མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ནས་ཏོག་དབྱིབས་གཉན་རིམས་ཀྱིས་དཀའ་ངལ་འཕྲད་བཞིན་པའི་བོད་ནང་གི་བོད་མི་ཚོར་བཀའ་སློབ་སྩལ།

བོད་ཀྱི་དུས་བབ།
༢༠༢༢/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་ཉིན་གཉིས་པར་ཏོག་དབྱིབས་གཉན་རིམས་ཀྱིས་བོད་ནང་གི་བོད་མི་ཚོར་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་འཕྲལ་གྱི་རྐྱེན་ངན་དེ་འདྲ་ཤར་ཡོང་དུས་ཚང་མས་སེམས་མ་ཞུམ་པ་བྱོས་ཞེས་བཀའ་སློབ་སྩལ་འདུག

བོད་ནང་ཏོག་དབྱིབས་གཉན་རིམས་འགོས་ཁྱབ་དང་འབྲེལ་ཏེ་རྒྱ་ནག་གཞུང་ནས་དཀའ་ངལ་ཧ་ཅང་ཆེན་པོ་བཟོ་བཞིན་ཡོད་པའི་སྐོར་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  བོད་ནང་དུ་ནད་ཡམས་ཀྱི་རྐྱེན་གྱིས་བཀག་སྡོམ་དང་དམ་དྲག་ཤུགས་ཆེན་བྱས་ཏེ། མི་མང་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་རྗོད་ཀྱི་འདུག གང་ལྟར་རྒྱ་དང་བོད་ཀྱི་འཐབ་རྩོད་དེ་གཙོ་བོ་སངས་རྒྱས་པའི་ཆོས་དང་ཡང་འབྲེལ་བསྡད་ཡོད་རེད། རྒྱ་མིས་བོད་རྒྱ་ཆེའི་མི་མང་གི་ལྟ་བ་དང་སྤྱོད་པ་བསྒྱུར་ཐུབ་རྒྱུ་གཏན་ནས་ཡོད་མ་རེད། ང་ཚོ་བོད་ལ་ཡོད་པའི་སངས་རྒྱས་པའི་ཆོས་དང་། དེ་དང་འབྲེལ་བའི་རིག་གཞུང་འདི་རྒྱ་ནག་ནང་རིམ་པས་དར་ཁྱབ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། འཕྲལ་གྱི་རྐྱེན་ངན་དེ་འདྲ་ཤར་ཡོང་དུས། ཚང་མས་སེམས་མ་ཞུམ་པ་བྱོས། ཞེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་གིས། ང་ཚོ་བོད་གངས་ཅན་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཆགས་བསྡད་ཡོད་རེད། ལྷ་སའི་ཇོ་་བོ་དང་ལོ་ཀེ་ཤོ་ར་སོགས་ཇོ་ཤཱཀ་རྣམ་གསུམ་ལ་ཚང་མས་སྨོན་ལམ་ཡག་པོ་བརྒྱབ། ངོས་རང་ས་ཁད་འགྱངས་ནས་བསྡད་ཡོད་རེད་དེ། ལས་དང་འབྲེལ་བ་ཐུན་མོང་མ་ཡིན་པ་ཡོད་པར་བརྟེན། ༧རྒྱལ་བ་རིན་བོ་ཆེ་ཏཱ་ལའི་བླ་མ་དྲན་པར་བྱས་ཏེ། གཙོ་བོ་ང་ཚོའི་བདེན་པའི་མཐའ་གསལ་གྱི་རེད་བསམ་སྟེ། སོ་སོ་བློ་བདེ་བོ་བྱས་ནས་བསྡད་ཤོག་ཨ། ངོས་རང་ལ་ཆ་བཞག་ནའང་། ལོ་བརྒྱད་ཅུ་གྱ་བདུན་ལ་སོན་ཡོད་ཀྱང་གཟུགས་པོ་བདེ་ཐང་ཡིན། ཨེམ་ཆིས་བརྟག་དཔྱད་བྱེད་སྐབས། ངོས་རང་ད་དུང་ལོ་བཅོ་ལྔ་ཉི་ཤུར་སྡོད་ཀྱི་རེད་ཟེར་གྱི་འདུག དེར་བརྟེན་བོད་རྒྱ་ཆེའི་མི་མང་ཚོ་བློ་བདེ་པོ་བྱས་ནས་བཞུགས་ཨ། རིམ་པས་རྒྱ་ནག་ནང་དུ་འགྱུར་བ་འགྲོ་བཞིན་འདུག དེར་བརྟེན་རིམ་པས་ང་ཚོ་གཞིས་བྱེས་མཉམ་འཛོམས་ཀྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་ཐུབ་པ་ཏན་ཏན་ཡོང་གི་རེད། ཚང་མ་བློ་བདེ་བོ་བྱས་ནས་བསྡད་ཤོག་ཨ། བཀྲ་ཤིས་བདེ་ལེགས། ཞེས་གསུངས་སོང་།

ཐའེ་ཝན་གྱི་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་ཁ་སང་དང་དེ་རིང་། སང་ཉིན་བཅས་ཉིན་གསུམ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་འགྲེལ་གྱི་ལེའུ་གཉིས་པའི་གསུང་ཆོས་སྩལ་བཞིན་ཡོད་པ་ལྟར། སང་ཉིན་ཉིན་མཐའ་མ་ཆགས་ཀྱི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༢༤ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese