མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སློབ་ཕྲུག་བུ་མོ་བཞི་ལ་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་སློབ་ཡོན་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོར་བོད་པའི་སློབ་ཕྲུག་བུ་མོ་ ༤ ལ་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་སློབ་ཡོན་ཐོབ་ཡོད་པ་དང་ཕྱི་ལོ་ ༡༩༩༩ ནས་ད་བར་སློབ་ཡོན་འདི་ཐོབ་མཁན་བོད་ཕྲུག་ ༤༥ བྱུང་ཡོད་འདུག

United World College 2022 Scholarship Winners. Photo:Department of Education CTA

ཤེས་རིག་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཁྱིམ་སེ་ལ་ཀུའི་སློབ་མ་བསྟན་འཛིན་ཆོས་ཉིད་དང་། དྷ་ཤོད་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་བཟང་མོ། མ་སུ་རི་བོད་ཁྱིམ་གྱི་སློབ་མ་ཨོ་རྒྱན་བདེ་སྐྱིད། ནོར་གླིང་ཉེ་འཁྲིས་སུ་ཡོད་པའི་ཡེ་ཤུའི་སློབ་གྲྭ་(Sacred Heart)ཡི་སློབ་མ་བསྟན་འཛིན་དབང་མོ་བཅས་སློབ་ཕྲུག་བུ་མོ་ ༤ ལ་འདི་ལོའི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ (UWC) ཀྱི་འཛིན་རིམ་བཅུ་པ་དང་བཅུ་གཅིག་གི་སློབ་ཡོན་ཐོབ་ཡོད་འདུག

དེའི་ཐད་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་ཚན་པའི་འགན་འཛིན་བསོད་ནམས་བཟང་མོ་ལགས་ཀྱིས་འདི་ག་དུས་བབ་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། འདས་ལོའི་ཕྱི་ཟླ་ ༩ པའི་ནང་ཤེས་རིག་ལས་ཁུངས་ནས་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་ལྷན་ཚོགས་དང་མཉམ་འབྲེལ་ཐོག རྒྱ་གར་ནང་གི་བོད་རིགས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུའི་གསལ་བསྒྲགས་སྤེལ་བ་བཞིན། ཐོག་མར་ཆ་རྐྱེན་ངེས་ཅན་ལྡན་པའི་སློབ་མ་ ༡༢༥ གྱི་སྙན་ཞུ་འབྱོར་ཡོད་པའི་ཁྲོད་ནས་སློབ་མ་ ༡༥ ལ་དྲ་ཐོག་ནས་ངག་རྒྱུགས་བླངས་ནས་སློབ་མ་ ༧ འདེམས་ཐོན་བྱུང་། དེ་ནས་སློབ་མ་ ༧ ལ་ཡང་བསྐྱར་ངག་རྒྱུགས་བླངས་ཏེ་དེ་ལས་རྩེ་ཕུད་སློབ་མ་ ༤ འདེམས་སྒྲུག་བྱུང་ཡོད་འདུག

རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ (UWC) ནི་ཇར་མན་ནིའི་སློབ་གསོ་བ་གྲགས་ཅན་ (Kurt Hahn)ལགས་ཀྱིས་ཕྱི་ལོ་ ༡༩༦༢ ལོར་གསར་འཛུགས་གནང་ཞིང་།  ད་ལྟའི་ཆར་གླིང་ཕྲན་བཞི་ཡི་ནང་དུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ ༡༨ ལྷག་ཡོད་པ་དང་། རྒྱ་གར་གྱི་རྒྱལ་སྤྱིའི་མཉམ་འབྲེལ་མཐོ་སློབ་ཀྱི་ཡན་ལག་ཚོགས་པ་ནི་མཱ་ཧ་ར་ཤི་ཊི་རའི་པཱོ་ནེ་( Pune) གྲོང་ཁྱེར་དུ་ཆགས་ཡོད་ཅིང་། ལོ་ལྟར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་རྒྱ་གར་གྱི་ཡན་ལག་ཚོགས་པ་དེར་འབྲེལ་བ་ཞུས་ཏེ། བོད་པའི་སློབ་ཕྲུག་ཚོར་སློབ་ཡོན་ཐོབ་ཐབས་གནང་གི་ཡོད་པ་ལྟར། ད་བར་ཁྱོན་བོད་པའི་སློབ་ཕྲུག་ ༤༥ ལ་ཚོགས་པ་དེའི་སློབ་ཡོན་ཐོབ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese