མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ལྷ་ས་ཁུལ་དུ་དོགས་ཟོན་ཞིབ་བཤེར་སྔར་ལྷག་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་གྲོང་ཁྱེར་སོགས་སུ་ཞིབ་བཤེར་ས་ཚིགས་མང་དུ་བཏང་བ་དང་མཁའ་དབྱིངས་ལྟ་ཞིབ་བརྙན་ཆས་(Drone)ཆེད་གཏོང་གིས་ལྟ་རྟོག་དང་ཞིབ་བཤེར་སྔར་ལྷག་བྱེད་བཞིན་འདུག

In Front of Tsuglagkhang in lhasa,Tibet Capital. Photo:Tibettimes

ཟླ་འདིའི་ཕྱི་ཚེས་༡ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་ལྷ་སའི་ཇོ་ཁང་དང་ཕོ་བྲང་པོ་ཏ་ལ། སེ་ར་དགོན་དང་འབྲས་སྤུངས་དགོན་སོགས་ཀྱི་གཞུང་ལམ་གཡས་གཡོན་དུ་ཞིབ་བཤེར་ས་ཚིགས་བཙུགས་ཏེ། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་དོགས་ཟོན་དང་ཞིབ་བཤེར་ནན་པོ་བྱེད་བཞིན་ཡོད་འདུག

ས་གནས་བོད་མི་ཞིག་གིས་འདི་ག་དུས་བབ་ཀྱི་གསར་འགོད་པར། ཉེ་སྔོན་ནས་ལྷ་སའི་ཇོ་ཁང་དང་པོ་ཏ་ལ། སེ་ར་དགོན་པ་དང་འབྲས་སྤུངས་དགོན་པར་འགྲོ་སའི་གཞུང་ལམ་གཡས་གཡོན་དང་། གཞུང་ལམ་གྱི་བཞི་མདོ་གང་སར་ཞིབ་བཤེར་ས་ཚིགས་གཉིས་རེ་བཙུགས་ཏེ། གནས་མཇལ་དང་སྐོར་བར་འགྲོ་མཁན་ཚོའི་ཁ་པར་དང་རྒྱབ་ཁུག་སྔོག་བཤེར་བྱེད་བཞིན་འདུག ད་དུང་བོད་མི་གཉིས་གསུམ་མཉམ་དུ་སོང་ན་ཞིབ་བཤེར་ས་ཚིགས་སུ་བཀག་སྟེ། གང་ནས་ཡོང་བ་དང་གང་དུ་འགྲོ་རྒྱུ་ཡིན་པ། མི་མང་པོ་མཉམ་དུ་འགྲོ་དགོས་དོན་ཅི་ཡིན་སོགས་འདྲི་ཡི་ཡོད་པ་མ་ཟད། དོ་བདག་གི་ཐོབ་ཐང་དཔང་ཡིག་བསྟན་ནས་པར་བཤུས་རེ་སྤྲོད་དགོས་ཀྱི་ཡོད་འདུག ཅེས་བརྗོད་བྱུང་།

ལོ་ལྟར་གསུམ་བཅུའི་དུས་དྲན་དང་༧སྐུའི་འཁྲུངས་སྐར། ཞོ་སྟོན། དགའ་ལྡན་ལྔ་མཆོད། ལོ་སར་སོགས་མི་ཚོགས་འདུ་འཛོམས་ཆེ་བའི་དུས་ཆེན་དང་དུས་དྲན་ཁག་བསླེབ་ལ་ཉེ་བ་དང་བསྟུན། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་དང་བོད་ཁུལ་གཞན་དག་ཏུ་དམ་དྲག་དོགས་ཟོན་སྔར་ལྷག་བྱས་ཏེ། ཞིབ་བཤེར་ས་ཚིགས་མང་པོ་ཆེད་འཛུགས་དང་ཐ་ན་མགྲོན་ཁང་ཟ་ཁང་དང་། དྲ་ཁང་སོགས་སུ་མྱུལ་ཞིབ་བྱེད་བཞིན་པ་དེ་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་ཡོད་འདུག

སྤྱིར་བཏང་དེང་སང་བོད་ཁུལ་གྱི་ས་གནས་མང་པོར་ཏོག་དབྱིབས་གཉན་རིམས་ཀྱིས་འགྲོ་སྐྱོད་བཀག་སྡོམ་བྱས་ཏེ། ས་གནས་མི་མང་དང་ལྷག་པར་དུ་ཕྱི་ནས་ཡོང་མཁན་ལ་བརྟག་དཔྱད་ནན་པོ་བྱེད་བཞིན་ཡོད་པ་མ་ཟད།  ཉེ་སྔོན་བོད་ཁུལ་དུ་ཏོག་དབྱིབས་ནད་པ་ཐོན་པའི་གནས་ཚུལ་ཁག་ཅིག་ཕྱིར་བསྒྲགས་བྱས་ཡོད་པ་དང་བསྟུན།  ཕྱི་ནས་ཡོང་མཁན་མང་པོ་ཞིག་གིས་བརྟག་དཔྱད་དང་ཟུར་བཀག་ཏུ་སྡོད་རྒྱུར་གཡོལ་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་དེ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པའི་ཉེན་བརྡ་བསྒྲགས་འདུག་ལ། ཉེ་སྔོན་ཕྱི་ཟླ་ ༤ པའི་ཟླ་མཇུག་ཏུ་རྒྱ་ནག་ཧྲང་ཧེ་ནས་ཡོང་བའི་བོད་རིགས་ཕོ་མོ་གཉིས་ཉེས་མིང་དེའི་འོག་ནས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

རྒྱ་ནག་ནང་ལོགས་ནས་ཡོང་བའི་ཏོག་དབྱིབས་ནད་རྟགས་ཐོན་པའི་ཡུལ་སྐོར་བ་བོད་ཁུལ་གྱི་ཡུལ་སྐོར་ས་གནས་ཁག་ཏུ་ཕྱིན་ཏེ་མི་མང་པོར་འབྲེལ་འདྲིས་བྱུང་བར་བརྟེན། ས་གནས་སུ་སྒོ་རྒྱ་བསྡམས་པའི་གནས་ཚུལ་མང་པོ་ཡོང་གི་ཡོད་འདུག བོད་ནང་གི་ཐད་གཏོང་ཞིག་གི་ནང་དུ་རྒྱ་མི་ཞིག་ལ་ནད་རྟགས་ཐོན་ཡོད་པ་དང་། རྒྱ་མི་དེ་བོད་རྨ་ཆུ་ས་ཁུལ་སོགས་ས་གནས་ཁག་ཅིག་ཏུ་ཕྱིན་པར་བརྟེན། ཁོ་དང་འབྲེལ་འདྲིས་བྱུང་མཁན་རྩད་གཅོད་ཞིབ་འཇུག་བྱེད་བཞིན་ཡོད་པ་མ་ཟད། བསྐྱར་དུ་སྒོ་རྒྱ་བསྡམ་རྒྱུའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

ས་གནས་གསར་འགོད་པ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist