མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དམག་གི་རྟེན་གཞི་གང་སར་ཁྱབ་ན་ཉེན་ཚབས་ཆེ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་ལུང་རྟོགས་ཀྱིས་བསྒྱུར། ཨོ་གླིང།

ད་ནི་ང་ཚོ་གནས་སྟངས་འདི་འདྲ་ལ་གོམས་དགོས་ཀྱི་ཡོད་པ་སྟེ་དུས་ཚོད་ཀྱི་སྔ་རྗེས་མ་གཏོགས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གིས་ཉུང་མཐར་ཡང་དམག་གི་རྟེན་གཞི་གཅིག་འཛུགས་རྒྱུ་ཡིན་པ་དེ་རེད། རྒྱ་ནག་ལ་སྟོབས་ཤུགས་རྒྱས་པ་དང་ལྷན་དུ་དམག་གི་རྟེན་གཞིའི་བེད་སྤྱོད་ཇེ་ཆེར་འགྲོ་བཞིན་ཡོད། ཐོག་མར་ཁོ་ཚོས་རྒྱང་ཐག་རིང་ཙམ་བསྐོར་ནས་པེ་ཅིང་ལ་ཕན་ཐོགས་ཡོད་པ་ཞིག་དང་རང་གི་དགྲ་བོའི་སེམས་ཁམས་དཀྲུག་ཐུབ་ཙམ་བྱེད་རྒྱུ་ཡིན་པ་ལས་དམག་དཔུང་གི་སྟོབས་ཤུགས་འཆར་འགོད་བྱེད་པའི་ལྟེ་གནས་འཛུགས་སྐྲུན་བྱེད་རྒྱུ་མིན་པ་ལྟ་བུར་སྣང།

གནས་སྟངས་དེ་ལ་འགྱུར་བ་ཐེབས་ཀྱི་ཡོད། ཨོ་སི་ཊོ་ལི་ཡའི་སེམས་ཁྲལ་ནི་རྒྱ་ནག་གི་དམག་དཔུང་དེ་བཞིན་རྒྱང་ཐག་རིང་བའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྟེན་གཞི་འཛུགས་པ་དེ་མིན་ན་ཡང་། དེ་ལྟར་བྱས་པ་ཙམ་གྱིས་ཀྱང་ཨོ་སི་ཊོ་ལི་ཡའི་རྒྱལ་སྲུང་གི་འཆར་གཞི་རྙོག་འཛིང་ཅན་དུ་བསྒྱུར་རྒྱུ་རེད། ང་ཚོའི་དམག་དཔུང་གི་འཆར་འགོད་པ་རྣམས་ཀྱིས་མཚན་མོའི་གཉིད་ཀྱང་བཅག་ནས་སེམས་ཁྲལ་བྱེད་དགོས་པ་ནི། རྒྱ་ནག་གི་དམག་དཔུང་རང་ཁྱིམ་དང་ཆེས་ཐག་ཉེ་བའི་ས་ཁུལ་སྟེ་ཕཱ་ཕོ་ནེའུ་རྒན་ནེས་དང་ཊེས་མོ་ཤར་ཕྱོགས་སུ་(Papua New Guinea and East Timor) སླེབས་པ་ལྟ་བུ་རེད།

བདུན་ཕྲག་འདིའི་ནང་རྒྱ་ནག་གིས་དམིགས་ཡུལ་ཆེན་པོ་བཅང་ནས་མཚོ་གླིང་གི་རྒྱལ་ཁབ་བཅུ་ལ་འབྲེལ་བ་བྱས་ཏེ་ཚང་མ་དམག་དཔུང་གི་མཐུན་ཕྱོགས་སྒྲིག་པའི་ལམ་ཁར་ཁྲིད་རྒྱུའི་ཐབས་ཤེས་བྱས་འདུག་ཀྱང་། ངོ་གནོང་དགོས་པ་ཞིག་ལ་ཁོ་ཚོར་ལམ་ལྷོངས་དེ་ཙམ་བྱུང་མེད། འོན་ཀྱང་། དེ་ལ་བརྟེན་ནས་རྒྱ་ནག་གིས་ཕྱིར་ནུར་བརྒྱབ་ཏེ་རྒྱལ་ཁབ་རེ་རེའི་མཉམ་དུ་དངོས་སུ་ལག་བསྟར་ཐུབ་པའི་ལས་དོན་དཔེར་ན་དཔལ་འབྱོར་གྱི་ཤུགས་རྐྱེན་སྤེལ་བ་དང་། སྲིད་དོན་མི་སྣ་ཚོར་ལྐོག་རྔན་སྤྲོད་པ། ཡང་ན་ཁོ་ཚོར་མང་གཙོ་ལམ་ལུགས་མགོ་རྟིང་སློག་བཅུག་སྟེ་དབང་ཆ་མུ་མཐུད་འཛིན་དུ་འཇུག་པ་བཅས་རེད། འདི་དག་ཡོད་ཚད་རྒྱ་ནག་གི་དབང་འཛིན་པ་ཚོར་ཆ་རྒྱུས་མེད་པ་དང་དེ་ལྟར་བྱེད་འདོད་མེད་པ་ག་ལ་ཡིན།

ང་ཚོས་འདི་འདྲ་ཞིག་མ་ཡོང་བའི་ཐབས་ཤེས་གང་ལེགས་བྱེད་དགོས་མོད། ང་ཚོའི་སྟོབས་ཤུགས་ནི་ཧ་ཅང་སྐྱོ་བོ་ཡིན་པ་སྟེ་ང་ཚོས་ལྐོག་རྔན་སྤྲོད་མི་སྲིད་ལ་གཏན་ནས་སྤྲོད་མི་རུང། རྒྱལ་ཁབ་ཆུང་ཆུང་འདི་དག་གི་ནང་ང་ཚོས་དཔལ་འབྱོར་གྱི་ཐད་ནས་རྒྱ་ནག་དང་འདྲ་བོ་ཡོང་ཐབས་བྱས་ཆོག་ལ། དེ་ལྟར་བྱེད་པའི་བརྒྱུད་རིམ་ཁྲོད་ཡིད་རྟོན་བྱས་ཆོག་པའི་རྣམ་པ་ཞིག་བསྐྲུན་དགོས། ང་ཚོའི་ཕྱོགས་སུ་ཡོད་པའི་ཆ་རྐྱེན་ཆེ་ཤོས་ནི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་གླིང་ཚོམ་རྒྱལ་ཁབ་ཀྱི་མི་མང་རྣམས་དམག་དཔུང་གི་འགྲན་རྩོད་ནང་ཞུགས་འདོད་མེད་པ་དེ་ཡིན། འོན་ཀྱང་། ང་ཚོས་ཆབ་སྲིད་ཀྱི་འགོ་ཁྲིད་རྣམས་ལ་དངུལ་དངོས་སྤྲད་ནས་ཉོས་པ་དང་གཡོ་རྒྱུ་ཅན་གྱི་སྲིད་དོན་པ་རྣམས་མཐར་ཐུག་ཕམ་གྱི་རེད་ཅེས་ཟེར་བཞིན་སྣང་མེད་ངང་སྡོད་པ་དེ་དངོས་ཡོད་ཀྱི་གནས་ཚུལ་དང་མི་མཐུན་པ་ཞིག་རེད།

དེ་བས་རྒྱ་དམག་གི་རྟེན་གཞི་རྣམས་ང་ཚོའི་ཕྱོགས་སུ་ཡོང་གི་ཡོད་པའི་ངོས་འཛིན་བྱེད་རྒྱུ་དང་། ང་ཚོར་མཚོན་ན་དེའི་དོན་དག་ཅི་ཞིག་ཡིན་མིན་གྱི་དྲི་བ་གཏོང་དགོས། དྲི་བ་དེའི་ལན་ནི་དམག་གི་རྟེན་གཞི་རྣམས་གང་དུ་འཛུགས་མིན་དང་ང་ཚོ་དང་ཁ་ཐག་རིང་ཐུང་ལ་རག་ལུས་ཞིང་། རྟེན་གཞི་ཅི་ཙམ་གྱིས་ཆེ་ན་དེ་ཙམ་གྱིས་སེམས་འཁྲལ་བྱེད་དགོས་པར་འགྱུར། དེའི་རྗེས་སུ་གང་ཞིག་ཡོང་གི་ཡོད་མེད་ནི་ཀློག་པ་པོ་ཁ་ཤས་ལ་མཚོན་ན་ལྷ་སྒྲུང་ལྟ་བུ་ཞིག་ཏུ་སྣང་སྲིད་མོད། དོན་དངོས་ཐོག་དེ་དག་ནི་དམག་དཔུང་གི་འཆར་འགོད་ནང་བསམ་གཞིག་བྱེད་དགོས་ངེས་ཀྱི་རིགས་ཡིན་པ་དང་ལྷག་པར་དུ་ཕུགས་རྒྱང་རིང་པོའི་ཆེད་དུ་ཡིན།

རྩ་དོན་ཐོག་མ་ནི་དམག་དཔུང་གི་སྟོབས་ཤུགས་ལ་རྒྱང་ཐག་གིས་ཁྱད་པར་བཟོ་བ་ཡིན། དཔེར་ན། ཚ་གློག་ནས་ཡོང་བའི་གློག་རླབས་དྲོན་མོ་ལྟ་བུ་རེད། ཁོ་ཚོའི་མངའ་ཁུལ་དང་ཐག་ཉེ་སར་ཆ་བཞག་ནས་བཤད་ན། རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་ནི་འཇིགས་སུ་རུང་བའི་ཚ་རླབས་ཅན་ཞིག་ཏུ་གྱུར་ཚར་ཡོད། གཅིག་བྱས་ན་ཁོ་ཚོའི་ཚ་རླབས་དེ་ཨ་རིའི་དམག་དཔུང་ལ་ཡང་ཚ་དྲག་པ་ལྟ་བུ་རེད། འོན་ཀྱང་། རྒྱ་ནག་གིས་ཁོ་ཚོའི་སྟོབས་ཤུགས་དེ་ཞི་བདེ་རྒྱ་མཚོའི་དབུས་ཁུལ་དང་ལྷོ་ཕྱོགས་སུ་འཆར་འགོད་དེ་ཙམ་བྱེད་ཐུབ་མེད། གཞི་རྩའི་ཆ་ནས་ཁོ་ཚོས་མངའ་ཁུལ་དེར་ཆུར་འཛུལ་དམག་གྲུ་བེད་སྤྱོད་གཏོང་གི་ཡོད་པ་དེ་ནི་ཉེན་ཁ་ཧ་ཅང་ཆེ་ན་ཡང་། རྒྱ་ནག་ཀྱི་མཚོ་རྒྱུད་ན་ཡོད་པའི་གནམ་གྲུ་འཕུར་སྐྱོད་ཐུབ་པའི་དམག་གྲུ་དང་མེ་ཤུགས་འཕུར་མདའི་སྟོབས་ཤུགས་ལྟ་བུ་ག་ལ་ཡིན།

རང་ཉིད་ཀྱི་མངའ་ཁོངས་བརྒལ་ནས་དམག་གི་རྟེན་གཞི་འཛུགས་པ་ནི་གློག་སྐུད་མཐུད་མ་ལྟ་བུ་ཞིག་སྟེ། རྩིག་ངོས་ནས་ཐག་རིང་སར་ཚ་གློག་འཐེན་པ་ལྟ་བུ་དང་དེ་ཡང་ཚ་གློག་ཅུང་ཆུང་བའི་རིགས་འཐེན་པ་ལྟ་བུ་རེད། སོ་ལོ་མོན་(Solomon Islands) མཚོ་གླིང་དུ་རྒྱ་དམག་གི་རྟེན་གཞི་བཙུགས་པར་ཆ་བཞག་ན། ཁུལ་དེར་མེ་ཤུགས་འཕུར་མདའ་བཞག་ཚེ་དེའི་ཚ་རླབས་ཨོ་གླིང་མངའ་སྡེ་ཁོན་སི་ལེན་ཌའི་བྱུ་རུའི་མཚོ་རྒྱུད་ལ་ཕོག་གི་རེད། འོན་ཀྱང་། གློག་སྐུད་མཐུད་མའི་སྐོར་ལ་བསམ་བློ་འཁོར་དུས་སྐུད་པ་དེ་བཅད་པ་ཡིན་ན་ཚ་གློག་གི་ཚ་དྲོད་མགྱོགས་མྱུར་སྒོ་ནས་ཡལ་འགྲོ་བ་ཡིན། གལ་སྲིད་དམག་གི་རྟེན་གཞིར་དམག་ཆས་དང་རྡོ་སྣུམ་སོགས་མཁོ་སྤྲོད་བྱེད་མ་ཐུབ་པ་ཚེ་དེར་ཡོད་པའི་མཛོད་ཁང་བེད་སྤྱོད་བཏང་ཚར་དུས་རྟེན་གཞི་དེ་ནུས་མེད་དུ་འགྱུར་བ་རེད། མ་མཐའ་ཡང་མ་འོངས་པའི་ལོ་བཅུའི་རིང་རྒྱ་གཞུང་གིས་དམག་འཁྲུག་དུས་སྐབས་ཀྱི་མཁོ་ཆས་ལྡན་པའི་རྟེན་གཞི་ཞིག་འཛུགས་སྐྲུན་བྱེད་མི་ཐུབ། ཁོ་ཚོར་ཨ་མེ་རི་ཀའི་མཚོ་དམག་དང་མཁའ་དམག་ལ་ཁ་གཏད་གཅོག་པའི་སྟོབས་ཤུགས་འདང་ངེས་ཤིག་ད་དུང་མེད།

དེ་ལྟ་ནའང་རྒྱང་ཐག་རིང་པའི་དམག་གི་རྟེན་གཞི་ཞིག་ཏུ་སྐམ་དམག་དང་མཚོ་དམག་ལ་སྙོབ་ཐུབ་པའི་མཚོན་ཆ་གསོག་ཉར་བྱས་པ་ཙམ་གྱིས་ཀྱང་དགྲ་བོ་ལ་འཇིགས་སྣང་སྤྲོད་ཐུབ་པ་ཡིན། རྟེན་གཞི་དེ་ནས་མཚོན་ཆ་བཀོལ་སྤྱོད་མ་བྱས་པ་ཡིན་ནའང་འཇིགས་སྐུལ་རྒྱུན་མཐུད་ནས་སྤྲོད་པ་ཡིན་པས། དངངས་འཚབ་ཅན་གྱི་གནས་སྟངས་དེ་མེད་པར་བཟོ་བའི་ཐབས་ཤེས་གང་ཡོད་བྱེད་དགོས་པར་འགྱུར། ཞི་བདེ་ཡིན་པའི་དུས་སྐབས་སུ་ཁོ་ཚོས་རྟེན་གཞི་དེ་གསང་ཞིབ་མྱུལ་བལྟ་བྱེད་རྒྱུར་བེད་སྤྱོད་བྱས་ཆོག

ཨོ་སི་ཊོ་ལི་ཡར་མཚོན་ན་ཕཱ་ཕོ་ནེའུ་རྒན་ནེས་རྒྱལ་ཁབ་ནང་རྒྱ་དམག་གི་རྟེན་གཞི་བཙུགས་པ་ཡིན་ན་སོ་ལོ་མོན་རྒྱལ་ཁབ་ནང་བཙུགས་པ་ལས་ཀྱང་ཉེན་ཁ་ཤིན་ཏུ་ཆེ། གང་ཡིན་ཟེར་ན་རྒྱལ་ཁབ་དེ་ང་ཚོ་དང་ཧ་ཅང་གི་ཐག་ཉེ་བོ་ཡིན་པ་དང་། དེས་ང་ཚོས་བྱང་ཕྱོགས་ཁུལ་གྱི་སྲུང་སྐྱོབ་ལ་ཉེན་ཁ་སྤྲོད་པའི་ནང་དུ་གནམ་ཐང་ཁག་ཀྱང་ཚུད་ཡོད། འོན་ཀྱང་། ཨིན་རྡུ་ཉི་ཞི་ཡའི་ཕྱོགས་ནས་རྒྱ་ནག་གི་དམག་ཆས་རྣམས་ཁོ་ཚོའི་མཁའ་ལམ་བརྒྱུད་དེ་འཕུར་མ་བཅུག་པ་ཡིན་ན། ཁོ་ཚོར་ཞི་བདེ་རྒྱ་མཚོའི་ནང་མཁོ་ཆས་དབོར་འདྲེན་གྱི་ལམ་ཁ་ཞིག་དགོས་པར་འགྱུར། གལ་སྲིད་དམག་ཆས་འབོར་ཆེན་པོ་ཞིག་དགོས་མཁོ་བྱུང་སྐབས་གྲུ་གཟིངས་ཆེན་པོ་དགོས་པ་དང་དེ་ཡང་ཞི་བདེ་རྒྱ་མཚོའི་ནང་བསྐྱོད་དགོས་པ་ནི་སྨོས་མ་དགོས་པ་རེད། དེས་ན་ང་ཚོས་ཨེ་སི་ཊེ་མོར་ལ་བལྟ་དགོས་པ་སྟེ། རྒྱལ་ཁབ་དེ་ནི་ང་ཚོའི་བདེ་སྲུང་གི་འཆར་འགོད་པ་ཚོར་མཚོན་ན་དོ་སྣང་ཆེན་པོས་བསམ་གཞིག་གནང་དགོས་ས་ཞིག་ཏུ་གྱུར་ཡོད། དེ་ནི་ང་ཚོའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལ་ཧ་ཅང་ཉེ་བོར་ཡིན་པས་རེད།

ལྷག་པར་དུ་རྒྱལ་ཁབ་དེ་ལ་ལྷོ་རྒྱ་ནག་རྒྱ་མཚོ་བརྒྱུད་ནས་དངོས་ཆས་མཁོ་སྤྲོད་བྱེད་ཐུབ་ལ། རྒྱ་ནག་གིས་མངའ་ཁུལ་དེ་དབང་བསྒྱུར་བྱེད་པའི་རེ་བ་རྒྱག་བཞིན་ཡོད་པར་མ་ཟད། རྒྱལ་སྤྱིའི་བཀོལ་སྤྱོད་བྱས་ཆོག་པའི་ཨིན་རྡི་ཉི་ཞི་ཡའི་གླིང་ཕྲན་གྱི་མཚོ་འགག་ནས་དབོར་འདྲེན་བྱས་ཆོག མཚོ་འགག་རྣམས་ནི་ཆུ་འཛུལ་དམག་གྲུ་མངོན་མེད་དུ་གབ་ནས་བསྡད་དེ་གྲུ་གཟིངས་གཞན་གྱི་འགྲོ་ལམ་འགོག་ས་ལེགས་ཤོས་ལྟ་བུ་ཡིན་པར་བརྟེན། ང་ཚོར་ཧ་ཅང་ལེགས་པའི་ཆུ་འཛུལ་དམག་གྲུ་མང་པོ་གང་མགྱོགས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན། རྒྱ་ནག་སྟོབས་ཤུགས་ཆེ་རུ་སོང་བ་བསྟུན་ནས་རྒྱ་མཚོའི་ཐོག་དངོས་ཟོག་དབོར་འདྲེན་གྱི་རྟེན་གཞི་འཛུགས་པར་ནུས་པ་ཇེ་ཆེ་འགྲོ་བཞིན་ཡོད། དེ་དག་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ཡོད་པ་ནི། དཔེར་ན་མཚོ་ཐོག་ཏུ་ཡོད་པའི་དམག་གྲུ་རྣམས་མ་འོངས་པའི་ལོ་བཅུ་ཕྲག་འགའི་ནང་རྒྱུན་གནས་ཐུབ་རྒྱུ་ཁག་པོ་ཡིན། འཁོར་སྐར་རྣམས་ཀྱིས་དེ་དག་ལ་རྗེས་འདེད་གཏོང་ཐུབ་པ་དང་མེ་ཤུགས་འཕུར་མདས་དེ་དག་ཆུའི་ནང་ནུབ་ཆོག་ཆོག་བྱས་ནས་བསྡད་ཡོད་པས་རེད།

དམག་གི་རྟེན་གཞི་ལས་གཞན་པའི་སོ་སོའི་རྒྱལ་ཁབ་བརྒལ་ནས་སྟོབས་ཤུགས་རྒྱ་བསྐྱེད་གཏོང་བའི་ཐབས་ལམ་ཞིག་ནི་གནམ་གྲུ་འཕུར་སྐྱོད་ཐུབ་པའི་དམག་གྲུ་ཆེན་པོ་བེད་སྤྱོད་གཏོང་བ་དེ་རེད། དཔྱད་རྩོམ་འདི་འབྲི་བའི་སྐབས་སུ་ཤེས་གསལ་ལྟར་ན་རྒྱ་ནག་གིས་གནམ་གྲུ་འབབ་ཐུབ་པའི་དམག་གྲུ་གསུམ་པ་ཞིག་བཀོལ་སྤྱོད་གྲ་སྒྲིག་ཡིན་པའི་གནས་ཚུལ་ཐོན་ཡོད། འདིས་སྐད་ཅོར་ཟང་ཟིང་ཞིག་བཟོ་ངེས་ཡིན་མོད། འོན་ཀྱང་དེ་ནི་འཕྲལ་གྱི་དཀའ་རྙོག་ཅིག་ཏུ་གྱུར་མེད། གང་ཡིན་ཟེར་ན། རྒྱ་ནག་གིས་ད་དུང་ཡང་མཚོ་ཐོག་ནས་རྙོག་འཛིང་ཆེ་བའི་གནམ་དམག་བཀོལ་སྤྱོད་བྱེད་སྟངས་སྦྱོང་བཞིན་པའི་སྐབས་ཡིན། ང་ཚོས་ཉེན་ཁ་དེ་ལ་གདོང་ལེན་བྱེད་པའི་གྲ་སྒྲིག་ངེས་པར་དགོས་པ་སྟེ་གང་ལྟར་ཀྱང་ཁོ་ཚོ་གནས་སྐབས་དེར་སླེབས་ངེས་ཡིན།

ཆེས་གལ་འགངས་ཆེ་བ་ཞིག་ལ་ང་ཚོའི་རྒྱལ་ཁབ་ཀྱི་སྲུང་སྐྱོབ་སྲིད་བྱུས་གཏན་འབེབས་བྱེད་མཁན་ཚོས་ངེས་པར་བསམ་གཞིག་གནང་ནས་དམག་དཔུང་བསྐྱར་སྒྲིག་བྱས་ཏེ། ང་ཚོའི་སྒོ་འགྲམ་དུ་རྒྱ་ནག་གི་རྟེན་གཞི་བཙུགས་པའི་སྐབས་སུ་ང་ཚོས་དམག་དཔུང་གྲ་སྒྲིག་ལྡན་པ་ཞིག་བཟོ་དགོས། རྒྱལ་ཁབ་ཀྱི་སྲུང་སྐྱོབ་དེ་གློ་བུར་དུ་དཀའ་ངལ་ཅན་ཞིག་ཏུ་འགྱུར་སྲིད་པའོ།།

[རྩོམ་པ་པོ་སྦེར་ཌི་ལེ་ ཕེ་རེ་ཊི(Bradley Perrett) ལགས་ནི་ཕྱི་ལོ་༢༠༠༤ ནས་༢༠༢༠ བར་པེ་ཅིང་དུ་རྟེན་གཞི་བྱས་པའི་གསར་འགོད་པ་ཞིག་རེད།]

མ་རྩོམ་འབྲེལ་ཐག https://www.canberratimes.com.au/story/7765119/if-it-can-win-friends-china-can-put-bases-on-our-doorstep/

(སྒྱུར་མཁན་གྱི་མཆན། ཨུ་རུ་སུས་ཡུཀ་རེན་ལ་དམག་འཁྲུག་བརྒྱབ་སྟེ་ཡུ་རོབ་ཁུལ་ཟང་ཟིང་བཟོ་བཞིན་པའི་སྐབས་འདིར། རྒྱ་ནག་གིས་མངོན་གསལ་དེ་ཙམ་མེད་པའི་སྒོ་ནས་ཨེ་ཤེ་ཡ་མངའ་ཁུལ་དུ་དབང་ཤུགས་སྤེལ་ཐབས་བྱེད་བཞིན་ཡོད། ཉེ་བའི་དུས་ཚོད་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་མཚོ་གླིང་རྒྱལ་ཁབ་བཅུ་ལ་ཕྱོགས་བསྐྱོད་བྱས་ཏེ་རྒྱ་ནག་གི་དབང་ཤུགས་སྤེལ་ཐབས་དང་། དམག་གི་རྟེན་གཞི་འཛུགས་ཐབས་བྱེད་ཀྱི་ཡོད་སྐོར་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་ཡོད། དེང་སྐབས་རྒྱ་ནག་གིས་རང་ཉིད་ཀྱི་དབང་ཤུགས་འཛམ་གླིང་ཕྱོགས་གང་སར་སྤེལ་གྱི་ཡོད་པ་དང་ལྷག་པར་དུ་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནི་རང་ཉིད་སྟོབས་ཆེན་རྒྱལ་ཁབ་ཞིག་ཡིན་པར་སྟོན་པའི་སྡིངས་ཆ་གལ་ཆེ་ཤོས་སུ་གྱུར་ཡོད། ཆབ་སྲིད་དཔལ་རིག་གསུམ་གྱི་འགྱུར་བ་འདི་དག་གི་ཁྲོད་ཨོ་གླིང་གི་མཁས་པ་ཁོང་གིས་ཨོ་སི་ཊི་ལི་ཡར་འཕྲད་སྲིད་པའི་དཀའ་ངལ་ཁག་ལ་གདོང་ལེན་བྱེད་ཚུལ་རྩལ་ཏུ་བཏོན་ནས་གླེང་འདུག)

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༤ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese