མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངས་ཐའེ་ཝན་ལ་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་ཅིའི་ཕྱིར་འཁྲིད་ཀྱིན་ཡོད་དམ།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། ནེན་སི་པི་ལོ་སི (Nancy Pelosi)

བོད་སྒྱུར་བ། ཀླུ་མགོན་ཐར། དུས་བབ་གསར་འགོད་པ་ཟུར་པ།

Televisions broadcast news reports on US House Speaker Nancy Pelosi’s visit to Taiwan in Taipei, Taiwan, on Tuesday, Aug. 2, 2022. The White House sought to dial back rising tensions with China over House Speaker Nancy Pelosi’s expected visit to Taiwan, insisting the trip doesn’t signal a change in US posture toward the island and urging Beijing to refrain from an aggressive response. (Lam Yik Fei/Bloomberg)

མི་ལོ་ཞེ་གསུམ་ཙམ་གྱི་གོང་དུ། ཨ་རིའི་གྲོས་ཚོགས་གོང་མའི་ནང་ཐའེ་ཝན་མཛའ་འབྲེལ་ཁྲིམས་ཡིག་ (Taiwan Relations Act) དེ་བཞིན་ཚད་མཐོའི་ངང་རྒྱབ་སྐྱོར་ཐོབ་ཡོད་ལ། སྐབས་དེའི་སྲིད་འཛིན་ཇི་མི་ཀ་ཊར་ (Jimmy Carter) གྱིས་མཚན་རྟགས་བསྐྱོན་ནས་ཁྲིམས་སུ་བཟོས་པ་དེ་ནི་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་ཕྱི་སྲིད་ལས་དོན་ནང་གི་གལ་ཆེ་ཤོས་ཤིག་ཡིན།

ཁྲིམས་ཡིག་དེ་ཡིས་ཨ་རིའི་ཆོད་སེམས་ནི་དམངས་གཙོ་ཅན་གྱི་ཐའེ་ཝན་ཞིག་གི་ཐོག་ལ་བསྐྲུན་ཞིང་། དེ་ཡིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཕྱི་སྲིད་མཛའ་འབྲེལ་མྱུར་དུ་གོང་འཕེལ་དུ་འགྲོ་བའི་སྒྲོམ་གཞི་བཏིངས་ཡོད་ཐོག མཉམ་སྤྱོད་ཀྱི་རིན་ཐང་དང་ཕུགས་འདུན་ཏེ། རང་ཐག་རང་གཅོད་དང་རང་སྲིད་རང་སྐྱོང་། མང་གཙོ་དང་རང་དབང་། འགྲོ་བ་མིའི་ཆེ་མཐོང་དང་ཐོབ་ཐང་བཅས་ཀྱི་ཐད་མཛའ་འབྲེལ་ཟབ་མོ་བཞག་ཡོད།

དེ་བཞིན་ཁྲིམས་ཡིག་དེའི་ནང་། ཞི་བ་ལས་གཞན་ཐབས་ཇུས་གང་གིས་ཐའེ་ཝན་གྱི་མ་འོངས་པ་ཐག་གཅོད་བྱ་ཐབས་བྱས་ཚེ། དེ་ནི་ནུབ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ལ་ཉེན་ཁ་བསླངས་པ་ཡིན་ལ། ཨ་རིའི་བློ་འཚབ་ཧ་ཅང་ཆེན་པོ་བྱེད་གཞི་ཞིག་ལ་ངོས་འཛིན་བྱ་རྒྱུ་ཡིན། ཞེས་བཀོད་དེ། ཨ་རིའི་ངོས་ནས་ཐའེ་ཝན་གྱི་རྒྱལ་སྲུང་ཐད་རྒྱབ་སྐྱོར་བྱ་རྒྱུའི་དམ་བཅའ་ཞིག་གཟི་བརྗིད་ངང་བཞག་པ་རེད།

དེ་རིང་། ཨ་རིས་ངེས་པར་དུ་དམ་བཅའ་དེ་དྲན་དགོས་ཤིང་། ང་ཚོས་ངེས་པར་དུ་མུ་མཐུད་ནུས་སྟོབས་ཀྱིས་ཁེངས་པའི་ཐའེ་ཝན་གླིང་ཕྲན་གྱི་རྒྱབ་ཏུ་ལངས་དགོས་པ་ཡིན། དེང་སྐབས་ཀྱི་ཏོག་དབྱིབས་གཉན་རིམས་ལ་གདོང་ལེན་དང་ཁོར་ཡུག་ལ་སྲུང་སྐྱོབ། གནམ་གཤིས་འགྱུར་ལྡོག་ལ་བྱེད་ཐབས་བཅས་ཀྱི་ཐད་ནས་ཐའེ་ཝན་ནི་འཛམ་གླིང་འདིའི་ནང་འཛིན་སྐྱོང་གི་སྣེ་ཁྲིད་པ་ཞིག་དང་། འཛམ་གླིང་ཁྱོན་ཡོངས་སུ་ཚོང་ལས་སྙིང་སྟོབས་དང་གསར་གཏོད་ནུས་པ། འཕྲུལ་རིག་ཆེད་ལས་ཀྱི་དགོས་མཁོ་ཧ་ཅང་ཆེ་བའི་དུས་སུ་ཐའེ་ཝན་ནི་ཞི་བདེ་དང་བདེ་སྲུང་། དཔལ་འབྱོར་བཅས་ཀྱི་ནུས་པའི་ཐོག་འཛམ་གླིང་གི་སྣེ་ཁྲིད་པ་ཞིག་ཡིན་པ་རེད།

འོན་ཀྱང་། བློ་ཕམ་དགོས་པ་ཞིག་ལ་མང་གཙོའི་ལམ་ལུགས་ཚད་དང་ལྡན་ཞིང་། རང་དབང་ཁང་པས་འཛམ་གླིང་ནང་གི་ཆེས་རང་དབང་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཡོད་ལ། སྤོབས་པ་ཆེན་པོའི་ངང་བུད་མེད་སྲིད་འཛིན་ཞིག་གིས་སྣེ་ཁྲིད་ཀྱི་ཡོད་པའི་གླིང་ཕྲན་འདི་ད་ལྟ་ཉེན་ཁའི་གནས་སུ་ལྷུང་ཡོད་པ་རེད།

འདས་པའི་ལོ་ཤས་རིང་པེ་ཅིང་གིས་ཐའེ་ཝན་དང་འབྲེལ་བའི་རྩོད་རྙོག་ཇེ་ཆེར་གཏོང་བཞིན་ཡོད་ལ། ཐའེ་ཝན་གྱི་ཉེ་འཁོར་དང་ཐ་ན་ཐའེ་ཝན་གྱི་མཁའ་སྲུང་དམག་ཁུལ་དུའང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྱོགས་འཕེན་མཁའ་གྲུ་(Patrol Bomber)དང་འཐབ་འཛིང་མཁའ་གྲུ་(fighter jets)སོགས་ཀྱི་འཕུར་བསྐྱོད་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གིས་དྲག་པོའི་དམག་དཔུང་ལ་བརྟེན་ནས་ཐའེ་ཝན་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་དང་ཟླ་སྒྲིལ་གཏོང་བར་གྲ་སྒྲིག་བྱེད་ཀྱིན་ཡོད་པའི་སྡོམ་ཚིག་འགོད་དགོས་འབྱུང་གི་ཡོད་པ་རེད།

དེ་བཞིན་རྒྱ་ནག་གཞུང་གིས་ཉིན་ལྟར་ཐའེ་ཝན་གཞུང་གི་ལས་ཁུངས་ཁག་ལ་དྲ་རྒྱའི་སིམ་འཛུལ་བྱས་ཏེ་གཏོར་རྒོལ་བྱེད་ཀྱིན་ཡོད་པ་མ་ཟད། པེ་ཅིང་གིས་ཐའེ་ཝན་དེ་བཞིན་དཔལ་འབྱོར་གྱི་ཐོག་ནས་ཁེར་ཕུད་བཟོ་ཐབས་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་གནོད་ཤུགས་སྤྲད་དེ་ཐའེ་ཝན་དང་མཛའ་འབྲེལ་གཅོད་དུ་འཇུག་པ། ཐའེ་ཝན་དང་མཛའ་འབྲེལ་ཡོད་པའི་རྒྱལ་ཁབ་ཁག་ལ་འཇིགས་སྐུལ་བྱེད་པ། དེ་བཞིན་རྒྱ་ནག་ཕྱོགས་ཀྱི་ཡུལ་སྐོར་བ་འགོག་ཐབས་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་སྡིགས་སྐུལ་གྱི་ཚད་གཞི་ཇེ་མཐོ་ཡིན་པའི་དུས་སྐབས་འདིར། ང་ཚོའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཐའེ་ཝན་ལ་སྐོར་བསྐྱོད་དུ་ཕྱིན་པ་འདི་ཡིས། ཨ་རི་ནི་རང་ཉིད་ཀྱི་མང་གཙོའི་མཐུན་གྲོགས་ཐའེ་ཝན་དང་མཉམ་ལངས་བྱེད་ཀྱིན་ཡོད་པ་ཙམ་དུ་མ་ཟད། དེ་ཡིས་ཐའེ་ཝན་དང་དེའི་རང་དབང་ལ་སྲུང་སྐྱོབ་བྱེད་ཀྱིན་པར་ངོས་འཛིན་བྱེད་དགོས་པ་ཡིན།

ཐེངས་འདིའི་ང་ཚོའི་སྐོར་བསྐྱོད་ནི་ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་འགའ་ཐའེ་ཝན་ལ་སྐོར་བསྐྱོད་བྱས་པའི་ཁྲོད་ཀྱི་གཅིག་ཡིན་ལ། དེ་ནི་ཨ་རིའི་ཡུན་རིང་ལངས་ཕྱོགས་བཟུང་བའི་རྒྱ་ནག་གཅིག་གི་སྲིད་ཇུས་དང་། ཕྱི་ལོ་ ༡༩༧༩ ལོའི་ཐའེ་ཝན་མཛའ་འབྲེལ་ཁྲིམས་ཡིག ཨ་རྒྱའི་མཉམ་འབྲེལ་སྤྱི་བསྒྲགས་ (U.S.-China Joint Communiques) དང་། ཨ་རིའི་ཐའེ་ཝན་དང་འབྲེལ་བའི་སྲིད་ཇུས་དོན་ཚན་དྲུག་ (Six Assurances) བཅས་གང་ལའང་འགལ་མེད་པ་ཡིན། ཕྱོགས་གཅིག་ཁོ་ནས་ཐའེ་ཝན་གྱི་གནས་བབ་བསྒྱུར་ཐབས་བྱེད་པ་ལ་ཨ་རིས་མུ་མཐུད་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད།

ང་ཚོའི་སྐོར་བསྐྱོད་འདི་ནི་སིང་གྷ་པོར་དང་། མ་ལི་ཤེ་ཡ། ལྷོ་ཀོ་རི་ཡ། ཉི་ཧོང་ཚུད་པའི་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཕན་ཚུན་དབར་བདེ་འཇགས་དང་དཔལ་འབྱོར་མཉམ་འབྲེལ། མང་གཙོའི་འཛིན་སྐྱོང་བཅས་ལ་དམིགས་པའི་སྐོར་བསྐྱོད་ཀྱི་ཆ་ཤས་ཤིག་ཡིན་ལ། ཐའེ་ཝན་དུ་ང་ཚོའི་གྲོས་གཞི་གཙོ་བོ་ནི་ཐའེ་ཝན་མཚོ་གླིང་ལ་ཨ་རིའི་རྒྱབ་སྐྱོར་ཡོད་པ་བསྐྱར་ནན་ཞུ་རྒྱུ་དང་།

ཧིན་རྡུ་ཞི་བདེ་རྒྱ་མཚོའི་ཁུལ་དུ་རང་དབང་དང་གུ་ཡངས་གོང་སྤེལ། ཕན་ཚུན་གྱི་མཐུན་པའི་ཆ་རྣམས་དར་རྒྱས་སུ་གཏོང་བ་བཅས་ཡིན། ཨ་རིས་ཐའེ་ཝན་ལ་གདུང་སེམས་མཉམ་བསྐྱེད་བྱེད་པ་ལ་དེ་རིང་ལས་གལ་འགངས་ཆེ་བའི་དུས་ཤིག་མེད་ལ། དེ་ནི་མཚོ་གླིང་དེའི་མི་གྲངས་ས་ཡ་ ༢༣ ཙམ་མིན་པར་རྒྱ་ནག་གཞུང་གི་གཉའ་གནོན་འོག་ཚུད་པའི་མི་གྲངས་ས་ཡ་མང་པོ་ཡོད་པ་ཚོར་ཡང་གལ་འགངས་ཆེ་བ་ཡིན།

ལོ་ངོ་སུམ་ཅུའི་གོང་། ང་རང་ཨ་རིའི་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གི་ནང་རྒྱ་ནག་ལ་སྐོར་བསྐྱོད་དུ་ཕྱིན་པ་ཡིན། གནམ་བདེ་སྒོ་མོ་ཆེ་རུ་ང་ཚོས་འཕྲེད་དར་སྟེང་དུ་རྒྱ་ནག་ནང་མང་གཙོའི་ཆེད་རྐྱེན་འདས་སུ་ཕྱིན་པ་ཚོའི་ཆེད་དུ་ཞེས་བྲིས་ཡོད་པ་ཞིག་གནམ་ལ་ཕྱར་རྗེས། ཐང་ཆེན་ནས་ཐོན་སྐབས་སྒྲིག་ཆས་གྱོན་མེད་པའི་ཉེན་རྟོག་པས་ང་ཚོར་རྗེས་འདེད་བྱས་བྱུང་། དུས་དེ་ནས་བཟུང་པེ་ཅིང་གི་ཆེས་ཞན་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་ཁྲིམས་ལུགས་ལ་རྡོག་རོལ་གཏོང་བའི་གནས་བབ་མུ་མཐུད་གནས་ཡོད་པ་མ་ཟད། སྲིད་འཛིན་ཞི་ཅིན་ཕིན་གྱིས་རང་ཉིད་ཀྱི་དབང་ཆ་མཁྲེགས་འཛིན་བྱེད་ཀྱིན་ཡོད་པ་རེད།

རྒྱ་ནག་གཞུང་གིས་ཧོང་ཀོང་གི་ཆབ་སྲིད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ཐད་དྲག་གནོན་བྱས་ཡོད་པ་མ་ཟད། ཡི་ཤུ་ཆོས་དཔོན་ (Joseph Zen) འཛིན་བཟུང་བྱས་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཁས་ལེན་ཀྱང་སྙིགས་ཟོམ་ནང་གཡུགས་ཡོད་པ་རེད། དེ་བཞིན་བོད་ནང་དུ་རྒྱ་ནག་དམར་ཤོག་ཚོགས་པས་དུས་ཡུན་རིང་པོ་ཞིག་ལ་བོད་མིའི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་དང་ངོ་བོ་རྩ་མེད་དུ་གཏོང་བའི་ཐབས་ཇུས་བཟུང་ཡོད་པ་དང་། ཤར་ཏུར་ཀི་སི་ཐན་ནང་ཡུ་གུར་ཁ་ཆེ་བ་དང་གྲངས་ཉུང་མི་རིགས་གཞན་རྣམས་རྩ་མེད་གཏོང་བཞིན་པ་རེད། དེ་བཞིན་རྒྱ་ནག་སྐམ་སའི་ཁྱོན་ཡོངས་སུ་ལས་འགུལ་བ་དང་ཆོས་ལུགས་ཀྱི་དབུ་ཁྲིད། སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱེད་པ་དང་དམིགས་འབེན་དུ་འཛིན་བཞིན་ཡོད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ཐའེ་ཝན་དང་མང་གཙོ་ལ་ཉེན་ཁ་སྤྲོད་སྐབས་ང་ཚོས་སྣང་མེད་དུ་འཇོག་ཐབས་མེད་པ་ཡིན།

འཛམ་གླིང་གིས་མང་གཙོ་དང་དབང་ཆ་གཅིག་སྡུད་གཉིས་ལ་གདམ་གསེས་བྱེད་པའི་དུས་སྐབས་ཤིག་ལ་ང་ཚོས་སྐོར་བསྐྱོད་འདི་བྱས་པ་ཡིན། དེ་ཡང་ཨུ་རུ་སུས་ཁྲིམས་འགལ་གྱིས་ཡུག་རན་ལ་དམག་འཐབ་བྱས་ཏེ་བྱིས་པ་ཚུད་པའི་ཉེས་མེད་སྟོང་ཕྲག་མང་པོ་དམར་གསོད་གཏོང་བཞིན་པའི་ཐད། ཨ་རི་དང་ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོས་ཁ་གསལ་གྱི་ཐོག་ནས་མི་གཅིག་དབང་འཛིན་ལ་ནམ་ཡང་གུ་ཡངས་མི་བྱེད་པ་གསལ་འདོན་བྱེད་དགོས་པ་འགངས་ཆེན་ཏུ་གྱུར་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་བཞི་པའི་ནང་ངས་གྲོས་ཚོགས་འཐུས་མིའི་ཚོགས་ཆུང་ཞིག་གི་སྣེ་ཁྲིད་དེ་ཡུག་རན་གྱི་རྒྱལ་ས་ཀི་པུ་ (Kyiv) ལ་སྐོར་བསྐྱོད་དུ་ཕྱིན་སྐབས། ཡུག་རན་མི་མང་གིས་ཡུག་རན་གྱི་མང་གཙོ་ཙམ་དུ་མ་ཟད། འཛམ་གླིང་སྤྱིའི་མང་གཙོ་ལ་སྲུང་སྐྱོབ་བྱེད་ཀྱིན་ཡོད་པ་དང་། དེ་ལ་ང་ཚོས་བསྔགས་བརྗོད་བྱེད་ཀྱིན་ཡོད་སྐོར་སྲིད་འཛིན་ཛེ་ལེན་སི་ཀི་ (Volodymyr Zelensky) ལ་བརྗོད་པ་ཡིན།

ཐའེ་ཝན་ལ་སྐོར་བསྐྱོད་བྱས་པ་འདི་ནི་ང་ཚོས་རང་ཉིད་ཀྱི་མང་གཙོའི་ཆོད་སེམས་ལ་ཆེ་མཐོང་བྱེད་པ་ཞིག་ཡིན་ཞིང་། ཐའེ་ཝན་གྱི་རང་དབང་དང་། མང་གཙོའི་གཞུང་ཚང་མར་ངེས་པར་དུ་གུས་བརྩི་བྱེད་དགོས་པ་བསྐྱར་ནན་བྱས་པ་ཞིག་ཡིན།

མཆན། ལྕམ་སྐུ་ནེན་སི་པི་ལོ་སི (Nancy Pelosi) ནི་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཞིག་དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཡིན།

མ་རྩོམ་གྱི་དྲ་ཐག https://www.washingtonpost.com/opinions/2022/08/02/nancy-pelosi-taiwan-visit-op-ed/

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese