མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་བོད་མི་ཚོས་དམར་གསོད་དོན་རྐྱེན་དེར་གདུང་སེམས་མཉམ་སྐྱེད་ཀྱི་བྱ་འགུལ་སྤེལ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་ཧྥ་རན་སིའི་རྒྱའི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་མཁན་བོད་མི་ཞིག་དམར་གསོད་བཏང་བའི་དོན་རྐྱེན་ཁྲིམས་གཏུག་ཆེད་འཕྲལ་དུ་ཁྲིམས་རྩོད་པ་ཚད་ལྡན་ཞིག་གླ་དང་ཧྥ་རན་སིའི་སྲིད་བློན་སོགས་ཀྱི་མཚན་ཐོག་ཏུ་གནད་དོན་སྙན་ཞུ་འབུལ་འཆར་ཡོད་འདུག

ཧྥ་རན་སིའི་ནོར་མན་ཌི་(Normandie) ས་གནས་སུ་ཡོད་པའི་ (Saint-Léonard) ཟེར་བའི་ (Fecamp) གྲོང་རྡལ་ཉེ་འཁྲིས་ཀྱི་རྒྱའི་ཟ་ཁང་།

ཉིན་ཤས་གོང་དུ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིའི་ནོར་མན་ཌི་ཞེས་པའི་ས་གནས་ཀྱི་རྒྱའི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་མཁན་བོད་མི་ཞིག་ལ་གྲིས་བརྒྱབ་སྟེ་བསད་པའི་དོན་རྐྱེན་བྱུང་བར་བརྟེན། ཁ་སང་ཕྱི་ཚེས་ ༡༣ ཉིན་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། ས་གནས་དོན་གཅོད་འབྲེལ་མཐུད་པ། ཧྥ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་ཚོགས་གཞོན། ས་གནས་ཀྱི་ཆོལ་ཁ་གསུམ་གྱི་སྐྱིད་སྡུག་གི་ཚོགས་གཙོ་ཚོགས་གཞོན་རྣམ་པ། དེ་བཞིན་ས་གནས་གཞོན་ནུ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་འཐུས་མིས་ཛ་དྲག་ཚོགས་འདུ་བསྡུས་ཏེ། ཉེ་སྔོན་བྱུང་བའི་དོན་རྐྱེན་དེའི་སྐོར་གྲོས་བསྡུར་བྱས་ཏེ་ཐག་གཅོད་དོན་ཚན་ ༥ ཕྱིར་བསྒྲགས་བྱས་འདུག

འཕྲལ་དུ་ཁྲིམས་རྩོད་པ་ཚད་ལྡན་ཞིག་གླས་ནས་མི་བསད་པའི་གནད་དོན་ཞུ་གཏུག་བྱ་རྒྱུ་དང་། ཧྥ་རན་སིའི་སྲིད་བློན་དང་ཁྲིམས་དོན་བློན་ཆེན། ནང་སྲིད་ལས་ཁུངས་དང་ཉེན་རྟོག་ལས་ཁུངས་བཅས་སུ་བོད་རིགས་ཚོགས་པའི་མིང་ཐོག་ནས་སྙན་ཞུ་འབུལ་རྒྱུ། དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ཧྥ་རན་སིར་གནས་སྡོད་བོད་རིགས་རྣམས་ཀྱིས་ཕེ་རི་སི་ལ་བོད་མི་གང་མང་མཉམ་ཞུགས་ཀྱིས་མྱ་ངན་གོམ་བགྲོད་བྱ་རྒྱུ། དེ་བཞིན་ཕྱི་ཚེས་ ༡༨ ཉིན་དོན་རྐྱེན་བྱུང་སའི་ཁུལ་དུ་མྱ་ངན་གོམ་བགྲོད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་བོད་རིགས་ཚོགས་པ་གོ་སྒྲིག་འོག་གདུང་སེམས་མཉམ་སྐྱེད་དང་མཆོད་འབུལ་སྨོན་ལམ་འཚོག་རྒྱུ་ཡིན་པ་མ་ཟད། རྒྱའི་ཟ་ཁང་ནང་ལས་ཀ་བྱེད་བཞིན་པའི་བོད་མི་ཚང་མས་ཟླ་གཅིག་རིང་ལས་མཚམས་བཞག་ནས་ངོ་རྒོལ་གྱི་རྣམ་འགྱུར་སྟོན་དགོས་པའི་རེ་སྐུལ་བྱས་ཡོད་པ་དང་སྦྲགས། ས་གནས་བོད་མི་རྣམས་ནས་གཟབ་གཟབ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

དེའི་སྐོར་ལ་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་འདི་གའི་གསར་འགོད་པར། ང་ཚོའི་མི་ཚེའི་ནང་ལ་ལས་ཀ་བྱེད་སའི་ཁུལ་དུ་རྙོག་དྲ་ཆུང་ཆུང་ཡོང་གི་རེད། ཡིན་ནའང་སྲོག་གཅོད་དགོས་པའི་གནས་སྟངས་ཡོང་གི་མ་རེད་བསམ་གྱི་འདུག གནས་ཚུལ་དེའི་སྐོར་གོ་བ་དང་སེམས་གཏན་ནས་སྐྱིད་པོ་བྱུང་མ་སོང་། རྒྱ་ནག་གཞུང་གིས་བོད་ཀྱི་ལུང་པ་འཕྲོག་པ་དང་། བོད་ཀྱི་བཙོན་པ་མང་པོ་བཙོན་ཁང་ནང་དུ་བཅུག་པ་སོགས་གནད་དོན་མང་པོ་བྱུང་གི་ཡོད་པ་རེད། རྒྱ་མིས་བོད་པ་བསད་པའི་གནད་དོན་འདི་ཐོག་མ་དང་མཐའ་མ་ཡིན་པའི་རེ་བ་ཡོད། ཅེས་དང་། ད་ལྟའི་ཆར་གནད་དོན་འདིའི་ཐོག་ལ་ས་གནས་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་སོགས་གསུངས་བྱུང་།

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཧྥ་རན་སིའི་ (Normandie) ས་གནས་སུ་ཡོད་པའི་ (Saint-Léonard) ཟེར་བའི་ (Fecamp) གྲོང་རྡལ་དང་ཐག་ཉེར་ཡོད་པའི་རྒྱའི་ཟ་ཁང་ཞིག་ནང་ལས་ཀ་བྱེད་མཁན་བོད་མི་ཚུལ་ཁྲིམས་ཞེས་པར་རྒྱ་མིས་རྒྱུ་མཚན་ཅི་ཡིན་ཁ་གསལ་མེད་པར་གྲིས་བརྒྱབ་སྟེ་བསད་ཡོད་པ་དང་། དམར་གསོད་དོན་རྐྱེན་དེ་བྱུང་རྗེས་ཕྱི་ཚེས་ ༡༢ ཉིན་ཧྥ་རན་སིའི་ (Park Dolby) ས་གནས་སུ་བོད་མི་ཁག་ཅིག་གིས་བསྔོ་སྨོན་གསུང་འདོན་བྱས་ཡོད་པ་དང་། དེ་བཞིན་བོད་མི་ཁ་ཤས་ཤིག་ཟ་ཁང་དེའི་ཉེ་འཁྲིས་སུ་ཕྱིན་ཏེ་མར་མེའི་ཁྲོམ་སྐོར་བྱས་ཡོད་འདུག

ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་དམར་གསོད་དོན་རྐྱེན་དེའི་སྐོར་ལ་གླེང་སློང་མང་པོ་བྱེད་བཞིན་འདུག ཧྥ་རན་སི་སོགས་ཡུ་རོབ་དང་ཨ་རི་སོགས་སུ་ཡོད་པའི་རྒྱ་མིའི་ཟ་ཁང་དང་ཚོང་ཁང་ནང་ལས་ཀ་བྱེད་མཁན་བོད་མི་མང་པོ་ཡོད་པ་དང་། ད་ལན་གྱི་དམར་གསོད་དོན་རྐྱེན་དེ་བྱུང་རྗེས། ཧྥ་རན་སིའི་ནང་ཡོད་པའི་རྒྱའི་ཟ་ཁང་ནང་དུ་ལས་ཀ་བྱེད་མཁན་བོད་མི་མང་པོ་ཞིག་གིས་གདུང་སེམས་མཉམ་སྐྱེད་མཚོན་སླད་ལས་འགུལ་ནང་མཉམ་ཞུགས་དགོས་པའི་སྐུལ་འདེད་གཏོང་གི་ཡོད་པ་མ་ཟད། ཉིན་ཤས་རིང་དང་ཡང་ན་ཟླ་གཅིག་ལ་ལས་མཚམས་འཇོག་མཁན་དང་། ཡང་རྦད་དེ་ལས་ཀ་ནས་རྩ་དགོངས་ཞུ་མཁན་ཡང་ཡོང་གི་ཡོད་འདུག

ཧྥ་རན་སིར་གནས་སྡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། བོད་རིགས་སྐྱེས་པ་དེའི་མིང་ལ་ཚུལ་ཁྲིམས་ཟེར་ཞིང་། བོད་ལི་ཐང་ནས་ཡིན་པ་དང་། ཁོས་རྒྱའི་ཟ་ཁང་དེའི་ནང་ལས་ཀ་བྱས་ནས་ཉིན་གྲངས་འགའ་ལས་འགྲོ་ཡི་མེད་སྐོར་དང་། རྒྱའི་ཟ་ཁང་དེའི་སྦྱིན་བདག་བཟའ་ཟླ་གཉིས་སོགས་ཀྱིས་རུབ་བརྒྱབ་སྟེ་གསོད་རྩིས་རང་བྱས་ནས་གྲིས་མང་པོ་བརྒྱབ་རྗེས་མི་མཐོང་ས་ཞིག་ཏུ་གཡུགས་ཡོད་ཀྱང་། ཕྱིས་སུ་མི་ཞིག་གིས་མཐོང་སྟེ་སྨན་ཁང་དུ་བསྐྱལ་ཡོད་ཀྱང་ཕན་ཐོགས་བྱུང་མེད་སྐོར་བརྗོད་བྱུང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 1

  1. བོད says:
    ལོ་ 4 སྔོན།

    ཅིའི་ཕྱིར་རྒྱ་མིའི་ཟ་ཁང་དུ་ལས་ཀ་བྱས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese