མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་སྤང་གོང་མཚོའི་ཁུལ་དུ་གཞུང་ལམ་གསར་རྒྱག་བྱེད་མུས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་ཁེལ་བའི་སྤང་གོང་མཚོའི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དམག་ཆས་དབོར་འདྲེན་སོགས་ཀྱི་ཆེད་དུ་ཟམ་པ་བརྒྱབ་ཟིན་པ་མ་ཟད་དེ་ཁུལ་དུ་གཞུང་ལམ་གསར་རྒྱག་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་གསར་རྒྱག་བྱས་པའི་ཟམ་པ།

 འདས་པའི་ལོ་ཤས་ནང་རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་ཤུགས་ཇེ་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད།  ཕྱོགས་གཉིས་ཀས་ས་མཚམས་སུ་གཞུང་ལམ་དང་ཟམ་པ་སོགས་འཛུགས་སྐྲུན་བྱས་ཏེ་བདག་དབང་རྩོད་བཞིན་ཡོད་པ་རེད། ཉེ་སྔོན་འཁོར་སྐར་ལས་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་ཁེལ་བའི་སྤང་གོང་མཚོ་ཡི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དུ་དམག་མི་འགྲོ་འོང་དང་དམག་ཆས་དབོར་འདྲེན་སོགས་ཀྱི་ཆེད་དུ་ཟམ་པ་གསར་རྒྱག་བྱས་ཟིན་ཏེ་སྲུང་དམག་མང་པོ་བཞག་ཡོད་པ་མ་ཟད། ཟམ་པ་དེ་ནས་ས་མཚམས་ཀྱི་གོ་མཚོན་མཛོད་ཁང་ཞིག་གི་བར་གཞུང་ལམ་གསར་རྒྱག་བྱེད་མུས་ཡིན་འདུག

གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདི་ལོའི་ཟླ་ ༡ ནས་སྤང་གོང་མཚོ་ཐོག་དུ་ཟམ་པ་གསར་རྒྱག་བྱེད་མགོ་བཙུགས་ཡོད་ཅིང་། འདི་ལོའི་ཕྱི་ཟླ ༤ པའི་བདུན་ཕྲག་དང་པོའི་ནང་ཡོངས་སུ་གསར་རྒྱག་ཟིན་ཡོད་འདུག ཟམ་པ་དེས་སྤང་གོང་མཚོའི་ནུབ་ཕྱོགས་སུ་ཆགས་པའི་ཁུ་ནག་ནས་རྒྱའི་གོ་མཚོན་མཛོད་ཁང་བར་སྤྱི་ལེ་ ༡༨༠ ཙམ་གྱི་ལམ་ཐག་ཇེ་ཉེར་བཏང་ཡོད་འདུག

རྒྱ་ནག་གཞུང་ནས་སྤང་གོང་མཚོ་ཐོག་ཏུ་ཟམ་པ་འཛུགས་སྐྲུན་བྱས་པ་དེར་རྒྱ་གར་གཞུང་ནས་དམིགས་བསལ་ལན་འདེབས་བྱས་མེད་ཀྱང་། གནད་དོན་དབྱེ་ཞིབ་པ་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་ཧིན་ས་མཚམས་སུ་ཁེལ་བའི་སྤང་གོང་མཚོའི་ཁུལ་དུ་དམག་དོན་དང་འབྲེལ་བའི་འཛུགས་སྐྲུན་གྱི་ལས་གཞི་སྤེལ་དོན་ནི། རྒྱ་དཀར་ནག་གཉིས་བར་ས་མཚམས་རྩོད་རྙོག་བྱུང་ཚེ། ལ་དྭགས་ཀྱི་མཐའ་མཚམས་ས་ཐིག་ (LAC) ཏུ་ཁེལ་བའི་སྤང་གོང་མཚོ་ཡི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དུ། རྒྱ་དམག་འགྲེམས་འཇོག་ཇེ་མགྱོགས་སུ་གཏོང་ཐབས་དང་། དམག་མིར་མཁོ་བའི་མཚོན་ཆ་སོགས་དབོར་འདྲེན་བདེ་བའི་ཆེད་དུ་ཡིན་སྐོར་སོགས་འགྲེལ་བརྗོད་བྱས་འདུག

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་རི་གཤོངས་ (Galwan Valley) སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡི་ཚེ་སྲོག་ཤོར་ཡོད་སྟབས། རྒྱ་དཀར་ནག་གཉིས་ཀྱིས་རང་རང་གི་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དག་སྲུང་སྐྱོབ་ནན་མོ་བྱས་ཏེ། སོ་སོའི་མཐའ་མཚམས་ཀྱི་བདེ་འཇགས་དང་སྲུང་སྐྱོབ་ཀྱི་ཆེད་མཐའ་མཚམས་སུ་འཛུགས་སྐྲུན་དང་མཐའ་མཚམས་དམག་དོན་ཕྱོགས་ཀུན་ནས་ཡར་རྒྱས་སུ་གཏོང་བཞིན་ཡོད་པ་རེད།

གཞན་ཡང་། འདི་ལོའི་ཕྱི་ཟླ་དང་པོའི་ནང་ཨ་རིའི་མཁའ་ལམ་བརྟག་དཔྱད་ (HawkEye 360) ཁང་གི་ཆེད་མཁས་པ་གཉིས་ཀྱིས་མཁའ་ལམ་འཁོར་སྐར་ལས་བརྟག་དཔྱད་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་འབྲུག་གི་ས་མཚམས་ཀྱི་ས་གནས་ཁག་དྲུག་གི་ནང་དུ་ཅ་དངོས་ཉར་ཚགས་བྱེད་སའི་ཁང་པ་ཚུད་པའི་སྡོད་ཁང་མི་འདྲ་བ་ ༢༠༠ ཙམ་འཛུགས་སྐྲུན་བྱེད་མུས་ཡིན་པ་ཤེས་རྟོགས་བྱུང་འདུག

སྤང་གོང་མཚོ་ནི་བོད་ཧིན་ས་མཚམས་སུ་ཆགས་ཡོད་ཅིང་། དེ་ནི་དེང་སྐབས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྩོད་རྙོག་བྱུང་ས་གཙོ་བོ་ཞིག་ཡིན་སྟབས། སྤང་གོང་མཚོའི་ཕ་རོལ་ཚུར་རོལ་ནས་ཕན་ཚུན་ལྟ་སྲུང་དང་དྲག་པོའི་དཔུང་ངོམ་སོགས་བྱས་ཏེ་དམག་དཔུང་འགྲེམས་འཇོག་དང་། བདག་བཟུང་གི་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist