མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཁུལ་གྱི་ཤེས་ཡོན་སློབ་གསོའི་སྣེ་འཁྲིད་པ་ཚོར་དམ་དྲག་ཆེན་པོ་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༥/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ཤེས་ཡོན་པ་དང་སློབ་གསོའི་སྣེ་འཁྲིད་པ་རྣམས་ལ་དམིགས་བསལ་གྱིས་དམ་དྲག་བྱས་ཏེ་དྲ་ལམ་ནས་ནང་ཆོས་འཆད་འཁྲིད་དང་ཤེས་ཡོན་ལྟེ་གནས་སོགས་ལ་དངོས་སུ་ཕེབས་ཏེ་སློབ་གསོ་ཡར་སྐུལ་གྱི་གསུང་བཤད་གནང་བར་བཀག་སྡོམ་སྟངས་འཛིན་བྱེད་བཞིན་ཡོད་འདུག

བོད་ཀྱི་གྲྭ་བཙུན་ཚོར་དམར་ཤོག་གི་སློབ་གསོ་བཙན་གྱིས་སྤེལ་གྱི་ཡོད་པ། པར་བོད་ནས་འབྱོར།

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་ཁུལ་གྱི་ཤེས་ཡོན་པ་དང་རྩོམ་པ་པོ་ཚོར་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། འདས་ལོའི་ལོ་མཇུག་ཏུ་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་དོན་ཚན་ཆེན་པོ་ལྔ་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབ་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༣ ཡས་མས་ནས་དངོས་སུ་ལག་བསྟར་བྱས་ཡོད་པ་ལྟར། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་ནང་ཆོས་འཆད་འཁྲིད་གནང་མཁན་མཁན་པོ་དང་དགེ་བཤེས། རྩོམ་པ་པོ།  ལྷག་པར་དུ་སློབ་གྲྭ་དང་ཤེས་ཡོན་ལྟེ་གནས་ཁག་ཏུ་གདན་འདྲེན་ཞུ་བཞིན་པའི་སློབ་གསོ་བ་ཆེན་མོ་རྣམས་ལ་དམ་དྲག་དང་དོགས་ཟོན་ཆེན་པོ་བྱེད་བཞིན་ཡོད་འདུག དེའི་ཐད་ཉེ་སྔོན་མཚན་དངོས་སུ་བརྗོད་ན་སྟབས་བདེ་མིན་པའི་བོད་ཁུལ་གྱི་སློབ་གསོ་བ་ཆེན་མོ་མཁན་པོ་ཞིག་གི་ཕྱག་དེབ་ཀྱང་པར་སྐྲུན་བྱེད་དུ་བཅུག་མེད་པ་དང་། དེ་བཞིན། བོད་མཚོ་སྔོན་ཞིང་ཆེན་དང་སི་ཁྲོན་ཕྱོགས་ནས་ཡིན་པའི་དུས་རྒྱུན་དྲ་ལམ་སོགས་ནས་ནང་ཆོས་འཆད་འཁྲིད་དང་གསུང་བཤད་གནང་མཁན་གྲགས་ཅན་ཁག་ཅིག་ཀྱང་དེང་སང་དྲ་ལམ་ནས་གོ་ཐོས་མེད་པར་གྱུར་ཡོད་འདུག

དེའི་ཐད་འདི་ག་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས། དེང་སྐབས་དེ་སྔ་ལྟ་བུ་འཆད་ཁྲིད་རིགས་གོ་ཐོས་གང་ཡང་མེད་པ་ཆགས་ཡོད་པ་མ་ཟད། སྤྱིར་དེང་སང་ཤེས་ཡོན་པ་ཚོར་དམིགས་བསལ་དམ་དྲག་ཡོད་པས། ཉེ་བའི་ལོ་ཤས་དང་བསྡུར་ན་དྲ་ལམ་ཁག་ཏུ་རིག་གནས་དང་ལོ་རྒྱུས་བགྲོ་གླེང་སོགས་བྱེད་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ཡོད་པ་དང་། དེ་དག་ཚང་མ་ཐུག་ས་གཙོ་བོ་སྲིད་གཞུང་གི་ལག་པ་འཆང་གི་ཡོད་པས་ཡིན་སྐོར་བརྗོད་བྱུང་།

འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༠ ཙམ་ལ་རྒྱ་ནག་ཆོས་ལུགས་ལས་དོན་ཁང་ཟེར་བས་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་སྟངས་འཛིན་བྱེད་ཕྱོགས་ཟེར་བའི་དོན་ཚན་ཆེན་པོ་ལྔ་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབ་ཟིན་ཏེ། ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༡ ཉིན་དངོས་སུ་ལག་བསྟར་བྱས་འདུག་ལ། ཁྲིམས་ཡིག་དེའི་ནང་འཕྲིན་སྟེགས་དང་ཟིན་བྲིས། སྐད་འཕྲིན་སོགས་སྤྱི་ཚོགས་དྲ་གནས་སོགས་སུ་ཐད་གཏོང་དང། པར་དང་ཡི་གེ བརྙན་སོགས་ཀྱི་ཐབས་ལམ་བརྒྱུད་ཆོས་ལུགས་རིག་གནས་དང་ཆོས་ལུགས་བྱེད་སྒོའི་རིགས་སོགས་སྤེལ་དགོས་ན་ངེས་པར་དུ་དྲ་ལམ་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་ཁང་ནས་ཆོག་མཆན་དགོས་པ་མ་ཟད། ཆོས་ལུགས་བྱེད་སྒོ་སྤེལ་མཁན་གཙོ་གཉེར་བ་དེ་རྒྱ་ནག་ནང་ལོགས་སུ་གནས་སྡོད་བྱེད་མཁན་དང་ཐོབ་ཐང་ལག་ཁྱེར་ཡོད་པ། ཉུང་མཐར་འདས་པའི་ལོ་ ༣ ནང་ཁྲིམས་འགལ་གྱི་ནག་ཉེས་མེད་པ་ཞིག་ཡིན་དགོས་ཀྱི་འདུག་ལ། ཆོས་ལུགས་བྱེད་སྒོ་སྤེལ་ཆོག་པའི་ཡི་གེ་དེར་ལོ་གསུམ་རེ་ནས་བསྐྱར་ཞིབ་བརྒྱུད་གསར་བཟོ་དགོས་པ་དང་། ཆོག་མཆན་ཐོབ་ཐང་བེད་སྤྱད་དེ་དངུལ་དངོས་བསྡུ་མི་ཆོག་པ་དང་། ཆོས་ལུགས་ཀྱི་སློབ་གླིང་དང་ཆོས་ལུགས་ཚོགས་པ། ཆོས་ལུགས་ཀྱི་བྱེད་སྒོའི་རིགས་སྤེལ་མི་ཆོག་པ་སོགས་བཀོད་ཡོད་པ་རེད།

རྒྱ་ཡིག་རྒྱ་སྐད་ཀྱི་ཆབ་སྲིད་སློབ་གསོ་སྤེལ་བཞིན་པའི་མགོ་ལོག་ཁུལ་གྱི་སློབ་ཆུང་ཞིག པར་བོད་ནས་འདི་ག་གསར་ཁང་དུ་མཁོ་སྤྲོད་གནང་།

གཞན་ཡང་། ཕྱི་ལོ་ ༢༠༢༡ ཟླ་ ༡༢ པའི་ནང་རྒྱ་ནག་རྒྱལ་ཡོངས་དམངས་འཐུས་རྒྱུན་ལས་ཟེར་བ་དེས་མི་རིགས་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཐད་ཀྱི་ཁྲིམས་སྒྲིག་ཁག་ཕྱིར་བསྡུ་བྱས་ཏེ། ཟླ་དེའི་ཕྱི་ཚེས་ ༩ ཉིན་རྒྱ་ནག་ཤེས་རིག་ལྷན་ཁང་གིས་སྤྱི་ཡོངས་ནས་དུས་རབས་གསར་བའི་སྐད་ཡིག་ལས་དོན་གྱི་བསམ་འཆར་ཟེར་བའི་སྲིད་ཇུས་ཤིག་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ།  ཕྱི་ལོ་ ༢༠༢༥ ལོར་རྒྱའི་སྤྱི་སྐད་ཁྱབ་ཚད་རྒྱལ་ཡོངས་ཀྱི་བརྒྱ་ཆ་ ༨༥ ཟིན་དགོས་ཡོད་སྐོར་བསྒྲགས་ཡོད་པ་ལྟར། བོད་ཁུལ་གྱི་བྱིས་གཉོར་ཁང་ནས་བཟུང་བོད་ཡིག་བོད་སྐད་བཤད་མི་ཆོག་པའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། བོད་ཁུལ་གྱི་ཤེས་ཡོན་པ་དང་ཕ་མ། དེ་བཞིན་བོད་རིགས་དགེ་རྒན་མང་པོ་ཞིག་ལ་དཀའ་ངལ་དང་སེམས་ཁྲལ་འཕར་མ་ཞིག་ཡོང་བཞིན་ཡོད་པ་རེད།

དེའི་ཐད་བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་ཡིག་ཐོག་བརྒྱུད་དེང་སྐབས་བོད་སྐད་ཡིག་གི་གནས་སྟངས་ཉིན་རེ་བཞིན་ཉམས་རྒུད་དུ་འགྲོ་བཞིན་པའི་ཁར། སློབ་གྲྭ་དང་དགོན་སྡེ་ཁག་ཏུ་ཤེས་ཡོན་པ་ཚོས་གང་བསམ་གྱིས་འཆད་ཁྲིད་བྱེད་དབང་མེད་པ་མ་ཟད། དེ་སྔ་འཆད་ཁྲིད་རིགས་ལ་བོད་ཁུལ་ཡོངས་ནས་གདན་ཞུ་ཤུགས་ཆེར་གནང་མྱོང་བའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལྟ་བུ་བཙོན་འཇུག་བྱས་པ་དང་། ཁོང་ལྟ་བུའི་མཁས་པ་མང་པོ་ཞིག་མི་མང་འདུ་འཛོམས་རིགས་དང་། ལྷག་པར་དུ་སློབ་གྲྭ་དང་དགོན་སྡེ་ཁག་ཏུ་འཆད་ཁྲིད་བྱེད་མི་ཆོག་པའི་བཀག་རྒྱ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་ལ། འདས་ལོ་གཅིག་པུར་སྒོ་ཤེས་རབ་རྒྱ་མཚོ་ལགས་སུ་ཁ་བྲལ་གྱི་ཁྲིམས་འགལ་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། དེ་བཞིན་བོད་རྔ་བའི་བོན་དགོན་ཆེ་ཤོས་སྣང་ཞིག་དགོན་པའི་བོད་སྐད་ཡིག་ཐོབ་ཐང་སྲུང་སྐྱོབ་པ་གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་སུ་ལོ་ ༤ དང་ཟླ་ ༦ དང་། ས་བྱི་ཞི་རྒོལ་སྐོར་གྱི་དཔེ་དེབ་གལ་ཆེན་ཚེ་སྲོག་གིས་བསྐྲུན་པའི་སྐད་ཆ་ཞེས་པའི་རྩོམ་པ་པོ་དྷཱི་ལྷ་ལྡན་ལགས་སུ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་པ་སོགས་ཤེས་ཡོན་པ་དང་རྩོམ་པ་པོ་འཛིན་བཟུང་བཙོན་འཇུག་བྱས་པའི་གནད་དོན་རིམ་བསྟུད་དུ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་སྤྱིར་ཤེས་ཡོན་པར་དམ་དྲག་དེ་རྒྱ་ནག་ཁྱོན་ནང་ཤུགས་ཆེར་ཡོད་ན་ཡང་། སྔ་ལོ་ནས་བཟུང་དངོས་སུ་འཆད་ཁྲིད་དང་རྩོམ་བྲིས་རང་དབང་བཀག་སྡོམ་རིགས་བོད་ནང་དམ་དྲག་ཆེན་པོ་ཡིན་སྐོར་འགྲེལ་བརྗོད་བྱས་པ་ལྟར།  འདས་ལོར་བོད་སྐད་ཡིག་གི་ལྟེ་གནས་ལྟ་བུར་གྱུར་བའི་བོད་ཀྱི་དགོན་སྡེ་ཡི་སློབ་གྲྭ་བཙན་གྱིས་སྒོ་རྒྱག་ཏུ་བཅུག་སྟེ་གྲྭ་གཞོན་རྣམས་སྲིད་གཞུང་གི་སློབ་གྲྭར་བཅུག་པ་དང་། ནང་བསྟན་སློབ་གླིང་ཁག་གི་བསླབ་གཞིའང་རྒྱ་བསྒྱུར་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད། དཔེར་ན། ཉེ་སྔོན་ཕྱི་ཟླ་ ༤ ཚེས་  ༢༧ ཉིན་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཆོས་ལུགས་ལས་དོན་དང་འབྲེལ་བའི་ཚོགས་འདུ་ཞིག་བསྡུས་ཏེ། ནང་བསྟན་ཆོས་ལུགས་ཀྱི་བསླབ་གཞི་ཚང་མ་གང་མགྱོགས་རྒྱ་ཡིག་ཏུ་བསྒྱུར་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་མ་ཟད། རྒྱའི་སྤྱི་སྐད་གསོ་སྦྱོང་ཁང་གསར་འཛུགས་སྒོ་འབྱེད་བྱས་ཏེ་དངོས་སུ་ལག་བསྟར་མགོ་བཙུགས་ཡོད་པ་རེད།

ས་གནས་གསར་འགོད་པ།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༡ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༣ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese