མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་ཐོང་ཟམ་པའི་སྟེང་གི་དཔའ་བོ་ཁེར་རྒྱུག

བོད་ཀྱི་དུས་བབ།
༢༠༢༢/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས ༡༣ ཉིན་རྒྱ་ནག་པེ་ཅིན་གྱི་ཧའེ་ཏིན་ཁུལ་གྱི་སི་ཐོང་ཟམ་པའི་ཐོག་ཏུ་སྙིང་སྟོབས་ཆེན་པོས་ཞི་ཅིན་ཕིང་དང་དམར་ཤོག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་དེ་ནི་ཕིན་ལིས་ཧྥ་ཞེས་པའི་སྐྱེས་པ་ཞིག་ཡིན་འདུག

ཞི་བའི་འཐབ་རྩོད་པ་ཕིན་ལིས་ཧྥ། དྲ་ལམ་གྱི་པར།

དཔའ་བོ་ཁེར་རྒྱུག་དེའི་དྲ་མིང་ལ་ཕིང་ཙེ་ཀྲུག་( 彭栽舟) དང་དངོས་མིང་ལ་ཕིན་ལིས་ཧྥ་ (彭立发) ཟེར་གྱི་ཡོད་ཅིང་། ད་ལྟ་རང་ལོ་ ༤༨ དང་། རྒྱ་ནག་ཧེ་ལུང་ཅང་ཞིང་ཆེན་(黑龙江省) གྱི་ཐེ་ལོ་རྫོང་(泰来县) ཁོངས་ནས་ཡིན་འདུག་ལ། ཁོང་ནི་རང་དབང་དང་ཚན་རིག་ལ་དགའ་མོས་ཡོད་མཁན་ཞིག་དང་། པེ་ཅིན་ཐེང་ཀ་དྲ་ལམ་ཚད་ཡོད་ཚོང་གཉེར་ཁང་དུ་ལས་གནས་གཉེར་གྱི་ཡོད་འདུག་པས། སྒེར་གྱི་ཊུ་ཝེ་ཊར་གྱི་མཆན་ཁོངས་སུ་ཁོང་གིས། ང་ནི་རང་དབང་ལ་དགའ་ཞེན་དང་། ཚན་རིག་དང་། ཚད་མ་རིག་པར་དགའ་པོ་ཡོད་མཁན་གྱི་བཟོ་བ་ཞིག་ཡིན། ཞེས་ཆེས་གུ་དོག་པའི་སྤྱི་ཚོགས་ཀྱི་སྨག་རུམ་དབུས་ནས་བདེན་དོན་གྱི་མེ་ལྕེ་ཞིག་སྤར་འདུག

 རྒྱལ་སྤྱིའི་ཁྱོན་ཡོངས་ནས་ཁོང་ནི་བདེན་དོན་གྱི་སྙིང་རྩ་འདར་མ་མྱོང་བའི་དཔའ་བོ་ཁེར་རྒྱུག་ཅིག་དང་། ད་ལྟ་རྐང་རྡུམ་ལག་རྡུམ་དུ་གྱུར་བའི་གཅིག་སྡུད་རིང་ལུགས་ཀྱི་སུན་གཙེར་འོག་ནས། འདྲ་མཉམ་གྱི་མིག་ཟུང་ཞར་ཡང་། དྲང་བདེན་གྱི་ཁྲག་རྩ་འགག་མ་མྱོང་བའི་མི་འབོར་དུང་ཕྱུར་དུ་མའི་རྟོགས་སད་དང་རེ་སྙེག་གི་ཟབ་ས་ནས་འཚེར་བའི་ལྕགས་ཁྲབ་འཁོར་ལོའི་མདུན་འགོག་མཁན་གསར་པ་ (New Tank man) ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག

ཟླ་འདིའི་ཕྱི་ཚེས ༡༣ ཉིན་ཕིན་ལིས་ཧྥ་ཡིས། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་ཆེས་འགྲུལ་བཞུད་དང་འདུ་འཛི་རྒོད་པའི་སི་ཐོང་ཟམ་ཆེན་དུ་འཕྲད་དར་བཞི་དཔྱངས་ནས་ཞི་རྒོལ་བྱས་རྗེས། རྒྱ་ནག་གཞུང་གི་ཉེན་རྟོག་པ་སོགས་ཀྱིས་ཁོང་ཉིད་འཛིན་བཟུང་བཙན་ཁྲིད་བྱས་པ་དང་། ཁོང་གིས་དཔྱངས་པའི་འཕྲེད་དར་རྣམས་བསྡུས་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་ལྟ་སི་ཐོང་ཟམ་ཆེན་ནས་བཞུད་པའི་ལམ་འགྲོ་བ་མང་པོ་ཞིག་གིས། དཔའ་བོ་ཁེར་རྒྱུག་ཅིག་གིས་འཛད་མཐའ་བྲལ་བའི་སྙིང་སྟོབས་ལ་མོས་གུས་བྱ་ངེས་རེད་ལ།  ཁོང་གིས་རང་དབང་དང་འདྲ་མཉམ་གྱི་སླད་དུ་མདུན་རྒོལ་བྱས་པའི་རྔམ་བརྗིད་ཀྱི་གཟི་མདངས་མིག་ཟུང་དུ་རྒྱུ་ཞོར། ཡ་བྲལ་བའི་གཅིག་སྡུད་རིང་ལུགས་ཀྱི་འགོག་གནོན་ལ་ན་ཟུག་གི་ཨམ་གཙིགས་སྡོམ་བཞིན་པའི་ཚོད་དཔག་བྱེད་ཀྱིན་འདུག

ཕིན་ལིས་ཧྥ་ཡིས། ང་ཚོར་ནད་དུག་བརྟག་དཔྱད་མི་དགོས་ཁ་ཟས་དགོས། ཐེམ་སྤང་བཀག་རྒྱ་མི་དགོས་རང་དབང་དགོས།  རིག་གནས་གསར་བརྗེ་མི་དགོས་བསྒྱུར་བཅོས་དགོས། མགོ་ཁྲིད་མི་དགོས་འོས་ཤོག་དགོས།  བྲན་གཡོག་མ་བྱེད། མི་མང་བྱོས། ཞེས་བྲིས་ནས་ཡོད་པ་དང་། ཡང་འཕྲེད་དར་གཞན་དེའི་ནང་སློབ་མཚམས་འཇོག ལས་མཚམས་འཇོག སྲིད་དབང་སྒེར་གཅོད་པ་ཞི་ཅིན་ཕིང་མེད་པ་བཟོ་དགོས། ཞེས་བྲིས་ཡོད་པ་མ་ཟད། མི་བུ་གང་མང་ཞིག་གི་ཡ་ཁོག་ཏུ་ཡུན་རིང་སྦས་མྱོང་བའི་མཐའ་ཚིག་དེ་སྒྲོག་སྦྱངས་བྱས་ཏེ། མི་ལོ་སུམ་ཅུ་ལྷག་གི་རྗེས་སླར་ཡང་རྒྱ་རིགས་མི་གྲངས་དུང་ཕྱུར་དུ་མའི་རེ་བས་འཚོལ་བའི་མང་གཙོའི་ལམ་བུ་རུ་བདེན་དོན་གྱི་འབོད་སྒྲ་ཞིག་བསྒྲགས་འདུག

 ཁོང་གིས་རྒྱ་ནག་པེ་ཅིན་དུ་རང་དབང་གི་འབོད་སྒྲ་ཞིག་བསྒྲགས་རྗེས། ཤུལ་ལུས་མང་ཚོགས་ལ་རེ་བ་གསར་པ་ཞིག་གནང་ནས།  རང་དབང་གི་ཁ་ཡིག་མང་པོ་བཞག་ཡོད་ཀྱང་།  ད་ལྟ་རྒྱལ་སྤྱིའི་ཁྱོན་ཡོངས་ནས་མགྲིན་གཅིག་གྲགས་ཀྱིས་ལྕགས་འཁྲབ་འཁོར་ལོའི་མདུན་འགོག་མཁན་གསར་པ་ཞེས་འབོད་པའི་ཕིན་ལིས་ཧྥ་བོར་བརླག་ཏུ་གྱུར་ནས་ཉིན་གྲངས་བཞི་འགྲོ་མུས་ཡིན་འདུག་ལ། རྒྱ་ནང་གི་དྲ་ལམ་ཁག་ནས་ཟམ་ཆེན་དང་། དཔའ་བོ། ཕོ་ཁྱོ་ག་སོགས་ཁོང་གི་ཞི་རྒོལ་དང་འབྲེལ་བའི་ཐ་སྙད་དེ་དག་ཀྱང་ནག་བསུབས་སུ་བཏང་ཡོད་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་རྣམས་ཀྱིས། ལྕགས་ཁྲབ་འཁོར་ལོའི་མདུན་འགོག་མཁན་གསར་པ་ཕིན་ལིས་ཧྥ་ཡིས་བདེན་དོན་གྱི་སླད་དུ་འཆི་བ་མགོ་ཐོག་ཏུ་ལྷུང་ཡང་གཉའ་མ་ཞུམ་པའི་བློས་བཏང་ལ་ཡིད་སྨོན་སྐྱེ་བཞིན་འདུག

  གསར་འགོད་པ། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 1

  1. ལྷ་དིང་དྲི་མེད་ says:
    ལོ་ 4 སྔོན།

    ཀུན་དགའ་བཀྲིས་དཔྱད་གཏམ་འདྲ་བཤུས་བྱས་པ་མ་གཏོགས་གསལ་བ་གང་ཡང་མིན་འདུག དེ་ཡང་དུས་ཚོད་ཆུ་ཚོད་༢༤བརྗེས་སུ་བཀོད་བྱུང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese