མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱའི་བཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་བཏོན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༢/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཞི་བའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་ཨ་རིས་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁྲིམས་འཆར་བཏོན་ཡོད་འདུག

Congressman Jim McGovern and Rep .Michael McCaul, R-Texas passes bill promoting Sino-Tibet conflict resolution.

ཁ་སང་ཕྱི་ཚེས་ ༡༣ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་གསར་པ་བཏོན་ཡོད་པ་དང་། བོད་དོན་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝེན་ (Jim McGovern)ལགས་དང་།ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་མེ་ཁོལ་ (Michael McCaul)ལགས་གཉིས་ཀྱིས་གྲོས་ཚོགས་ནང་།ད་ལྟའང་བོད་རྒྱའི་དཀའ་རྙོག་སེལ་མེད་པ་དང་།རྒྱལ་སྤྱིའི་ཁྲིམས་ཀྱི་ཐོག་ནས་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་ད་དུང་ཐག་གཅོད་གནང་མེད་པར་ངོས་འཛིན་པའི་ཐོག་ནས།རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་བོད་མི་རྣམས་ལ་བོད་ཀྱི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་།ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་བདག་དབང་འཕྲོག་བཞིན་ཡོད་པ་དང་།བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་སྐོར་དང་བོད་ནང་ཡོད་པའི་བོད་མི་རྣམས་ལ་རྡུང་རྡེག་དང་འགྲོ་བ་མིའི་ཐོབ་ཐང་འཕྲོག་པ་སོགས་གསལ་པོར་བསྟན་ནས།བོད་རྒྱའི་དཀའ་རྙོག་སེལ་བར་བོད་མི་དམངས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་བརྟེན།ཞི་བའི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་བར་ཨ་རིས་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་པའི་ཁྲིམས་འཆར་བཏོན་ཡོད་འདུག

གནས་ཚུལ་དེ་དང་འབྲེལ་དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཊེ་ཊིར་སྤྱི་ཚོགས་དྲ་ལམ་སྟེང་།བོད་མིའི་སྒྲིག་འཛུགས་ངོས་ནས་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་དེ་བཏོན་མཁན་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ལ།ཁྲིམས་འཆར་དེ་བརྒྱུད་བོད་རྒྱའི་བཀའ་རྙོག་སེལ་ཐབས་སུ་སྐུལ་འདེད་གཏོང་ཆེད།ཁྲིམས་འཆར་དེ་ཨ་རིའི་གཞུང་འབྲེལ་སྲིད་བྱུས་ཤིག་ཆགས་ཏེ།བོད་ཀྱི་ཁྲིམས་མཐུན་གོ་གནས་སྔར་བཞིན་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་ནས།རྒྱ་ནག་གཞུང་གིས་བོད་དེ་ཁྲིམས་འགལ་ངང་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་མངའ་ཁུངས་ཡིན་པའི་རྫུན་བསྒྲགས་དེ་ཐེར་འདོན་བྱས་ཡོད་སྐོར་བཀོད་འདུག

ཡང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་མཆོག་གྲུབ་ལགས་ཀྱིས།ཨ་རིའི་གཞུང་ནས་བོད་དོན་ལ་རྒྱབ་སྐྱོར་ཆེན་པོ་ཡོད་པ་ལྟར།བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ཨ་རིའི་གཞུང་གི་ངོས་ནས་གོམ་པ་མདུན་སྤོས་དང་ནུས་པ་ཤུགས་ཆེ་རུ་གཏོང་བའི་ཁྲིམས་འཆར་བཏོན་གནང་ཡོད་པ་རེད། ཁྲིམས་འཆར་དེའི་ནང་གནད་དོན་གལ་ཆེ་ཤོས་གཉིས་ནི། བོད་རྒྱའི་དཀའ་རྙོག་གི་གནད་དོན་ད་ལྟའང་སེལ་མེད་པ་དང་།རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་ཡིན་རུང་བོད་ཀྱི་ཁྲིམས་མཐུན་གྱི་གནས་བབ་དེ་ད་ལྟ་ཐག་གཅོད་བྱས་མེད་པར་ངོས་འཛིན་པའི་ཐོག་ནས་ཁྲིམས་འཆར་བཏོང་ཡོད་པ་རེད།དེ་བཞིན་བོད་མི་ཚོའི་བདག་དབང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེརྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་བོད་མི་རང་ལ་ཡོད་པ་དང་།ད་ལྟའི་ཆར་རྒྱ་ནག་སྲིད་གཞུང་གིས་བོད་མི་ཚོའི་ཐོབ་ཐང་འཕྲོག་བཞིན་ཡོད་པ་གསལ་པོ་སྟོན་གྱི་ཡོད་རེད།ད་ལྟའི་ཁྲིམས་འཆར་གྱི་རྒྱབ་ལྗོངས་ནི་རྒྱ་ནག་གིས་བོད་ཀྱི་རྒྱལ་ཁབ་ལ་བདག་དབང་བཙན་བཟུང་བྱས་ཏེ་བདག་དབང་བསྐྲུན་རྒྱུའི་ཐབས་ཤེས་གཏོང་གི་ཡོད་རེད་དེ།རྒྱ་ནག་ལ་བདག་དབང་མེད་པ་གསལ་པོ་སྟོན་པ་དང་ལོ་རྒྱུས་ཀྱི་ཐོག་ནས་བོད་ཀྱི་བདག་དབང་རྒྱ་ནག་མིན་པ་གསལ་པོ་ཤེས་པའི་བརྡ་ལན་སྤྲད་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

སྐུ་ཚབ་དོན་གཅོད་ལགས་ནས་མུ་མཐུད།ད་ལྟ་ཁྲིམས་ཆར་འདིའི་བརྒྱུད་ནས་ད་ལྟའི་བོད་དོན་ཐོག་ལ་དམིགས་བསལ་འབྲེལ་མཐུད་པས་བོད་རྒྱའི་དཀའ་རྙོག་སེལ་བར་གྲོས་མོལ་གྱི་ལམ་ནས་ཞུ་དགོས་པའི་འགན་ཡོད་པ་དང་།རྒྱ་ནག་གི་བོད་ཀྱི་ཐོག་ལ་ལོ་རྒྱུས་དང་བོད་མིའི་སྤྱི་ཚོགས།དེ་བཞིན་བོད་མིའི་འཐབ་རྩོད་དང་༧གོང་ས་མཆོག་གི་སྒྲིག་འཛུགས།སྐུ་དབང་གི་ཐད་ལ་ལོག་ཤེས་དང་ཐེ་ཇུས་བྱེད་ཀྱི་ཡོད་པ་རྣམས་ལ་གདོང་ལེན་བྱེད་དགོས་པ་དེ་ཁྲིམས་འཆར་འདིའི་བརྒྱུད་ནས་ཤུགས་ཆེ་རུ་འགྲོ་ཡི་རེད།ཁྲིམས་འཆར་བཏོན་ཚར་རྗེས་ད་ལྟའི་གྲོས་ཚོགས་ཀྱི་ལས་རིམ་དང་འགྲོ་སྟངས་འགྲོ་ལུགས་ཀྱི་སྒོ་ནས་ལྷ་རབས་བྱུང་ན་གྲོ་ས་ཚོགས་འོག་མའི་ནང་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་ཡོད་ན།གྲོས་ཚོགས་གོང་མའི་ནང་བསླེབས་ཏེ་རྒྱབ་སྐྱོར་ཐོབ་ན་སྲིད་འཛིན་གྱི་སྒྲོག་རྩེའི་སྟེང་དུ་བསླེབས་ནས།སྲིད་འཛིན་གྱིས་མཚན་རྟགས་བསྐྱོན་ན་དངོས་སུ་ཁྲིམས་འཆར་ཆགས་ཀྱི་ཡོད་རེད།ད་ལྟའི་ཁྲིམས་འཆར་དེ་གང་མགྱོགས་གཏན་འབེབ་ཡོང་རྒྱུའི་རེ་བ་ཡོད་སྐོར་དང་།གཙོ་བོ་མི་དམངས་རྣམས་ཀྱིས་ཁྲིམས་འཆར་དེ་ལ་ཐུགས་སྣང་དང་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese