མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་ཆིངས་སྒྲིག་འཛུགས་ཀྱིས་ཐེངས་དང་པོར་རྒྱ་ནག་གི་ཚབས་ཆེའི་ཉེན་ཁ་ངོས་འཛིན་བྱས།

བོད་ཀྱི་དུས་བབ།
༢༠༢༢/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཐབས་ཇུས་(Nato 2022 Strategic Concept)ཞེས་པའི་ནང་དུ་རྒྱ་ནག་གིས་ཨུ་རུ་སུ་དང་མཉམ་ལས་བྱས་ཏེ་ད་ལྟའི་ཁྲིམས་སྒྲིག་གཞི་རྩར་འཛིན་པའི་རྒྱལ་སྤྱིའི་འགྲོ་ལུགས་གཏོར་ཐབས་བྱེད་བཞིན་ཡོད་སྐོར་འཁོད་འདུག

NATO heads of state and government meets in Madrid for three day summit on 29 June 2022. Photo: NATO Official site

ཁ་སང་ནས་ཉིན་གྲངས་གསུམ་རིང་ཡུ་རོབ་ཀྱི་ལྷོ་ནུབ་རྒྱལ་ཁབ་སི་པན་གྱི་རྒྱལ་ས་མེ་ཌི་རིཌ་ (Madrid) ནང་ནུབ་གླིང་རྒྱལ་ཁབ་ཁག་ལས་གྲུབ་པའི་བྱང་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཆེན་འཚོག་བཞིན་པའི་ཐོག སྒྲིག་འཛུགས་ཀྱི་ལོ་ངོ་ ༧༠ ལྷག་གི་ལོ་རྒྱུས་ནང་ཐེངས་དང་པོར་རྒྱ་ནག་དེ་ཐབས་ཇུས་ཀྱི་ཐོག་ནས་ཉེན་ཁ་ཞིག་ཡིན་པར་ངོས་འཛིན་བྱས་འདུག་པ་མ་ཟད། རྒྱ་ནག་གི་སྟོབས་ཤུགས་རྒྱ་སྐྱེད་ལ་འགོག་ཐབས་ཀྱི་ཚུལ་དུ་སྒྲིག་འཛུགས་ཀྱི་ཁོངས་སུ་མ་གཏོགས་པའི་ཨེ་ཤ་ཡའི་རྒྱལ་ཁབ་སྐོར་ཞིག་ཀྱང་ཚོགས་ཆེན་ནང་ཞུགས་ཡོད་འདུག

ཨུ་རུ་སུ་ནི་སྔར་མུས་བཞིན་བྱང་ཆིངས་སྒྲིག་འཛུགས་ཀྱི་བློ་འཚབ་བྱ་ཡུལ་གྱི་རྒྱལ་ཁབ་གཅིག་པུ་དེ་ཡིན་ནའང་། ཁ་སང་བྱང་ཆིངས་རྒྱལ་ཁབ་ཀྱི་མགོ་འཁྲིད་ཚོས་སྒྲིག་འཛུགས་དེའི་འབྱུང་འགྱུར་ལོ་བཅུ་ཕྲག་རིང་གི་ལངས་ཕྱོགས་དང་བསྒྲུབ་བྱ་སོགས་འཁོད་པའི་ཐབས་ཇུས་འཆར་བཀོད་གཏན་འབེབ་བྱས་ཡོད་ཅིང་། དེའི་ནང་ཨུ་རུ་སུ་དེ་བྱང་ཆིངས་སྒྲིག་འཛུགས་དང་དེའི་མཐུན་གྲོགས་རྒྱལ་ཁབ་རྣམས་ཀྱི་བདེ་འཇགས་ལ་ཉེན་ཚབས་ཆེ་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པ་དང་། རྒྱ་ནག་ནི་སྒྲིག་འཛུགས་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་རྣམས་ཀྱི་བདེ་འཇགས་དང་། ཁེ་ཕན། རིན་ཐང་བཅས་ལ་ཉེན་ཁ་བཟོ་མཁན་ཞིག་ཡིན་པ་ངོས་འཛིན་བྱས་འདུག་པ་ལྟར། སྒྲིག་འཛུགས་དེའི་སྤྱི་ཁྱབ་དྲུང་ཆེ་ཇེན་སི་སོ་ཊོལ་ཊན་བྷག་ (Jens Stoltenberg) གིས། ད་ལྟ་ང་ཚོ་དམག་དོན་ཐབས་ཇུས་ཀྱི་ཐད་ལ་འགྲན་སློང་བྱེད་བཞིན་པའི་དུས་སྐབས་ཤིག་ལ་སླེབས་ཡོད། རྒྱ་ནག་གིས་རྡུལ་ཕྲན་མཚོན་ཆ་བཟོ་སྐྲུན་གྱིས་མཚོན་པའི་དམག་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་མ་ཟད། ཐའེ་ཝན་ཚུད་པའི་རང་གི་ཁྱིམ་མཚེས་རྣམས་ལ་བརྙས་བཅོས་བྱེད་བཞིན་ཡོད་པ་རེད། ཅེས་དང་། རྒྱ་ནག་ནི་ང་ཚོའི་དགྲ་བོ་མིན་ནའང་། རྒྱ་ནག་གིས་ང་ཚོའི་མིག་སྔར་སྐྲུན་བཞིན་པའི་ཉེན་ཁ་དག་ལ་ང་ཚོས་ཡིད་གཟབ་བྱ་དགོས་པ་ཡིན། ཞེས་བརྗོད་འདུག

NATO 2022 strategic concept. Photo:NATO official site

ཁ་སང་གཏན་འབེབ་བྱས་པའི་བྱང་ཆིངས་སྒྲིག་འཛུགས་ཀྱི་ཐབས་ཇུས་(Nato 2022 Strategic Concept) ཞེས་པའི་ནང་རྒྱ་ནག་སྐོར་ལ་འདི་ལྟར་བཀོད་ཡོད་དེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་འདོད་དང་བཙན་དབང་གི་སྲིད་ཇུས་དག་གིས་ང་ཚོའི་ཁེ་ཕན་དང་བདེ་འཇགས། རིན་ཐང་བཅས་ལ་ཁ་གཏད་གཅོག་བཞིན་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆབ་སྲིད་དང་། དཔལ་འབྱོར། དམག་དོན་བཅས་བརྒྱུད་ནས་རང་གི་དབང་ཤུགས་དང་ཤུགས་རྐྱེན་གོ་ལ་ཡོངས་ལ་སྐྱེད་ཐབས་བྱེད་བཞིན་ཡོད་ནའང་། ཕྱོགས་གཞན་ཞིག་ནས་རང་གི་ཐབས་ཇུས་དང་། དམིགས་ཡུལ། དམག་གི་སྟོབས་ཤུགས་བཅས་ཀྱི་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་བཟོ་ཡི་མེད། ཅེས་དང་། རྒྱ་ནག་གིས་བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་མཐུན་གྲོགས་རྒྱལ་ཁབ་རྣམས་ལ་དམིགས་པའི་དྲ་ལམ་འཇབ་རྒོལ་དང་གནས་ཚུལ་རྫུན་སྒྲོག རྒོལ་གཏམ་དག་གིས་བདེ་འཇགས་ལ་གནོད་འཚེ་སྐྱེལ་བཞིན་ཡོད་པ་དང་། རྒྱ་ནག་གིས་རང་གི་དཔལ་འབྱོར་སྟོབས་ཤུགས་སྤྱད་དེ་དབང་ཤུགས་རྒྱ་སྐྱེད་དང་། རྒྱལ་སྤྱིའི་གལ་གནད་ཅན་གྱི་འཛུགས་སྐྲུན་དང་འཕྲུལ་རིག བཟོ་ལས། གཞན་ཡང་ཐོན་ཟོག་འགྲེམས་ཚོང་གི་ལམ་ལུགས་བཅས་པར་སྟངས་འཛིན་བྱ་རྒྱུར་བརྩོན་བཞིན་པ། དེ་བཞིན་ཨུ་རུ་སུ་དང་མཉམ་ལས་བྱས་ཏེ་ད་ཡོད་ཁྲིམས་སྒྲིག་གཞི་རྩར་འཛིན་པའི་རྒྱལ་སྤྱིའི་འགྲོ་ལུགས་དེ་སྣུབ་ཐབས་བྱེད་ཀྱི་ཡོད་སྐོར་འཁོད་འདུག

འདི་ལོའི་ནེ་ཊོའི་ཐབས་ཇུས་ནང་ཐོག་དང་པོར་རྒྱ་ནག་གི་ཉེན་ཁའི་རང་བཞིན་གླེང་སློང་བྱས་པར་བརྟེན། རྒྱ་ནག་གི་ཕྱི་སྲིད་མགྲིན་ཚབ་པ་ཀྲའོ་ལི་ཅན་ཟེར་བ་དེས། ནེ་ཊོས་གྲང་དམག་གསར་བ་སློང་ཐབས་དང་། ཡུ་རོབ་ཟང་ཟིང་བཟོས་རྗེས་ཨེ་ཤ་ཡ་དང་འཛམ་གླིང་ཟང་ཟིང་བཟོ་རྒྱུ་དེ་མཚམས་འཇོག་བྱེད་དགོས་སྐོར་དང་། གཞན་ཡང་ནེ་ཊོའི་ངོས་ནས་གྲང་དམག་གི་བསམ་བློའི་འཁྱེར་སོ་དེ་དོར་ནས་དགྲ་བོ་བསྐྲུན་རྒྱུའི་བྱ་འགུལ་རྣམས་འཕྲལ་དུ་མཚམས་འཇོག་དགོས་སྐོར་བཤད་ཡོད་འདུག

ལོ་ཤས་གོང་ནས་ཨ་རི་གཙོས་པའི་ནུབ་གླིང་རྒྱལ་ཁབ་རྣམས་ཀྱིས་རྒྱ་ནག་གི་སྟོབས་ཤུགས་འཕེལ་རྒྱས་ལ་དོགས་ཟོན་གྱིས། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་སྲིད་ཇུས་དེ་དཀྱིལ་ཤར་ཨེ་ཤ་ཡ་ནས་ལྷོ་ཤར་ཨེ་ཤ་ཡར་ཁ་ཕྱོགས་ཡོད། ད་ལན་གྱི་ནེ་ཊོའི་ཚོགས་ཆེན་ནང་ཐེངས་དང་པོར་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཨོ་སི་ཀྲོ་ལི་ཡ། ནིའུ་ཛི་ལན་ཌི་བཅས་ཀྱི་སྲིད་བློན་རྣམས་མགྲོན་འབོད་བྱས་ཡོད་ཅིང་། འདི་ལོར་བདམས་ཐོན་བསྐོ་གཞག་བྱུང་བའི་ཨོ་སི་ཀྲོ་ལི་ཡའི་སྲིད་བློན་ཨེན་ཐོ་ནི་ཨལ་བྷེ་ནི་སི་(Anthony Albanese) ཡིས། རྒྱ་གར་དང་ཨུ་རུ་སུའི་འབྲེལ་ལམ་ཡར་རྒྱས་འགྲོ་བཞིན་པ་དེས་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཚང་མར་ཉེན་ཁ་བསྐྲུན་ཡོད་སྐོར་དང་། ནིའུ་ཛི་ལན་ཌིའི་སྲིད་བློན་ལྕམ་ཇི་སིན་ཌ་ཨར་ཌེན་ (Jacinda Ardern) གྱིས་ཀྱང་རྒྱ་ནག་གི་དབང་ཤུགས་ལ་ངོ་རྒོལ་བྱས་ཡོད་པ་རེད་འདུག

China’s President Xi Jinping inspects People’s Liberation Army soldiers at a barracks in Hong Kong on June 30, 2017.
Dale De La Rey | AFP | Getty Images

བྱང་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༡༠ ལོར་བཞག་པའི་ཐབས་ཇུས་དེ། ད་ལྟ་ཏ་ལི་བྷན་དམག་ཚོགས་ཀྱི་དབང་བསྒྱུར་འོག་ཡོད་པའི་དཀྱིལ་ཤར་ཨེ་ཤ་ཡའི་ཨབ་གྷན་རྒྱལ་ཁབ་ལ་ཁ་གཏད་ཡོད་པ་མ་ཟད། ད་ལན་དང་མི་འདྲ་བར་རྒྱ་ནག་མིང་འབོད་བྱས་མེད་ཅིང་། ཨུ་རུ་སུ་དང་ནེ་ཊོའི་དབར་ལ་གྲོགས་འདྲིས་བྱ་རྒྱུའི་འདུན་པ་བཅངས་ཡོད་པ་རེད། འོན་ཀྱང་ད་ལན་ཨུ་རུ་སུས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་དང་གནོན་ཤུགས་ལ་མ་འཛེམ་པར། རང་ཀྱི་ལྷོ་ནུབ་ཁྱིམ་མཚེས་རྒྱལ་ཁབ་ཡུ་ཀེ་རེན་ལ་དམག་དཔུང་གིས་བཙན་འཛུལ་བྱས་ཏེ་ད་ལྟའང་དམག་ཕྱིར་འཐེན་བྱས་མེད་པའི་གནད་དོན་དེ་དང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་དམག་གི་རྟེན་གཞི་འཛུགས་སྐྲུན་རྒྱ་སྐྱེད་དང་། ཐའེ་ཝན་གྱི་མཁའ་འགྲམ་ནས་འཐབ་འཁྲུག་གནམ་གྲུ་བསྟུད་མར་མངག་གཏོང་གིས་འཇིགས་སྐུལ་བྱེད་བཞིན་པ་དང་། རྒྱལ་སྤྱིའི་ཐོག་རྒྱུད་གཅིག་ལམ་གཅིག་ཅེས་པའི་འཛུགས་སྐྲུན་ལས་གཞི་བརྒྱུད་རྒྱལ་ཁབ་འཁོས་དམན་རྣམས་རང་གི་ཤུགས་རྐྱེན་འོག་འཇུག་ཐབས་ཀྱི་གཡོ་སྒྱུའི་སྲིད་ཇུས་སྤེལ་བཞིན་པ་སོགས་ལ་བརྟེན། ལོ་ངོ་ ༧༠ ལྷག་གི་གོང་ཨུ་རུ་སུ་མཉམ་འབྲེལ་ལ་ཁ་གཏད་གཅོག་རྒྱུའི་དམིགས་ཡུལ་འོག་བཙུགས་པའི་མནའ་འབྲེལ་རྩ་འཛུགས་འདིའི་ལངས་ཕྱོགས་དང་བཅས་པར་འགྱུར་བ་ཐེབས་བཞིན་ཡོད་པ་རེད།

ནེ་ཊོའམ་བྱང་ཨེ་ཊི་ལན་ཊིག་རྒྱ་མཚོའི་ཆིངས་ཡིག་སྒྲིག་འཛུགས་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་(༡༩༣༥-༡༩༤༥)མཇུག་སྒྲིལ་རྗེས། ཡུ་རོབ་དབུས་མ་དང་ཤར་ཕྱོགས་སུ་ཡོད་པའི་ཨུ་རུ་སུ་མཉམ་འབྲེལ་གྱི་དམག་ཤུགས་ལ་ཁ་གཏད་གཅོག་ཆེད་ཐོག་མར་ཕྱི་ལོ་ ༡༩༤༩ ལོར་བཙུགས་པ་ཞིག་ཡིན་ལ། གསར་འཛུགས་བྱེད་སྐབས་ཐོག་མའི་ཆར་བྷེལ་ཇམ་དང་། ཁེ་ན་ཌ། ཌེན་མག ཧྥ་རན་སི། ཨའེ་སི་ལེན་ཌི། ཨི་ཊ་ལི། ལུ་ཛེམ་བྷག(Luzembourg) ནི་ཐར་ལེན་ཌི། ནོར་ཝེ། པོར་ཇུ་གྷལ། དབྱིན་ཇི། ཨ་རི་བཅས་རྒྱལ་ཁབ་ ༡༣ མ་གཏོགས་མེད་ཀྱང་། ཕྱིས་སུ་ཕྱི་ལོ་ ༡༩༥༢ ལོར་གྷི་རི་སི་དང་། ཊར་ཀི་གཉིས་དང་། ཕྱི་ལོ་ ༡༩༥༥ ལོར་ནུབ་འཇར་མ་ནི། ཕྱི་ལོ་ ༡༩༨༢ ལོར་སི་པན། ཕྱི་ལོ་ ༡༩༩༩ ལོར་ཅེག་སྤྱི་མཐུན་རྒྱལ་ཁབ་དང་། ཧང་གྷེ་རི། པོ་ལེན་ཌི་བཅས་ཞུགས་ཡོད་པ་དང་། དེའི་རྗེས་རིམ་པས་བྷལ་གྷེ་རི་ཡ་(Bulgaria) དང་། ཨེ་སི་ཊོ་ནི་ཡ། ལི་ཐུ་ནི་ཡ་སོགས་ཡུ་རོབ་ཀྱི་རྒྱལ་ཁབ་ཕལ་ཆེ་བ་ཞུགས་ནས་ད་ལྟའི་ཆར་ནེ་ཊོའི་ནང་ཚོགས་ཁོངས་རྒྱལ་ཁབ་ ༣༠ ཡོད་པ་རེད། དེའི་ཁྲོད་ནས་ཚོགས་མི་གསར་ཤོས་དེ་ཕྱི་ལོ་ ༢༠༢༠ ལོར་ཞུགས་པའི་བྱང་མེ་སེ་ཌོ་ནི་ཡ་རྒྱལ་ཁབ་དེ་ (North Macedonia)  ཡིན་པ་རེད།

འདས་པའི་ལོ་ངོ་ ༧༠ ལྷག་གི་ལོ་རྒྱུས་ནང་ནེ་ཊོ་སྒྲིག་འཛུགས་དེ་རིམ་བཞིན་ཡུ་རོབ་ཤར་ཕྱོགས་སུ་རྒྱ་སྐྱེད་ཕྱིན་ཡོད་ཅིང་། དེ་ནི་ཨུ་རུ་སུར་མཚོན་ན་རང་གི་རྒྱལ་སྲུང་དང་བདེ་འཇགས་ཀྱི་གནད་དོན་ཚབས་ཆེ་ཤོས་དེ་ཡིན་པས། འདི་ལོར་ཡུ་ཀེ་རེན་ལ་བཙན་འཛུལ་བྱེད་དགོས་པའི་རྒྱུ་མཚན་གཅིག་དེ་ལ་ཐུག་ཡོད། འོན་ཀྱང་ཨུ་རུ་སུས་ནུབ་གླིང་གི་སྟོབས་ཤུགས་ལ་འཛེམ་ཟོན་གང་ཡང་མེད་པར་ཡུ་ཀེ་རེན་ལ་དམག་དྲངས་པ་དེས། ལོ་རྒྱུས་ཐོག་དམག་འཁྲུག་སྐབས་བར་གནས་སུ་གནས་པའི་རང་གི་ནུབ་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལེན་ཌི་དང་། སི་ཝེ་ཌན་གཉིས་ཀྱིས་བར་གནས་ཀྱི་གནས་བབ་དོར་ཏེ་ནེ་ཊོའི་ནང་ཞུགས་རྒྱུའི་སྙན་ཞུ་ཕུལ་བ་ལྟར། ཁ་སང་ནེ་ཊོས་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་ཁབ་དེ་གཉིས་སྒྲིག་འཛུགས་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཡོད་འདུག་ལ། ཡུ་ཀེ་རེན་གྱིས་ཀྱང་ཚོགས་ཞུགས་སྙན་ཞུ་ཕུལ་ཟིན་པ་ལྟར་ཚོགས་ཁུངས་སུ་ཚུད་ལ་ཉེ་སྐོར་གྱི་གནས་ཚུལ་ཐོན་བཞིན་ཡོད་པ་རེད།

གསར་འགོད་པ། པ་སངས་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Advertisement for App

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུ།

ཆུ་ཚོད་ ༩ སྔོན་ལ།
Photo Credit: The European Parliament
༸གོང་ས་མཆོག གསར་འགྱུར།

རྒྱ་ནག་གཞུང་གིས་སྐུའི་ཡང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་བྱས།  

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༧།༠༥
༸གོང་ས་མཆོག གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༡ སྔོན་ལ།
The BBC visited the Kirti monastery in Aba as the Dalai Lama turned 90
Mobile App

༧སྐུའི་གོ་སྟོན་དང་འབྲེལ་བོད་ནང་དུ་དམ་དྲག་ཤུགས་ཆེན་བྱེད་བཞིན་འདུག

༢༠༢༥/༠༧/༠༤
རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག ལྷ་སྲས་བསོད་ནམས་ཀྱི་པར། ༢༠༢༥།༧།༤
Mobile App

རྒྱ་གཞུང་གིས་རེབ་གོང་གི་དྲུག་པའི་ཀླུ་རོལ་གྱི་དུས་ཆེན་བཀག་འགོག་བྱས་འདུག

༢༠༢༥/༠༧/༠༤
༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༧།༤
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་ཆོས་ཚོགས་ཐེངས་བཅོ་ལྔ་བའི་ཐོག་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་ཁག་སྙན་སེང་ཞུས།

༢༠༢༥/༠༧/༠༤

མཆན། 1

  1. ཚར་པ་ལོ་ཆེན་ says:
    ལོ་ 3 སྔོན།

    གསར་འགོད་པ་ལ་གུས་བཏུད་དང་འབྲེལ་ཐ་སྙད་བེད་སྤྱོད་གནང་སྟང་ལ་བསམ་འཆར་ཅུང་ཟད་ཙམ་ཞུས་ན་རྩོམ་བྲིས་འདིའི་འགོ་བརྗོད་ལ་བྱང་་ཕྱོགས་ཨ་ཌ་ལཎ་ཌ་ཆིངས་སྒྲིགས་རྒྱལ་ཚོགས་ཟེར་ན་འོས་པ་མིན་ནམ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese