མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་འོག་བུད་མེད་ཅིག་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་ནག་ཆུ་ཨ་མདོ་རྫོང་ཁོངས་ནས་ཡིན་པའི་བུད་མེད་འཛུམ་དཀར་ཞེས་པ་ཞིག་གིས་རང་ཁྱིམ་གྱི་མཆོད་ཁང་ནང་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་པའི་ཉེས་མིང་འོག་ལྷ་ས་རུ་བཙན་ཁྲིད་བྱས་ཡོད་འདུག

པར། བོད་ཀྱི་གསར་འགྱུར་དྲ་བའི་ནག་ཆུ་རྩ་རིང་གྲོང་རྡལ་དང་། འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས་པའི་བུད་མེད་འཛུམ་དཀར།

འབྲེལ་ཡོད་བོད་མི་ཞིག་གིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་སྔོན་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་གྱི་ས་གནས་དཔོན་རིགས་ཁག་ཅིག་གིས་ཁྱིམ་ཚང་འགའི་ནང་རྟོག་ཞིབ་སྔོག་བཤེར་བྱས་པ་བརྒྱུད། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་གྲོང་མི་འཛུམ་དཀར་ཞེས་པ་ཞིག་གིས་རང་ཁྱིམ་དུ་མཆོད་ཁང་ཆེན་པོ་བཟོས་ཏེ་ནང་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་ལུགས་ཀྱི་ཉེས་མིང་འོག་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༢༨ ཉིན་ཨ་མདོ་རྫོང་ནས་ལྷ་སར་བཙན་འཁྲིད་བྱས་ཡོད་འདུག

རང་ལོ་ ༢༧ ཡིན་པའི་བུད་མེད་འཛུམ་དཀར་ལགས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་རང་ནས་ཡིན་ཞིང་། ཆུང་དུས་ནས་ཕ་མ་གཉིས་དང་ལྷན་དུ་འབྲོག་ལས་བྱས་ཏེ་འཚོ་བ་བསྐྱལ་ཡོད་པ་དང་། ཁྱིམ་ཚང་གི་གཞི་འཛིན་ཡང་ཡིན་འདུག  ཕྱི་ལོ་ ༢༠༡༦ ལོར་ཁོང་མོས་ནོར་ཚེ་ཞེས་པའི་སྐྱེས་པ་ཞིག་དང་གཉེན་སྒྲིག་བྱས་ཏེ་བྱིས་པ་གཉིས་ཡོད་འདུག 

བོད་ནས་ཉེ་སྔོན་ཡོང་མཁན་ཞིག་གིས་འདི་གའི་གསར་འགོད་པར། ཁོང་ཚོའི་ཕ་ཡུལ་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁོངས་སུ་ཕྱི་ལོ་ ༢༠༠༤ ཙམ་ལ་སྲིད་གཞུང་གིས་མི་མང་ལ་ཚོགས་འདུ་ཆེན་པོ་ཞིག་བསྡུས་ཏེ། ཕྱུག་པོ་ཡར་ཐོན་ཅན་དང་དཔེ་མཚོན་བྱས་རྗེས་ཅན་ཟེར་བའི་ཁྱིམ་ཚང་མང་པོ་ཞིག་ལ་༧གོང་ས་མཆོག་དང་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་རྣམ་གཉིས་མའོ་ཙེ་ཏུང་དང་ཀྲུའུ་ཨིན་ལའེ་གཉིས་མཉམ་དུ་ཡོད་པའི་སྐུ་པར་འཕྲེད་རིང་ཚོན་མེད་ཅིག་གཟེངས་རྟགས་ཀྱི་ཚུལ་དུ་སྤྲད་ཡོད་པ་མ་ཟད། མའོ་ཙེ་ཏུང་སོགས་དམར་ཤོག་གི་མགོ་འཁྲིད་ཚོའི་འདྲ་པར་ཆེན་པོ་རེ་གཟེངས་རྟགས་སུ་སྤྲད་མྱོང་ཡོད་ཀྱང་། ཕྱིས་སུ་༧གོང་ས་མཆོག་གི་སྐུ་པར་སྤྲོད་རྒྱུ་མེད་པ་ཆགས་སོང་སྐོར་བརྗོད་བྱུང་།

༧གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུའི་འཁྲུང་སྐར་བསླེབ་ལ་ཉེ་བ་དང་བསྟུན། འདི་ལོའི་ཕྱི་ཟླ་ ༥ ནས་བཟུང་བོད་ཀྱི་རྒྱལ་ས་ལྷ་གཙོ་བྱས་ཏེ་བོད་ཀྱི་ས་ཁུལ་མང་པོར་མི་མང་གི་ལག་ཁྱེར་ཁ་པར་དང་ཁྱིམ་དུ་སྔོག་བཤེར་དང་། བོད་མི་གནས་མཇལ་བ་དང་ཡུལ་སྐོར་བ་སོགས་ལ་༧གོང་ས་མཆོག་གི་སྐུ་པར་ཡོད་མེད་དང་བཙན་བྱོལ་བོད་མིར་འབྲེལ་བ་ཡོད་མེད་སོགས་ཀྱི་གང་བྱུང་འདྲི་རྩད་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གིས་ཆོས་དད་རང་མོས་ཡོད་ཅེས་བཅའ་ཁྲིམས་སུ་བཀོད་ཅིང་། དྲིལ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་ཀྱང་། བོད་ནང་གི་བོད་མི་སྤྱི་ཡོངས་དང་ལྷག་པར་དུ་སྲིད་གཞུང་གི་ལས་བྱེད་པ་དང་སློབ་ཕྲུག་རྣམས་དབྱར་དགུན་གྱི་གུང་སེང་སྐབས་སུའང་དགོན་པར་མཇལ་སྐོར་དང་། གསུང་ཆོས་ཞུ་བ་སོགས་བྱེད་མི་ཆོག་པའི་བཀའ་ཐེངས་མང་བསྒྲགས་ཡོད་པ་མ་ཟད། གཞུང་ཞབས་རྒྱུགས་ཞུགས་ཀྱི་ཆ་རྐྱེན་ནང་དུ་བོད་ཕྱི་ཕྱོགས་སུ་འབྲེལ་བ་གཏན་ནས་མེད་པའི་ཆ་རྐྱེན་བཏོན་ཡོད་པའི་གནས་ཚུལ་ཡང་ཡང་ཐོན་ཡོད་པ་རེད། 

འབྲེལ་ཡོད་གསར་འགྱུར།

The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦
བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལཊ་ཀློད་ཡོད་ཀྱང་མ་འོངས་པར་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

༢༠༢༣/༠༥/༡༢
བོད་རྒྱལ་ཐང་རྫོང་གི་སྤྱིའི་རྣམ་པ་དང་དོན་ཁོ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་རྒྱལ་ཐང་རྫོང་ནས་མི་གཉིས་འཛིན་བཟུང་བྱས་འདུག  

༢༠༢༣/༠༣/༣༡
In Front of Tsuglagkhang in lhasa,Tibet Capital Photo:Tibettimes
Mobile App

ལྷ་ས་ཁུལ་དུ་དོགས་ཟོན་ཞིབ་བཤེར་སྔར་ལྷག་བྱེད་བཞིན་འདུག

༢༠༢༢/༠༥/༠༧

མཆན། 1

  1. བློ་བཟང་མཁས་མཆོག says:
    ལོ་ 3 སྔོན།

    སྐུ་ཁམས་བཟང་། གུས་པ་ནག་ཆུའི་ཨ་མདོ་ནས་ཡིན་ཡང་གནས་ཚུལ་དེ་གོ་མ་སོང་། གསལ་ཙམ་སྒེར་ལ་གསུང་ན་འགྲིག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese