མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་མང་བཙན་གྱིས་གནས་སྤོར་དུ་བཅུག་རྗེས་ཤུལ་དུ་ཨར་ལས་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་ཀྱི་འདུག   

བོད་ཀྱི་དུས་བབ།
༢༠༢༢/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

 རྒྱ་ནག་གཞུང་གིས་བཙན་གྱིས་བོད་ནག་ཆུ་ས་ཁུལ་ཤན་རྩ་རྫོང་མཚེའུ་ཡུལ་ཚོའི་དུད་ཁྱིམ་བརྒྱ་ཕྲག་འགའ་གནས་སྤོར་དུ་བཅུག་རྗེས་ས་གནས་དེར་ཨར་ལས་འཛུགས་སྐྲུན་རྒྱ་ཆེན་པོ་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༩ ལོའི་བོད་ནག་ཆུ་ཤན་རྩ་རྫོང་ཁྲོམ་གཞུང་། དྲ་ལམ་གྱི་པར།

ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་དྲུག་པ་བདུན་པ་ཙམ་ནས་རྒྱ་ནག་གཞུང་གིས་བོད་ནག་ཆུ་ས་ཁུལ་ཤན་རྩ་རྫོང་མཚེའུ་ཡུལ་ཚོའི་དུད་ཁྱིམ་བརྒྱ་ཕྲག་ཁ་ཤས་ལྷོ་ཁ་རྩེད་ཐང་རྫོང་ཁོངས་ཀྱི་སྲིན་པོ་རིར་བཙན་གྱིས་གནས་སྤོར་དུ་བཅུག་ཡོད་རྗེས། ས་རྡོ་སྔོག་འདོན་འཕྲུལ་ཆས་མང་པོ་མངག་ནས་མཚེར་ཤུལ་དང་ལྷས་ར། གྲོང་མིའི་ཁང་ཆག་སོགས་ས་འོག་ཏུ་མནན་ནས་རྗེས་ཤུལ་ཙམ་ཡང་མཐོང་རྒྱུ་མེད་པ་བཟོས་ཡོད་པ་མ་ཟད། ད་ལྟ་མཚེའུ་ཡུལ་ཚོ་རུ་བཟོ་དབྱིབས་མི་འདྲ་བའི་ཁང་པ་སོགས་ཨར་ལས་འཛུགས་སྐྲུན་རྒྱ་ཆེན་པོ་ཞིག་བྱེད་བཞིན་ཡོད་འདུག 

དེའི་ཐད་ས་གནས་ཀྱི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་ནས་བཟུང་ས་གནས་དེར་ཁང་པ་མང་པོ་ཞིག་རྒྱག་བཞིན་ཡོད་ཅིང་། ཁང་པའི་བཟོ་དབྱིབས་ལ་བལྟས་ན་མང་ཚོགས་དཀྱུས་མའི་སྡོད་ཁང་ཞིག་མིན་པར་གཞི་རྒྱ་ཆེ་བའི་དམག་སྒར་ཞིག་འདྲ་བོ་ཡོད་པ་དང་། ཨར་ལས་བ་དང་ལས་བྱེད་ལ་སྐད་ཆ་འདྲི་དུས། གོང་རིམ་གྱི་བཀའ་ལྟར་ཁང་པ་རྒྱག་གིན་ཡོད་པ་ལས། གཞན་གང་ཡང་ཤེས་ཀྱི་མེད་ལུགས་བརྗོད་ཡོད་སྐོར་བཤད་བྱུང་ལ། ད་དུང་ཡང་ཤན་རྩ་རྫོང་ཁོངས་ཀྱི་བོད་མི་མང་པོ་ཞིག་གནས་སྤོར་དུ་འཇུག་ཉེན་ཡོད་པ་མ་ཟད། རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་གི་མཐོ་སྒང་དེར་རྒྱ་ནག་གི་དམག་སྒར་ཆེན་པོ་ཞིག་འཛུགས་ཉེན་ཡོད་སྐོར་འགྲེལ་བརྗོད་བྱས་བྱུང་།   

 འདི་ལོའི་ཕྱི་ཟླ་ ༦ པའི་ནང་རྒྱ་ནག་གཞུང་གིས་རང་བྱུང་ཁོར་ཡུག་དང་སྐྱེས་ཁམས་ལ་གནོད་འཚེ་གཏོང་བ་འགོག་ཐབས་ཀྱི་མིང་ཐོག་ནས་བོད་རང་སྐྱོང་ལྗོངས་ཀྱིས་ལོ་ངོ་ ༨ རིང་ལ།  གཞིས་ཀ་རྩེ་དང་ནག་ཆུ། མངའ་རིས་བཅས་ས་ཁུལ་ཆེན་མོ་གསུམ་ནས་རྫོང་ཁག་ ༢༠ དང་། ཡུལ་ཚོ་ ༩༧ གྱི་མི་གྲངས་ཁྲི་ ༡༣ ལྷག་ས་བབ་མཐོ་ས་ནས་དམའ་སར་གནས་སྤོ་བྱེད་པའི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་ལྟར།  འདི་ལོའི་ཕྱི་ཟླ་ ༣ ནང་། རྒྱ་ནག་གཞུང་ཕྱོགས་ནས་བོད་སྟོད་ལུང་བདེ་ཆེན་ནས་འབྲོག་མང་ ༡༢༦༨ གནས་སྤོ་བྱས་ཚར་ཡོད་པ་དང་། དེ་བཞིན་ནག་ཆུ་ས་ཁུལ་གྱི་མཚོ་གཉིས་རྫོང་དང་ཨ་མདོ་རྫོང་། ཉི་མ་རྫོང་བཅས་ནས་དུད་ཁྱིམ་ ༦༣༠༦ གི་མི་གྲངས་ཁྲི་ ༢(༢༦༣༠༤)ལྷག་ལྷོ་ཁ་ས་ཁུལ་དུ་གནས་སྤོར་དུ་འཇུག་བཞིན་ཡོད་སྐོར་ཡོངས་བསྒྲགས་བྱས་ཟིན་པ་ལྟར། འདི་ལོའི་ཕྱི་ཟླ ༧ ནང་རྒྱ་ནག་གཞུང་གིས་ནག་ཆུ་ཉི་མ་རྫོང་གི་སྔོ་ཆུ་གྲོང་བརྡལ། རོང་དམར་གྲོང་བརྡལ། ཨ་ཟུར་གྲོང་བརྡལ། འབྲོང་ཚང་གྲོང་བརྡལ་བཅས་ཀྱི་དུད་ཁྱིམ་ལྔ་བརྒྱ་ཙམ་བཙན་དབང་གིས་ལྷོ་ཁ་རྩེད་ཐང་རྫོང་ཁོངས་སུ་གནས་སྤོར་དུ་བཅུག་ཡོད་པ་རེད།

བོད་ནག་ཆུ་མཚོ་གཉིས་རྫོང་ནས་ལྷོ་ཁ་འདམ་གཞུང་རྫོང་ཡངས་པ་ཅན་དུ་གནས་སྤོར་བྱས་པའི་འབྲོག་མང་གི་མཁར་གྲོང་གསར་པ། དྲ་ལམ་གྱི་པར།

དེའི་ཐོད་འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། གནས་སྤོར་བྱས་པའི་བོད་མི་དུད་ཚང་རེ་རེར་རྒྱ་སྒོར་ཁྲི་གཅིག་རེ་ཡི་རོགས་སྐྱོར་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་ཕྱིས་སུ་སྤྲད་མེད་པ་དང་།  ཏོག་དབྱིབས་རིམས་ནད་ཁྱབ་གདལ་དང་ཕར་ཚུར་འགྲོ་འོང་བཀག་སྡོམ་བྱས་པའི་རྐྱེན་གྱིས། དུད་ཁྱིམ་མང་པོའི་ནང་མི་རེ་འགའ་མཚེར་རྙིང་དུ་ལྷག་ཡོད་པ་དང་། རེ་འགའ་མཚེར་གསར་དུ་འབྱོར་ཏེ་ཁ་གྱེས་ཡོད་སྟབས། ལས་ཀ་མ་རག་པ་སོགས་ཀྱིས་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་། 

འདས་པའི་ལོ་མང་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཡུལ་གང་སར་རོང་འབྲོག་མང་ཚོ་ཁྲི་ཚོ་མང་པོ་བཙན་གྱིས་གནས་སྤོར་དུ་བཅུག་པ་དང་། མཁར་གྲོང་གསར་པའི་ནང་སྡེབ་གཅིག་ཏུ་འཇོག་པའི་སྲིད་ཇུས་ཚ་ཚ་འུར་འུར་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་དང་བསྟུན། རྩི་ཤིང་ནགས་ཚལ་འཛོམས་ཤིང་ལྟ་ན་སྡུག་པའི་མཛེས་ལྗོངས་མང་པོ་ཞིག་རྒྱལ་ཁབ་སྤྱི་གླིང་དང་ནགས་ཚལ་གླིང་ཟེར་བ་སོགས་ཀྱི་མིང་བཏགས་ནས་ཡུལ་སྐོར་ས་ཚིགས་སུ་བསྒྱུར་དང་སྒྱུར་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

ཆུ་ཚོད་ ༢༣ སྔོན་ལ།
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese