་མིའི་སྒྲིག་འཛུགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ཤར་ཏུར་ཀི་སི་ཐན་ནང་ཆེད་ཕེབས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྟོག་ཞིབ་དང་། ཡུ་གུར་མི་མང་གི་དཀའ་ངལ་ངོ་མ་གང་ཡིན་སེལ་ཐབས་གནང་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད་ལ། ཡུ་གུར་ནང་གི་ཛ་དྲག་གི་གནས་སྟངས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཤུགས་ཆེ་གནང་དགོས། འབྱུང་འགྱུར་གྱི་གཟིགས་སྐོར་སྐབས་ལྕམ་སྐུ་མཆོག་གིས་རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་སྤེལ་བཞིན་པའི་ཉེན་ཁ་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་རྣམས་སེལ་ཐབས་གནང་དགོས། རྒྱ་ནག་གཞུང་གིས་ཁྲིམས་འགལ་ཐོག་བོད་ནང་དབང་བསྒྱུར་བྱས་པ་ནས་བཟུང་ད་བར་ནོར་འཁྲུལ་ཅན་གྱི་སྲིད་བྱུས་རིམ་པ་ཁག་ལག་བསྟར་བྱས་ཏེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་གི་ཡོད། ལྷག་པར་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱས་དང་བྱེད་བཞིན་ཡོད་སྟབས། ད་བར་བོད་མི་གྲངས་ ༡༥༨ ལྷག་གིས་རང་ལུས་མེར་སྲེག་བཏང་སྟེ་བོད་ནང་རང་དབང་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་ཞེས་ཞི་བའི་སྒོ་ནས་ངོ་རྒོལ་གྱིས་སྐད་འབོད་གནང་ཡོད།

འདི་ལོའི་ཕྱི་ཟླ་ ༡ པོའི་ནང་རྒྱ་ནག་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་མི་ཤལ་བྷ་ཆི་ལེ་ཊི་ལགས་པེ་ཅིན་གྱི་དགུན་དུས་ཨོ་ལིམ་པིག་རྩེད་འགྲན་མཇུག་སྒྲིལ་རྗེས། ཡུ་གུར་ས་ཡ་ ༡ ལྷག་འཛིན་བཟུང་བཀག་བསྐྱིལ་བྱས་ཡོད་པའི་ཤར་ཊུར་ཀི་སི་ཐན་ས་ཁུལ་དུ་ཕེབས་རྒྱུའི་ཆོག་མཆན་སྤྲད་ཡོད་ཀྱང་། རྒྱ་ནག་གཞུང་གིས་སྐོར་སྐྱོད་དེ་ཉིད་གྲོགས་འདྲིས་ཀྱི་རྣམ་པའི་ཐོག་ནས་མ་གཏོགས་རྟོག་ཞིབ་ལྟ་བུའི་ཚུལ་དུ་འགྲེལ་བརྗོད་བྱ་མི་ཆོག་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ངོས་ནས་རེ་སྒུག་ཆེན་པོ་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཤིན་ཅང་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྱི་སྙན་ཐོ་དེ་ཉིད་གནས་སྐབས་ཕྱིར་བཤོལ་དགོས་པའི་རྐྱེན་རྩ་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༥ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese