མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཔལ་༧ས་སྐྱའི་བཙུན་མ་གསུམ་ལ་མཁན་མོའི་མཚན་གནས་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ས་ག་ཟླ་བའི་ཚེས་ ༡༥ ཉིན་དཔལ་༧ས་སྐྱའི་བཙུན་མའི་བཤད་གྲྭ་ཡི་བཙུན་མ་གསུམ་ལ་མཁན་མོའི་མཚན་གནས་སྩལ་ཡོད་པ་དང་དེ་ནི་ས་སྐྱ་ཆོས་བརྒྱུད་ཀྱི་ལོ་རྒྱུས་ནང་མཁན་མོའི་མཚན་གནས་སྩལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་གར་བྱང་ཕྱོགས་དྷེ་ར་དྷུན་དུ་རྟེན་གཞི་བྱས་པའི་ས་སྐྱའི་བཙུན་མའི་བཤད་གྲྭ་ནས་གཞུང་ཆེན་ཁག་ལ་བསླབ་པ་མཐར་སོན་ཞིང་བཤད་གྲྭར་དཔེ་ཁྲིད་གནང་མཁན་བཙུན་མ་གསུམ་ལ་མཁན་མོའི་མཚན་གནས་སྩོལ་བའི་མཛད་སྒོའི་ཐོག ༸དཔལ་ས་སྐྱའི་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་ཏེ། ༸གོང་མ་ཁྲི་འཛིན་ཞེ་གསུམ་པ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་ནས་སྩལ་བའི་ཐུགས་སྨོན་ཕྱག་འཁྱེར་སྩལ་གནང་ཡོད་ཅིང་། དེ་ནི་དཔལ་ས་སྐྱ་ཆོས་བརྒྱུད་ཀྱི་ལོ་རྒྱུས་ནང་བཙུན་མ་ཞིག་ལ་མཁན་མོའི་མཚན་གནས་སྩལ་བ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག

ས་སྐྱ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་གིས་ས་སྐྱ་བཙུན་མའི་བཤད་གྲྭའི་བཙུན་མ་ཀུན་དགའ་འོད་མཚོ་ལགས་དང་། བཙུན་མ་ཀུན་དགའ་དཔལ་སྒྲོན་ལགས། ངག་དབང་གཡང་དགའ་ལགས་བཅས་ལ་གནང་བའི་ཕྱག་འཁྱེར་ནང་། བཙུན་མ་གསུམ་གྱིས་གཞུང་ཆེན་ཁག་ལ་བསླབ་བ་སློབ་གཉེར་མཐར་ཕྱིན་ཅིང་སློབ་དཔོན་མའི་ཕྱག་ཁྱེར་ཐོབ་ཡོད་པ་དང་། ལོ་མང་རིང་དེ་གར་སྐྱོར་དཔོན་དང་དགེ་རྒན་གནང་བ་མ་ཟད། ཀུན་སྤྱོད་སོགས་གང་ཅིར་ལེགས་གྲས་སོང་། ཇི་ལྟར་བཙུན་མའི་བཤད་གྲྭའི་མཁན་ལས་ནས་མཁན་མོའི་མཚན་གནས་སྩལ་གནང་དགོས་པའི་རྒྱབ་གཉེར་གནང་བ་བཞིན་འདི་ནས་ཀྱང་མཁན་མོར་བསྐོ་གཞག་བགྱིས་པ་ཡིན་ན། དེ་དོན་འབྲེལ་ཡོད་ཚང་མས་བརྩི་བཀུར་དང་ལེན་དང་། དོ་བདག་ནས་ཀྱང་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་བྱས། ལྷག་བསམ་ཆེར་བསྐྱེད་ཀྱིས་བསྟན་པར་སྲི་ཞུ་སྔར་རྒྱུན་བཞིན་གནང་གལ་ཆེ་བས། འདི་ནས་ཀྱང་དེ་དེ་བཞིན་དུ་འགྲུབ་པའི་སྐྱབས་སྨོན་བྱེད། ཅེས་གསུངས་འདུག

ས་སྐྱ་བཙུན་མའི་བཤད་གྲྭའི་མཁན་པོ་ཡེ་ཤེས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། སྤྱིར་ས་སྐྱ་བཙུན་མའི་བཤད་གྲྭ་ནས་གཞུང་ཆེན་ཁག་དཔེ་ཁྲིད་ཐུབ་མཁན་གྱི་བཙུན་མ་ ༦ བྱུང་བའི་ཁྲོད་ནས་རྩེ་ཕུད་གསུམ་ལ་མཁན་མོའི་མཚན་གནས་སྩལ་ཡོད་པ་དང་། དེ་ཡང་བཙུན་མ་རྣམས་ལ་ས་སྐྱའི་གཞུང་ཆེན་གྲགས་ཆེན་བཅོ་བརྒྱད་ཐོབ་ཟིན་པ་མ་ཟད། ཀ་བཅུ་པ་དང་སློབ་དཔོན་ཐོན་ཟིན་པའི་ཐོག ལོ་ཡན་ལ་སྐྱོར་དཔོན་དང་དཔེ་ཁྲིད་དགེ་རྒན་གནང་བ་ཡིན་ན་མཁན་མོའི་མཚན་གནས་གནང་གི་ཡོད་སྐོར་དང་། ད་ལྟའི་ཆར་བཤད་གྲྭ་དེའི་ནང་སློབ་དཔོན་ཐོན་ཟིན་པའི་བཙུན་མ་ ༡༥ དང་། ཀ་བཅུ་པ་ཐོན་པའི་བཙུན་མ་ ༢༠ ལྷག་ཡོད་སྐོར་གསུངས་བྱུང་།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ཡིག བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༡༣ 
༧གོང་ས་མཆོག གསུང་འཕྲིན།

བོད་མི་ནང་ཁུལ་བོད་སྐད་ཡིག་སྦྱོང་སྤྱོད་དགོས་པའི་བཀའ་སློབ་ནན་པོ་ཕེབས་འདུག

༢༠༢༦/༠༣/༡༣
Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

༢༠༢༦/༠༣/༡༢
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

༢༠༢༦/༠༣/༡༢
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༢
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

༢༠༢༦/༠༣/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese