མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༠༦/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཉིན་གྲངས་ལྔའི་རིང་འཚོག་འཆར་ཡོད་པའི་འཕགས་བོད་མཁས་པའི་བགྲོ་གླེང་སྐབས་གཉིས་པར་གསུང་འཕྲིན་སྩལ་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་མཆོག པར་དབང་། tibettimes.net

ཟླ་འདིའི་ཕྱི་ཚེས་ ༡༧ ནས་ ༢༡ བར་ཉིན་གྲངས་ལྔ་རིང་ལ་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་བྱང་རྩེ་རུ་འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པའི་ཐོག ༧གོང་ས་རྒྱལ་བ་རིན་པོ་མཆོག་གིས་བོད་ཀྱི་མི་རབས་གསར་པ་ཚོས་བོད་ཀྱི་ཆོས་རིག་བརྒྱུད་འཛིན་དང་། བདག་གཅེས་བྱ་དགོས་པའི་གསུང་འཕྲིན་སྩལ་འདུག

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་འཕགས་བོད་མཁས་པའི་བགྲོ་གླེང་ཐེངས་གཉིས་པར་སྩལ་བའི་གསུང་འཕྲིན་ནང་།  དགའ་ལྡན་ཤར་རྩེ་བྱང་སློབ་གཉེར་ལྷན་ཚོགས་ཀྱིས་ལོ་ཤས་སྔོན་ནས་གོ་སྒྲིག་གིས་རྒྱལ་ཡོངས་འཕགས་བོད་བགྲོ་གླེང་དང་པོ་འཚོགས་ཡོད་པ་དང་། ད་ལམ་ཡང་འཕགས་བོད་མཁས་པའི་བགྲོ་གླེང་འཚོག་འཆར་ལ་ཡི་རངས་བསྔགས་བརྗོད་ཡོད། ངོས་ནས་ལོ་བཞི་བཅུ་ཙམ་གྱི་གོང་ནས་ཚན་རིག་པ་དང་མཉམ་དུ་ནང་པའི་གཞུང་ནས་བྱུང་བའི་སེམས་ཁམས་རིག་པ་སོགས་བརྗོད་གཞི་དུ་མའི་ཐོག་བགྲོ་གླེང་ལྷུག་པོར་བྱས་པའི་འབྲས་བུར། ནང་པའི་གཞུང་ལུགས་ནས་བྱུང་བའི་སེམས་ཁམས། ལྟ་སྒྲུབ། གཏན་ཚིགས་རིག་པ་སོགས་ཀྱིས་འཛམ་གླིང་སྤྱིའི་ཤེས་ཡོན་ལ་ཕན་ཐོགས་རླབས་ཆེན་ཡོང་བའི་ངེས་པ་རྙེད་བྱུང་། བོད་ཀྱི་ཆོས་བརྒྱུད་ནི་ནཱ་ལེནྡྲའི་བརྒྱུད་པ་ཆ་ཚང་མ་ནོར་བ་དེ་ཡིན་པས་ཡང་དག་པའི་རིགས་ལམ་ཉིད་ནས་ངེས་པ་འདྲོང་རྒྱུ་ཡོད་པ་ཞིག་རེད། ཅེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། ངོས་ཀྱིས་རྒྱལ་སྤྱིའི་སྡིངས་ཆར་བོད་ཀྱི་ཆོས་དང་རིག་གཞུང་གི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཐུབ་པར་སྤྲོ་བ་དང་ཕྱི་རབས་རྣམས་ལའང་རང་གི་རིག་གཞུང་བརྒྱུད་འཛིན་བྱེད་ཕྱོགས་ཀྱི་ཐད་ལམ་སྟོན་གྱི་མིག་དཔེ་ལྟ་བུར་གྱུར་བའི་ཡིད་ཆེས་ཡོད། རང་རེ་བོད་ལ་ལོ་སྟོང་ཕྲག་གི་སྔོན་ནས་ནང་ཆོས་ཀྱིས་མཚོན་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཡོད་པ་དེ་དག་ད་ཆ་མི་རབས་རྗེས་མ་ཚོས་ཉམས་མེད་བརྒྱུད་འཛིན་བྱེད་པའི་དུས་སུ་སླེབས་ཡོད་པས་ཀུན་གྱིས་སྤོབས་པ་དང་ལྷག་བསམ་རྒྱ་ཆེར་བསྐྱེད་དེ་མ་ཁྱབ་པའི་སར་ཁྱབ་པ་དང་། ཁྱབ་ཀྱང་ཉམས་པར་གྱུར་བའི་ཕྱོགས་སུ་རྒྱ་ཆེར་གསལ་བར་བྱེད་པའི་སྐུལ་ལྕག་སྨོན་ལམ་ཡོད། ཅེས་གསུངས་ཡོད་འདུག

ད་བར་གྱི་བགྲོ་གླེང་གི་ཚོགས་ཐུན་གསུམ་རིང་ལེགས་སྦྱར་དང་གནས་བརྟན་སྡེ་པའི་གཞུང་ནས་སྒོམ་སྒྲུབ་ཀྱི་ཉམས་ལེན་དང་འབྲེལ་བའི་སེམས་ཁམས་རིག་པ་ཇི་ལྟར་བཤད་པའི་ཚུལ་དང་། ནང་པའི་གཞུང་དུ་སྐྱེ་འཆི་དང་ལས་འབྲས་ཀྱི་རྣམ་གཞག་གལ་གནད་ཆེ་ཚུལ་སྐོར། དེ་བཞིན་ཉོན་མོངས་ཀྱི་རྒྱུ་རྐྱེན་གང་ཡིན་དང་། ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་ཆགས་སྡང་རྨོངས་གསུམ་གྱིས་བྱེད་ཚུལ་དང་། འཇུག་པ་རྩ་འགྲེལ་དང་། སྤྱོད་འཇུག་ཆེན་མོ། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་སོགས་ནས་ཁོང་ཁྲོ་དགག་ཚུལ་སྐོར་སོགས་ཀྱི་ཐོག་ལ་གཏམ་བཤད་དང་བགྲོ་གླེང་བྱས་ཡོད་འདུག

གསར་འགོད་པ། པ་སངས་ཚེ་རིང་། དཔལ་ལྡན།

མཆན། 1

  1. asanga says:
    1 week སྔོན།

    ད་བར་གྱི་བགྲོ་གླེང་གི་ཚོགས་ཐུན་གསུམ་རིང་ལེགས་སྦྱར་དང་གནས་བརྟན་སྡེ་པའི་གཞུང་ནས་སྒོམ་སྒྲུབ་ཀྱི་ཉམས་ལེན་དང་འབྲེལ་བའི་སེམས་ཁམས་རིག་པ་ཇི་ལྟར་བཤད་པའི་ཚུལ་དང་། ནང་པའི་གཞུང་དུ་སྐྱེ་འཆི་དང་ལས་འབྲས་ཀྱི་རྣམ་གཞག་གལ་གནད་ཆེ་ཚུལ་སྐོར། དེ་བཞིན་ཉོན་མོངས་ཀྱི་རྒྱུ་རྐྱེན་གང་ཡིན་དང་། ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བ་ཆགས་སྡང་རྨོངས་གསུམ་གྱིས་བྱེད་ཚུལ་དང་། འཇུག་པ་རྩ་འགྲེལ་དང་། སྤྱོད་འཇུག་ཆེན་མོ། ལེགས་པར་བཤད་པ་རིན་པོ་ཆེ་ཟ་མ་ཏོག་ལྟ་བུའི་གཏམ་སོགས་ནས་ཁོང་ཁྲོ་དགག་ཚུལ་སྐོར་སོགས་ཀྱི་ཐོག་ལ་གཏམ་བཤད་དང་བགྲོ་གླེང་བྱས་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist