མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་དྲག་པོ་བྱེད་བཞིན་པ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་།

བོད་ཀྱི་དུས་བབ།
༢༠༢༢/༠༨/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་དམག་དོན་གྱི་ལས་འགུལ་མང་པོ་སྤེལ་ནས་དྲག་པོའི་འཇིགས་སྐུལ་ཡང་ཡང་བྱེད་ཀྱི་ཡོད་པའི་རྐྱེན་གྱིས་ཨ་རི་སོགས་མཐུན་ཕྱོགས་རྒྱལ་ཁབ་ཁག་ཅིག་གིས་འཇིགས་སྐུལ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་འདུག

China’s military manoeuvres have been unprecedented in scale and proximity to Taiwan, and have for the first time included operations that would be involved in an attempted invasion of the country © Lin Jian/Xinhua/AP

 ཁ་སང་རྒྱ་ནག་གཞུང་གིས་J-16 རྟགས་ཅན་དང་།  Su-30 རྟགས་ཅན་གྱི་དམག་གྲུ་དང་།  H-6k དང་ JH7A རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ཐུབ་པའི་འབར་མདེལ་གནམ་གྲུ་སོགས་ཚུད་པའི་དམག་དོན་གནམ་གྲུ་ ༦༦  དང་། དམག་དོན་མཚོ་གྲུ་ ༡༤ ཡི་ཐའེ་ཝན་གྱི་མངའ་ཁོངས་སུ་སྡེབ་གཏོང་བྱས་ཏེ་འཇིགས་སྐུལ་དྲག་པོ་བྱས་ཡོད་པ་དང་། དེ་ནི་འདི་ལོར་ཐའེ་ཝན་མཚོ་འགག་ཏུ་མངག་གཏོང་བྱས་བའི་འཐབ་འཁྲུག་གནམ་གྲུ་གྲངས་མང་ཤོས་ཤིག་ཆགས་ཡོད་འདུག

 རྒྱ་ནག་གཞུང་གིས་ཟླ་འདིའི་ཕྱི་ཚེས ༤ ཉིན་ཐའེ་ཝན་གྱི་མཚོ་འགག་ཁུལ་གྱི་ས་གནས་ཁག་ ༦ ཏུ་དམག་སྦྱོང་ལ་ཁ་གཡར་ཏེ། ཐའེ་ཝན་མངའ་ཁོངས་སུ་དྲག་པོའི་སིམ་འཛུལ་དང་འཇིགས་སྐུལ་བྱེད་བཞིན་པ་ལྟར། ཟླ་འདིའི་ཕྱི་ཚེས ༦ ཉིན་རྒྱ་ནག་གཞུང་གིས་དམག་དོན་གནམ་གྲུ ༢༠ དང་དམག་གི་མཚོ་གྲུ ༡༤།  ཟླ་འདིའི་ཕྱི་ཚེས ༥ ཉིན་དམག་དོན་གནམ་གྲུ་ ༦༨ ཐའེ་ཝན་གྱི་མཁའ་ཁུལ་དུ་སྡེབ་གཏོང་བྱས་ཡོད་སྟབས། ཟླ་འདིའི་ཕྱི་ཚེས ༥ ཉིན་ཐའེ་ཝན་བློན་ཆེན་ལས་ཁུངས་ཀྱིས། རྒྱ་ནག་དམར་ཤོག་གཞུང་གི་དམག་མིས་བསམ་བཞིན་དུ་ཐའེ་ཝན་གྱི་གཞུང་ཐིག་དབུས་སུ་སིམ་འཛུལ་བྱས་ཡོད་པ་དང་། ཐའེ་ཝན་གྱི་བདེ་སྲུང་མངའ་ཁུལ་དུ་གནམ་གྲུ་མངག་གཏོང་བྱས་ཏེ། ཐའེ་ཝན་གཞུང་མང་གཉིས་སུ་སུན་གཙེར་ཡང་ཡང་བཟོས་པར་སྐྱོན་བརྗོད་བྱས་ཏེ། ཐའེ་ཝན་གིས་རྒྱ་ནག་གཞུང་གིས་མངག་གཏོང་བྱས་པའི་དམག་གྲུ་དང་མཚོ་གྲུ་དེ་དག་ལ་མཐའ་གཅིག་ཏུ་འགོག་རྒོལ་དྲག་པོ་བྱ་རྒྱུ་ཡིན་པའི་ཉེན་བརྡའང་བཏང་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས ༤ ཡི་ཞོགས་པར་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་པེ་ལོ་སི་མཆོག་གིས་ཉི་ཧོང་གི་སྲིད་བློན་(Kishida)མཆོག་དང་མཇལ་འཕྲད་གནང་ཡོད་པ་ལྟར། ཕྱི་ཚེས ༥ ཉིན་རྒྱ་ནག་གཞུང་གིས་ཉི་ཧོང་གི་མཐའ་མཚམས་ཁུལ་དུ་ལྟ་ཞིབ་བརྙན་ཆས་( Drone) བཏང་སྟེ། ལྕམ་སྐུ་མཆོག་གི་གཞུང་འབྲེལ་འཚམས་གཟིགས་ལ་ཉུལ་ཞིབ་དང་སུན་གཙེར་བཟོས་ཡོད་སྟབས། ཉི་ཧོང་གི་སྲིད་བློན་མཆོག་གིས། རྒྱ་ནག་གཞུང་གིས་དམག་སྦྱོང་ལ་ཁ་གཡར་ནས་དམག་དོན་ལས་འགུལ་མང་པོ་ཞིག་སྤེལ་གྱི་ཡོད་པར་བརྟེན། ཐའེ་ཝན་དང་མི་མང་གི་བདེ་འཇགས་ལ་སེམས་འཚབ་ཆེན་པོ་ཡོད་ལ། ཉི་ཧོང་གིས་ཨ་རི་དང་མཉམ་དུ་ཐའེ་ཝན་མཚོ་འགག་ཁུལ་དུ་བདེ་འཇགས་ཡོང་བར་མཉམ་ལས་བྱ་འདོད་ཡོད་སྐོར་གསུངས་ཡོད་པ་རེད།

China’s military exercises will be held from this Thursday to next Sunday.

ཉེ་སྔོན་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་ཕི་ལོ་སི་མཆོག་ཐའེ་ཝན་དུ་ཕེབས་རྒྱུ་ཡིན་པའི་གནས་ཚུལ་ཐོན་རྗེས། རྒྱ་ནག་གཞུང་གིས་སྔ་གཞུག་ཏུ་དྲག་པོའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་དང་རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་གཉིས་དྲ་ལམ་ནས་ཐུག་སྐབས་ཀྱང་། ཞི་ཡིས་མེ་དང་རྩེད་མོ་བརྩེས་ན་སོ་སོ་འཚིག་རྒྱུ་ཡིན་པའི་གནས་ལུགས་དེ་ཨ་རིས་ངེས་པར་དུ་ཤེས་དགོས་ཚུལ་བརྗོད་དེ་ཉེན་བརྡ་བཏང་ཡོད་པ་རེད། འོན་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་ཨ་རིའི་སྐུ་ཚབ་ཚོགས་ཆུང་གིས་དྲག་རྒོལ་དེར་ལྟོས་མེད་ཀྱིས་མི་ལོ ༢༥ ཡི་རྗེས་སུ་ཐའེ་ཝན་ནང་ཆེས་མཐོའི་སྐུ་ཚབ་དངོས་སུ་ཕེབས་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་སུ་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་ཨ་རིའི་འགྲན་ཟླ་མི་ཡོང་བའི་གསལ་ཁ་བསྟན་ཡོད་པ་ཞིག་ཏུ་ངོས་འཛིན་བྱེད་མཁན་མང་པོ་ཡོང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་མཐུན་ཕྱོགས་རྒྱལ་ཁབ་ཁག་དང་དམག་ཕྱོགས་སོགས་ཀྱི་སྟོབས་ཤུགས་ལ་ཕོག་ཐུག་མི་འགྲོ་སླད། ཐའེ་ཝན་གྱི་མཚོ་འགག་ཁུལ་དུ་དམག་དོན་ལས་འགུལ་སྤེལ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

རྒྱ་ནག་གིས་ཐའེ་ཝན་མཚོ་འགག་ཁུལ་དུ་དྲག་པོའི་དམག་དོན་གྱི་ལས་འགུལ་མང་པོ་ཞིག་སྤེལ་མུས་ཡིན་པར། ཨ་རི་དང་། ཨོ་གླིང་། ཉི་ཧོང་བཅས་ཀྱིས་རྒྱ་ནག་གཞུང་གིས་ཐའེ་ཝན་གཞུང་མང་གཉིས་ཀྱི་བདེ་འཇགས་ལ་གནོད་པའི་དམག་དོན་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་འདུག་ལ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་དེ་གཉིས་ཀྱིས་ཨ་རི་དང་མཉམ་དུ་ཐའེ་ཝན་གྱི་མཚོ་འགག་བདེ་འཇགས་ཡོང་བར་མཉམ་ལས་བྱ་རྒྱུ་ཡིན་སྐོར་བསྒྲགས་བྱས་འདུག་ཀྱང་། ད་ལྟའི་ཆར་རྒྱ་ནག་གཞུང་ལ་དཔལ་འབྱོར་སོགས་ཀྱིས་ཉེས་ཆད་བཅད་པའི་གནས་ཚུལ་ཐོན་མེད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གིས་དོན་ཚན་བརྒྱད་ཅན་གྱི་ཉེས་ཆད་ཅིག་ཕྱིར་བསྒྲགས་བྱས་པའི་ནང་དུ། ཨ་རྒྱ་གཉིས་ཀྱི་དཔུང་དམག་གི་མགོ་ཁྲིད་བར་ཁ་པར་གཏོང་རེས་དང་། ཨ་རྒྱའི་མཚོ་ཐོག་དམག་དོན་བདེ་འཇགས་གྲོས་མོལ་གཉིས་མེད་པ་བཟོ་རྒྱུ་དང་།  ཁྲིམས་འགལ་གནས་སྤོས་ཡུལ་མི་ཕྱིར་སྐྱེལ་མཉམ་ལས་དང་། ཉེས་དོན་ཁྲིམས་འཛིན་གྱི་གཞོགས་འདེགས་མཉམ་ལས། དུག་འགོག་མཉམ་ལས། གནམ་གཤིས་འགྱུར་ལྡོག་སྐོར་གྱི་གྲོས་མོལ་བཅས་གནས་སྐབས་མཚམས་འཇོག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ད་ལན་མི་ལོ་ ༢༥ ལྷག་གི་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་ཐའེ་ཝན་ནང་དངོས་སུ་ཕེབས་ཏེ་ཡུལ་དེའི་སྲིད་འཛིན་ཚེ་ཡེན་ཝུན་མཆོག་དང་མཇལ་མོལ་གནང་ཡོད་པར་བརྟེན།  རྒྱ་ནག་གཞུང་གིས་ཐའེ་ཝན་གྱིས་རྒྱ་ནག་ཏུ་ཚོང་འདྲེན་བྱེད་བཞིན་པའི་ཚ་ལུ་མ་དང་སྐྱུར་བུ། རྒུན་འབྲུམ། ཀུ་ཤུའི་རིགས་སོགས་ཤིང་འབྲས་སོགས་ཚོང་འགྲེམས་བྱས་པར་བཀག་སྡོམ་དང་། རྒྱ་ནག་ནས་དབོར་འདྲེན་དང་ཚོང་འགྲེམས་བྱེད་མུས་ཡིན་པའི་རང་བྱུང་བྱེ་མ་ ( Natural sand ) དང་ཉ་ཤ། སྨན་རྫས་རིགས་སོགས་བཀག་སྡོམ་བྱས་ཏེ། ཐའེ་ཝན་ལ་དཔལ་འབྱོར་གྱི་གནོན་ཤུགས་སྤྲོད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༩ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese