མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་པས་གཏམ་བཤད་སྤེལ་སྐབས་ཚོགས་རའི་ནང་དུ་ངོ་རྒོལ་སྐད་འབོད་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་སིཌ་ནིར་རྟེན་གཞི་བྱས་པའི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་ནང་རྒྱ་ནག་གཞུང་ཚབ་པས་རྒྱ་ནག་དང་ཨོ་གླིང་གི་འབྲེལ་ལམ་སྐོར་གཏམ་བཤད་སྤེལ་སྐབས་སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་དང་བོད་དོན་ལས་འགུལ་བ་རྣམས་ཀྱིས་ཚོགས་རའི་ནང་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག

Former Tibetan Parliament member Kyizom Dongdue interrupts Chinese ambassador’s speech at UTC on 23 June, 2022. Photo: SBS news

དེ་རིང་ཕྱི་ཚེས་ ༢༤ ཉིན་ཨོ་གླིང་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཤའོ་ཆན་ (Xiao Qian) ཟེར་བ་དེས་ཡུལ་དེའི་གྲོང་ཁྱེར་སིཌ་ནིར་རྟེན་གཞི་བྱས་པའི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་(University of Technology Sydney) ལས་རིམ་ཞིག་གི་ཐོག་རྒྱ་ནག་དང་ཨོ་གླིང་གི་འབྲེལ་ལམ་སྐོར་གཏམ་བཤད་སྤེལ་བཞིན་པའི་སྐབས་དེར། བོད་མི་མང་སྤྱི་འཐུས་ཟུར་པ་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་དབུ་འཁྲིད་དེ། ཡུལ་དེའི་གཞོན་སྐྱེས་ལས་འགུལ་བ་དང་བོད་དོན་རྒྱབ་སྐྱོར་བ་ཌེ་རུ་པེབ་ལོ་(Drew Pavlo) སོགས་ལས་འགུལ་བ་བདུན་ཙམ་རིམ་པ་བྱས་ཏེ་ཚོགས་རའི་ནང་དུ་ཕྱིན་ཏེ་བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་བཅས་ལ་རང་དབང་དགོས་ཞེས་པའི་ཤོག་བྱང་འཕྱར་ནས་ངོ་རྒོལ་བྱས་ཡོད་འདུག

ཨོ་གླིང་གི་ཨེ་བྷི་སི་གསར་ཁང་(ABC News)གིས་སྤེལ་བའི་བརྙན་ལམ་གནས་ཚུལ་ནང་། འདི་ལོའི་ལོ་མགོ་ཙམ་ལ་གསར་དུ་བསྐོ་གཞག་བྱས་པའི་རྒྱ་ནག་གི་གཞུང་ཚབ་པ་ཞའོ་ཆན་ཟེར་བ་དེས་གཏམ་བཤད་འགོ་བཙུགས་ནས་སྐར་ཆ་འགའ་ཤས་ལས་མ་སོང་བར། འདས་པའི་ལོ་ངོ་དུ་མའི་རིང་ནས་ཨོ་གླིང་ནང་རྒྱ་ནག་གི་ཤུགས་རྐྱེན་ལྡོག་ཐབས་དང་རྒྱ་ནག་གཞུང་གིས་བོད་དང་ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་ནང་སྤེལ་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ་ཤུགས་ཆེན་པོ་བྱེད་མཁན་གཞོན་སྐྱེས་ལས་འགུལ་བ་དང་ཆབ་སྲིད་པ་ཌི་རུ་པེབ་ལོ་ (Drew Pavlo) ཡིས་གཞུང་ཚབ་པའི་གཏམ་བཤད་ཀྱི་བར་ནས། དབྱིན་ཡིག་ཐོག་ Free Tibet, Free East Turkistan, Free Hong Kong ཞེས་འཁོད་པའི་ཤོག་ལྷེབས་ཤིག་འཕྱར་ཏེ། དམར་གསོད་གཏོང་མཁན་ཞིག་ལ་སྡིངས་ཆ་སྤྲོད་རྒྱུ་མཚམས་འཇོག་བྱ་དགོས། ཞེས་དང་། ཞའོ་ཆན་ཟེར་བ་དེར་མཛུབ་མོ་བཙུགས་ཏེ། ཁོ་ནི་ཁ་ཆེ་མི་མང་ས་ཡ་ ༡ ལྷག་བཀག་སྐྱིལ་ཁང་དུ་འཇུག་མཁན་གྱི་སྒེར་གཅོད་རིང་ལུགས་པའི་འཐུས་ཚབ་རེད། ད་ལྟ་ང་ཚོས་སྐད་ཆ་བཤད་བཞིན་པའི་གནས་སྐབས་འདིར་(རྒྱ་ནག་གཞུང་གིས་)ཁ་ཆེ་ཡུ་གུར་རྣམས་ལ་བཙན་གཡེམ་དང་མནར་གཅོད་གཏོང་གི་ཡོད། ཅེས་དང་། ང་ཚོས་ཡུ་གུར་དང་བོད་མི། ཧོང་ཀོང་བ་བཅས་ཀྱི་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཅེས་དང་། ཨོ་གླིང་གཞུང་གིས་བཀག་སྐྱིལ་ཁང་འཛུགས་མཁན་གཞུང་ཞིག་དང་ཚོང་འབྲེལ་བྱ་རྒྱུ་མེད་སྐོར་གྱི་འབོད་ཚིག་བསྒྲགས་ཡོད་འདུག

Drew Pavlo held signs and shouted during Xiao Qian’s speech at UTS.(ABC News: Dong Xing)

སྐབས་དེར་རྒྱ་ནག་གཞུང་ཚབ་པས་བལྟས་བསྡད་པ་ཙམ་ལས་ཐད་ཀར་གང་ཡང་བཤད་མེད་ནའང་། ཁོ་རང་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ལྟེ་གནས་ཁང་(Australia-China Relations Institude) གིས་མགྲོན་འབོད་བྱས་པ་ལྟར་བསམ་ཚུལ་བརྗེ་རེས་ཀྱི་ཆེད་དུ་བསླེབས་པ་ཞིག་ཡིན་པ་དང་། སོ་སོའི་བསམ་ཚུལ་བརྗོད་རྒྱུ་དང་དེར་བཅར་མཁན་རྣམས་ཀྱི་བསམ་ཚུལ་དང་དྲི་བར་ལན་འདེབས་བྱ་རྒྱུའི་སྡིངས་ཆ་ཞིག་ཡིན་པ་ལྟར། སོ་སོའི་བསམ་ཚུལ་རྣམས་ལུགས་མཐུན་ཚུལ་མཐུན་གྱི་སྒོ་ནས་བཤད་དགོས་སྐོར་བརྗོད་ཡོད་འདུག

ལས་འགུལ་བ་ཞིག་གིས་ལག་ལ་ཤོག་བྱང་ཞིག་ཁྱེར་ཏེ་སྨྲ་བརྗོད་གང་ཡང་མེད་པའི་ཐོག་ནས་ངོ་རྒོལ་བྱས་རྗེས། སྤྱི་ཟུར་གདོང་འདུས་སྐྱིད་འཛོམས་ལགས་ཀྱིས་ཤོག་བྱང་ཞིག་འཕྱར་ཏེ། བོད་དང་ཤར་ཊུར་ཀི་སི་ཐན། ཧོང་ཀོང་བཅས་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་སོང་བ་མ་ཟད། གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གིས་མི་རིགས་རྩ་མེད་གཏོང་མཁན་གྱི་སྒེར་གཅོད་རིང་ལུགས་པའི་འཐུས་ཚབ་ཅིག་ལ་སྡིངས་ཆ་སྤྲོད་རྒྱུ་མེད། ཅེས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས་ལས་རིམ་གོ་སྒྲིག་པས་གཏམ་བཤད་བྱ་སའི་ཚོགས་ཁང་དུ་ཕྱིར་ཕུད་བཏང་ཡོད་འདུག ཁོང་མོའི་རྗེས་སུ་བསྐྱར་དུ་ལས་འགུལ་བ་བཞི་ཡིས་ངོ་རྒོལ་བྱས་ཡོད་འདུག དེའི་ཐོག་ལས་འགུལ་བ་ཞིག་གིས་རིག་གནས་གསར་བརྗེ་ཟེར་བའི་སྐབས་ཀྱི་དམར་དམག་གི་ཆས་གོས་གྱོན་པའི་རྐྱེན་གྱིས་སྒོ་སྲུང་བས་ཚོགས་ཁང་ནང་ཞུགས་བཅུག་མེད་པ་རེད་འདུག

Chinese ambassador to Australia Xiao Qian’s address on the relationship between two countries . Photo: ABC news

ཁ་སང་གི་གཏམ་བཤད་ཀྱི་ལས་རིམ་དེ་ནི་སིཌ་ནི་འཕྲུལ་རིག་སློབ་གྲྭ་ཆེན་མོའི་ཁྱབ་ཁོངས་སུ་གཏོགས་པའི་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ལྟེ་གནས་ཁང་ཞེས་པའི་ཚན་པས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༢༠ ལོར་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་འཛམ་གླིང་ཡོངས་དང་། ལྷག་པར་དུ་ཨོ་གླིང་དུ་ཁྱབ་གདལ་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་གཞུང་མང་གཉིས་ལ་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་ལྟར། ཨོ་གླིང་གཞུང་གིས་རྒྱ་ནག་གི་འཇིགས་སྐུལ་དང་གནོན་ཤུགས་ལ་མ་འཛེམས་པར། མཉམ་འབྲེལ་རྒྱལ་ཚོགས་ནང་ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྩད་གཅོད་དགོས་པའི་གྲོས་གཞིའི་ཐོད་སྣེ་ཁྲིད་ཀྱི་ནུས་པ་བཏོན་པའི་རྐྱེན་གྱིས། རྒྱ་ནག་གཞུང་གིས་ཨོ་གླིང་གི་ཚོང་ཟོག་ལ་ཁྲལ་སྣོན་དང་བཀག་སྡོམ་གྱིས་མཚོན་པའི་ཡ་ལན་སྤྲད་པར་བརྟེན། རྒྱ་ནག་དང་ཨོ་གླིང་དབར་གྱི་ཕྱི་འབྲེལ་དང་ཚོང་འབྲེལ་བཅས་ལ་དོ་ཕོག་ཆེན་པོ་ཐེབས་ཡོད་ལ། ལྷག་པར་དུ་རྒྱ་ནག་གཞུང་གིས་ཨོ་གླིང་གི་མི་སེར་ཡིན་པའི་གསར་འགོད་པ་ཞིག་གང་བྱུང་འཛིན་བཟུང་བཀག་ཉར་བྱས་པ་དང་། ཡང་ཉེ་ཆར་རྒྱ་ནག་གིས་ཨོ་གླིང་གི་ཉེ་འཁྲིས་སུ་ཆགས་པའི་སོ་ལོ་མོན་གླིང་ཕྲན་ཚོ་ཁག་རྒྱལ་ཁབ་ (Solomon Islands Nation) དང་བདེ་འཇགས་སོགས་ཀྱི་ཐད་ལ་གྲོས་མཐུན་བཞག་པར་བརྟེན། སྤྱི་ཡོངས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་ལོ་རྒྱུས་ཁྲོད་ཀྱི་ཆེས་ཛ་དྲག་ལྟ་བུར་གྱུར་ཡོད།

ཁ་སང་གི་གཏམ་བཤད་ལས་རིམ་ཐོག་རྒྱ་ནག་གི་གཞུང་ཚབ་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་སྔར་བཞིན་ལེགས་ལམ་དུ་འཁྲིད་ཐབས་དང་། རྒྱ་ནག་དང་ཨོ་གླིང་གི་འབྲེལ་ལམ་ནི་གྲོགས་འདྲིས་ཀྱི་འབྲེལ་ལམ་ཞིག་ཡིན་པ་དེ་འགྱུར་ཐབས་མེད་པ་དང་། རྒྱ་ནག་གི་ཡར་རྒྱས་ནི་ཨོ་གླིང་ལ་མཚོན་ན་གོ་སྐབས་ཤིག་ལས་ཉེན་ཁ་ཞིག་ལ་མཐོང་མི་ཉན་སྐོར་བརྗོད་འདུག ཞའོ་ཆན་གྱི་གཏམ་བཤད་གྲུབ་རྗེས་ཨོ་གླིང་དང་རྒྱ་ནག་གི་འབྲེལ་ལམ་ལྟེ་གནས་ཁང་ཞེས་པའི་ཚན་པའི་འགན་འཛིན་གྱིས་གཙོ་སྐྱོང་འོག་དྲི་བ་དྲིས་ལན་གྱི་ལས་རིམ་འཚོགས་ཡོད་ཀྱང་། གཙོ་སྐྱོང་བས་བསྐུར་བའི་དྲི་བ་རྣམས་སྔར་ནས་གཞུང་ཚབ་པར་བཏང་ནས་བསྐྱར་ཞིབ་བྱས་པ་ཤ་སྟག་ཡིན་སྐོར་གསལ་བཤད་བྱས་འདུག་ལ། ཚོགས་རའི་ནང་ངོ་རྒོལ་སྐད་འབོད་བྱས་པ་ལ་བརྟེན་ནས་ལས་རིམ་འཆར་གཞི་ལྟར་ཕྱིན་ཐུབ་མེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

ཆུ་ཚོད་ ༡༦ སྔོན་ལ།
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese