མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཀོ་རི་ཡའི་ནང་རྒྱལ་ཡོངས་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༢
Share on FacebookShare on TwitterShare on EmailShare on Whatsapp

བྱང་ཀོ་རི་ཡར་སྨན་བཅོས་ལྟ་སྐྱོང་སོགས་ཀྱི་མཐུན་རྐྱེན་ཞན་པོ་ཡོད་པ་མ་ཟད་སྤྱི་ཡོངས་ནས་ཏོག་དབྱིབས་འགོག་ཁབ་བརྒྱབ་མེད་པས་གཉན་རིམས་ཁྱབ་གདལ་དུ་ཕྱིན་ན་གཞུང་མང་གཉིས་ལ་དཀའ་ངལ་ཆེན་པོ་འཕྲད་ཉེན་ཡོད་འདུག

North Korean leader Kim Jong Un, Photo :Korean Central News Agency/Korea News Service via AP

འདས་པའི་ལོ་ ༢ ལྷག་རིང་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱིས་འཛམ་གླིང་ཁྱོན་ཡོངས་ཀྱི་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་གྱོང་གུད་ཆེན་པོ་ཐེབས་ཡོད་པ་ལྟར། དེ་རིང་ཨེ་ཤ་ཡའི་ཤར་ཕྱོགས་སུ་ཆགས་པའི་བྱང་ཀོ་རི་ཡའི་མགོ་འཁྲིད་ཀིམ་ཇུང་ཨན་གྱིས་ཡུལ་དེའི་ནང་ཏོག་དབྱིབས་ནད་འབུའི་ངོ་བོ་འགྱུར་བའི་ཨོ་མི་ཁུ་རོན་འགོས་ཁྱབ་ཀྱི་རྐྱེན་གྱིས་རྒྱལ་ཡོངས་སུ་ཁྱིམ་སྡོད་བཀག་རྒྱ་བསྡམས་ཡོད་པ་དང་།  ད་ལྟའི་ཆར་ནད་པ་ག་ཚོད་ཐོན་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་མེད་ཀྱང་། ཡུལ་དེའི་ནང་སྨན་བཅོས་ཀྱི་སྒྲོམ་གཞི་ཡག་པོ་མེད་པའི་ཁར། རྒྱལ་སྤྱིའི་ཏོག་དབྱིབས་འགོག་ཁབ་ཀྱི་རོགས་རམ་ཡང་དྭང་ལེན་བྱས་མེད་པས་གཉན་རིམས་འགོས་ཁྱབ་འགྲོ་ཉེན་ཆེན་པོ་ཡོད་འདུག

དེ་རིང་བྱང་ཀོ་རི་ཡའི་དབུས་གཞུང་འབྲེལ་གསར་ཁང་( The official Korean Central News Agency ) གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༩ ཉིན་བྱང་ཀོ་རི་ཡའི་རྒྱལ་ས་ཕོང་ཡེང་ ( Pyongyang) གི་ཚ་བ་འཕར་བའི་མི་ཁག་ཅིག་ལ་བརྟག་དཔྱད་བྱས་པ་བརྒྱུད། དེ་དག་ལ་ཏོག་དབྱིབས་ཀྱི་ཨོ་མི་ཁུ་རོན་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྟབས། ཀིམ་ཇུང་ཨན་གྱིས་བྱང་ཀོ་རི་ཡའི་གྲོང་ཁྱེར་ཆ་ཚང་སྒོ་རྒྱ་བསྡམ་དགོས་པ་མ་ཟད། རིམས་ནད་འགོག་སྲུང་གི་སླད་ལས་གནས་གཉེར་མཁན་རྣམས་ཚན་པ་དབྱེ་བགོས་ཀྱིས་ཟུར་བཀག་ཏུ་འདུག་དགོས་པའི་བཀའ་བཏང་ཡོད་འདུག་ལ། ཀིམ་གྱིས་མི་མང་རྣམས་ཀྱི་བློ་སེམས་ཆིག་སྒྲིལ་གྱི་ཐོག་ནས་མཉམ་རུབ་བྱས་ན་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་རྒྱུ་ཡིན་སྐོར་སོགས་བསྒྲགས་ཡོད་ཀྱང་། ཏོག་དབྱིབས་ནད་པའི་གྲངས་འབོར་སོགས་ཕྱིར་བསྒྲགས་བྱས་མེད་པ་རེད་འདུག

འདས་པའི་ལོ་ངོ་གཉིས་ལྷག་གི་ནང་དུ་འཛམ་གླིང་ཤར་ནུབ་ཀུན་ཏུ་ཏོག་དབྱིབས་གཉན་རིམས་ཀྱིས་དཀའ་ངལ་ཧ་ཅང་ཚབས་ཆེན་འཕྲད་ཡོད་ཀྱང་། བྱང་ཀོ་རི་ཡའི་ནང་དུ་ཏོག་དབྱིབས་ནད་པ་གཅིག་ཀྱང་ཐོན་མེད་ཚུལ་དང་། ཡང་ནད་པ་གཅིག་ཐོན་ཡོད་ཀྱང་སྲོག་ཐོག་བཏང་ཡོད་སྐོར་གྱི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་བསླེབས་སོང་། གང་ལྟར་ནམ་རྒྱུན་ནས་ཡུལ་དེའི་ནང་ཕྱི་མི་བཀག་སྡོམ་དང་ནང་མི་འགྲོ་སྐྱོད་ལ་སྟངས་འཛིན་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། རྒྱལ་ཁབ་གཞན་དང་བསྡུར་ན་བྱང་ཀོ་རི་ཡ་ནི་ཏོག་དབྱིབས་འགོས་ཁྱབ་མ་བྱུང་བའི་རྒྱལ་ཁབ་གཅིག་པུ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་མཁན་ཡོད་པ་རེད།

ཨ་རིའི་གསར་འགྱུར་དུས་དེབ་( US News) ཀྱིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་དུ། བྱང་ཀོ་རིའི་ནང་ཏོག་དབྱིབས་འགོས་ཁྱབ་དེ་མཐུན་ཕྱོགས་རྒྱལ་ཁབ་རྒྱ་ནག་ནས་འགོས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་འདུག  འདི་ལོའི་ཟླ་དང་པོའི་ནང་བྱང་ཀོ་རི་ཡའི་གྲོང་ཁྱེར་སི་ནུ་ཇུ(Sinuiju ) དང་རྒྱ་ནག་གི་གྲོང་ཁྱེར་དན་ཏུང་( Dandong)  གྱི་ཚོང་སྒོ་བསྐྱར་དུ་ཕྱེས་ཏེ།  ཡུལ་གཉིས་བར་གྱི་ཚོང་འདྲེན་མགོ་བརྩམས་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༤ ཟླ་དཀྱིལ་ནས་ཡུལ་གཉིས་ཀྱི་མཐའ་མཚམས་སུ་ཁེལ་བའི་རྒྱ་ནག་ལོའོ་ལིན་ ( Liaoning) ཞིང་ཆེན་ནང་གཉན་རིམས་ཁྱབ་གདལ་དུ་ཕྱིན་ཏེ་གནས་སྐབས་ཚོང་འབྲེལ་མཚམས་བཞག་ཡོད་འདུག

འཛམ་གླིང་རྒྱལ་ཁབ་ཁག་གིས་སོ་སོའི་མི་མང་ལ་ཏོག་དབྱིབས་གཉན་རིམས་ཀྱི་འགོག་ཁབ་ཐོབ་རྒྱུར་འབད་བརྩོན་ཆེན་པོ་བྱེད་མུས་ཡིན་ཡང་། བྱང་ཀོ་རི་ཡའི་མི་གྲངས་ས་ཡ་ ༢༦ ལྷག་ལ་འགོག་ཁབ་ཐོབ་མེད་ཀྱང་མངོན་གསལ་དོད་པའི་ངང་ནས་ཨ་རི་སོགས་ནས་ཏོག་དབྱིབས་རིམས་ནད་ཀྱི་འགོག་ཁབ་མཁོ་འདོན་བྱ་རྒྱུའི་རེ་བ་བྱས་མེད་པ་དང་། འདས་པའི་ལོ་གཉིས་ཀྱི་རིང་ལ་འཛམ་གླིང་གི་གསར་འགོད་རང་དབང་སྡུག་ཤོས་གྲས་སུ་གཏོགས་པའི་བྱང་ཀོ་རི་ཡ་དང་ཨེ་རི་ཊི་རི་ཡ་( Eritrea ) གཉིས་ཀྱིས་ཏོག་དབྱིབས་འགོག་ཁབ་བརྒྱབ་མེད་པ་མ་ཟད། འདས་ལོར་བྱང་ཀོ་རི་ཡས་རྒྱལ་སྤྱིའི་ཏོག་དབྱིབས་འགོག་ཁབ་ཀྱི་ལས་གཞིའི་ཁྲོད་ནས་བྱང་ཀོ་རི་ཡར་འགོག་ཁབ་ས་ཡ་ ༣ ཙམ་སྤྲད་པ་བླངས་མེད་པ་དང་།  དེ་བཞིན་ནོ་ཝ་ཝེག་སི་(Novavax) འགོག་ཁབ་འབུམ་ ༢། ༥ ལྷག་སྤྲད་པ་དེའང་དྭང་ལེན་བྱས་མེད་པ་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༩ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese