མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱིས་པའི་འཚོ་བཅུད་དུ་ཁྲེའམ་མོན་ཆ་བསྣན་པའི་ཡོངས་སུ་མ་གྲགས་པའི་ཕན་ཡོན།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། བྷཝེ་ན་ཤར་མ།

བོད་སྒྱུར་བ། ཐུབ་བསྟན་དཔལ་ལྡན།

པར། རྒྱ་གར་དུས་བབ།

ཁྲེའམ་མོན་ཆ་(Millets)ཞེས་པ་ནི་ཤིན་ཏུ་བཅུད་ཆེ་ཞིང་ཁོར་ཡུག་ལ་མི་གནོད་པ་དང་རྒྱུན་གནས་ཐུབ་པ་སོགས་ཀྱི་ཡོན་ཏན་དང་ལྡན་པ། ་དེང་སང་སླར་ཡང་དར་སོ་ཧ་ཅང་ཆེན་པོར་འགྱུར་བཞིན་པའི་སྲོལ་རྒྱུན་གྱི་རྒྱུན་ཟས་གྱི་རིགས་ཞིག་ཡིན། རྒྱ་གར་ནི་འཛམ་གླིང་ཐོག་ཏུ་ཁྲེ་ཐོན་སྐྱིད་བྱེད་མཁན་གཙོ་བོ་ཞིག་ཡིན། ཇོཝར་ (ཁྲེ་རྒོད) བྷཇར་ (མུ་ཁྲེ) རྭ་གི་ (མཛུབ་ཁྲེ) ཁྲེ་ཆུང་ ཀོཌོ་ཁྲེ་ ཝ་ཁྲེ་ པུརོ་སོ་ཁྲེ། འབྲས་ཁྲེ་སོགས་ནི་རྒྱ་གར་གྱིས་ཐོན་སྐྱིད་བྱེད་པའི་ཁྲེ་ཡི་རིགས་ཡིན། འབྲུ་རིགས་ཆུང་ཆུང་འདི་དག་ཟས་ཀྱི་བཅུད་སྣ་ཚོགས་དང་ལུས་ཟུངས་འདྲུལ་འགོག་གི་ནུས་པ་སོགས་འཛོམས་ཡོད་པས། ཟས་རིགས་གཞན་ལས་འཚོ་བཅུད་མང་བ་མ་ཟད་ད་ལྟའི་ཆར་འཚོ་བཅུད་སྣ་འཛོམས་ཀྱི་འབྲུ་རིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

བྱིས་པ་ཚོར་ཁྲེ་ཡི་ཕན་ཡོན།

འབྲུ་རིགས་སྣ་ཚོགས། BCCL/Representational Image

ཕ་མ་ཚང་མས་རང་ཉིད་ཀྱི་ཕྲུ་གུའི་ལུས་དང་སེམས་ཀྱི་འཚར་ལོངས་ནི་གལ་ཆེན་དུ་འཛིན་གྱི་རེད། རང་ཉིད་ཀྱི་བུ་ཕྲུག་གི་རྒྱུན་ལྡན་གྱི་འཚོ་བཅུད་ཚད་ལྡན་ཞིག་ཡོང་བ་བྱ་རྒྱུ་ནི་གལ་འགངས་ཅན་ཞིག་ཡིན་ཡང་དེ་ལྟར་ཡོང་བར་མཚམས་རེར་དཀའ་ཚེགས་ཆེ། ཟས་རིགས་གང་ཞིག་ལ་འཚོ་བཅུད་ཡག་ཤོས་ཡོད་པ་དང་དེ་ལས་སླ་པོའི་སྒོ་ནས་ཞལ་ལག་མ་འདྲ་བ་མང་པོར་གཡོས་སྦྱོར་བྱེད་ཆོག་པའི་ཁྱད་ཆོས་ཡོད་པ་དེ་ངོས་ཟིན་པ་བྱེད་རྒྱུ་ནི་མན་ངག་གམ་ལྡེ་མིག་ལྟ་བུ་ཡིན། ཁྲེ་ནི་བྱིས་པར་འཚོ་བཅུད་གདང་ངེས་ཤེས་པ་སྦྱིན་པའི་འབྲུ་རིགས་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། ། ཁྲེ་ནི་གྲོ་སྤྲི་ (གྲོ་ཡི་རིགས་ལ་ཡོད་པའི་སྤྲི་དཀར་རྫས་gluten) མེད་པ་དང་བཅུད་དང་ལྡན་ལ་ཕོ་བས་འཇུ་སླ་བ་དང་། མི་འཕྲོད་པའི་ནད་གཞི་སློང་ཉུང་བ་དང་རང་ཉིད་ཀྱི་བྱིས་པར་ཟས་རིགས་ཞིམ་པོ་རྣམ་པ་འདྲ་མིན་གྱི་ཐོག་ནས་སྤྲད་ཆོག་པ་སྟེ་དཔེར་ན་སྟབས་བདེའི་མངར་ཟས་སོགས་དང་། ཡང་ན་རྒྱུན་ལྡན་གྱི་ཞལ་ལག་བག་ལེབ་དང་ཐུག་པ། ཟན་སྒོང་ལ་སོགས་པར་གཡོས་སྦྱོར་བྱེད་ཆོག དེ་ཙམ་མ་ཟད་ཁྲེ་ནི་གཡོས་སྦྱོར་སླ་བའི་ཟས་རིགས་ཤིག་ཡིན་པས་དུས་རྒྱུན་དུ་སློབ་གྲྭ་སོགས་ལ་འཁྱེར་གྱུའི་ཞལ་ལག་སྣ་ཚོགས་སྟབས་བདེའི་ངང་བཟོ་ཆོག་པ་དང་། བྱིས་པ་ཚོའི་འཚར་ལོངས་དང་ལུས་སྟོབས་འཕེལ་རྒྱས་ལ་ངེས་པར་དུ་མཁོ་བའི་རང་བྱུང་ཁམས་ཀྱི་འཚོ་བཅུད་བཟང་པོ་སྣེ་མང་འཛོམས་ཡོད།

འཚོ་བཅུད་ཤིན་ཏུ་ཆེ་བ།

ཟས་ལ་རོལ་བཞིན་པའི་རྒྱ་གར་གྱི་བྱིས་པ། BCCL/Representational Image

བྱིས་པར་ཟས་བཅུད་ཡང་དག་པ་ཞིག་ཡོང་ཐབས་ཀྱི་འཆར་གཞི་འདིང་བའི་ཚེ་ཁོང་ཚོའི་ཚད་ལྡན་གྱི་འཚར་ལོངས་དང་། ཉིན་རེའི་འཚོ་བཅུད་དགོས་མཁོ་སྐོང་བའི་ཆེད་དུ་ཟས་བཅུད་ཀྱི་རིགས་མ་ཚང་བ་མེད་པ་སྤྲོད་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན། ཁྲེ་ནི་རང་ཉིད་ཀྱི་འཕྲོད་བསྟེན་ལ་ཕྱོགས་མང་པོ་ནས་ཕན་ཐོགས་ཡོད་པའི་འབྲུ་རིགས་བཅུད་ཆེན་ཞིག་རེད། ལྕུག་ཕྲན་དང་སྤྲི་དཀར། རྩ་རྫས་ཨཡེ་རོན་དང་ཀེལ་ཤམ་སོགས་ཡོད་པས་བྱིས་པར་རྒྱུན་དུ་སྦྱིན་རྒྱུ་གལ་ཆེ། བྱིས་པ་ཚོ་ནི་མི་རྒན་པ་དང་མི་འདྲ་བར་ཐུན་མོང་མ་ཡིན་པའི་འཚོ་བཅུད་ཀྱི་དགོས་མཁོ་ཡོད་པས་ཁོང་ཚོར་འཚོ་བཅུད་ཕྲ་བ་དང་རག་པ་སྣ་ཚོགས་ལྡན་པའི་ཞལ་ལག་བྱིན་རྒྱུ་གལ་ཆེན་ཡིན། ཁྲེ་ནི་ཕྱི་ནས་ངེས་པར་ཏུ་བརྟེན་དགོས་པའི་འཚོ་བཅུད་གལ་ཆེན་ཁག་གིས་ཕྱུག་པས་བྱིས་པའི་རྒྱུན་ལྡན་ཞལ་ལག་གི་ཁོངས་སུ་འཇོག་རྒྱུའི་ཟས་རིགས་ངོ་མཚར་ཞིང་ཆེས་མཆོག་ཏུ་གྱུར་པ་ཞིག་རེད། Indian Tobacco Company ཡི་ཨ་ཤིར་ཝད་སྣེ་འཛོམས་ཁྲེ་ནི་ཁྲེ་རིགས་མི་འདྲ་བ་དུ་མ་བསྡུས་ཡོད་ཅིང་རང་བྱུང་གི་འཚོ་བཅུད་གལ་ཆེན་དཔེར་ན་ལུས་ཀྱི་ཤ་གྲིམ་སྐྱེ་འཕེལ་ལ་ཕན་པའི་སྤྲི་དཀར་དང་ཀླད་པའི་རྒྱུན་ལྡན་བྱེད་ལས་ལ་ཕན་པའི་རྩ་རྫས་ཛིང་ལྟ་བུ་དང་ལུས་སེམས་ངལ་དུབ་མི་འབྱུང་བར་ཕན་པའི་རྩ་རྫས་མེག་ནེ་ཤམ་ལྟ་བུ་དང་ཟས་ཀྱི་འཇུ་སྟོབས་ལ་ཕན་པའི་ལྕུག་ཕྲན་སོགས་འཛོམས་ཡོད་པས་བྱིས་པ་ཚོའི་ལུས་སེམས་ཀྱི་རྩལ་ཡོངས་སུ་རྫོགས་པར་གྲོགས་བྱེད་པ་ཡིན། ཁྲེ་ནི་སྤྱིར་བཏང་ནས་རུས་པའི་སྟོབས་རྒྱས་པ་སོགས་ལ་དགོས་པའི་རྩ་རྫས་ཀེལ་ཤམ་ཡོད་པ་དེས་བྱིས་པ་ཚོ་འཚར་ལོངས་བྱེད་བཞིན་པའི་བརྒྱུད་རིམ་ནང་ལ་ཡོད་པས་ངེས་པར་དུ་མཁོ་བ་དང་རྩ་རྫས་ཨཡེརོན་ཡོད་པ་དེས་ཟུངས་ཁྲག་འཕེལ་བ་སོགས་ལ་རོགས་ཕན་བྱེད་པ་རེད།

འཇུ་བྱེད་མ་ལག་ལ་བཟང་བ།

འབྲུ་རིགས་སྣ་ཚོགས། BCCL/Representational Image

ཁྲེ་ལ་ཟས་ཀྱི་ལྕུག་ཕྲན་་༡༥-༡༦% ཡོད་པ་དེས་ཕྲུ་གུའི་མེ་དྲོད་དམ་ཕོ་བའི་འཇུ་སྟོབས་སྤྱི་ལ་ཕན་པ་དང་ཕོ་བ་རྒྱུ་ལོང་ནང་དུ་ལུས་ལ་མཁོ་བའི་སྲིན་བུའི་རིགས་སྐྱེ་འཕེལ་ལ་རོགས་ཕན་བྱེད་ཀྱི་ཡོད། རང་བཞིན་གྱིས་གྲོ་སྤྲི་མེད་པ་དང་སྐྱུར་རྩི་མི་བསྐྱེད་པ་དང་འཇུ་སླ་བས་བྱིས་པས་བརྟེན་བྱ་མཆོག་ཏུ་གྱུར་པ་ཞིག་གོ།

འཕྲོད་བསྟེན་ལ་ཉེན་ཚབས་སློང་མཁན་འཚོ་བཅུད་མ་འདང་བའམ་དུས་རྒྱུན་གྱི་འཚོ་བཅུད་ནང་ལ་སྟོང་ཆ་ལྷག་པ་བཅས་ལ་གདོང་ལེན་བྱེད་པ།

ཟས་ལ་རོལ་བཞིན་པའི་རྒྱ་གར་གྱི་སློབ་མ། BCCL/Representational Image

འཚོ་བཅུད་མ་འདང་བ་ནི་བྱིས་པ་ཚོར་དཀའ་ངལ་བཟོ་མཁན་གཙོ་ཆེ་བ་གཞན་ཞིག་སྟེ་རིམས་ནད་སོགས་འགོ་སླ་བ་དང་ནད་གཞི་ལས་དྲག་སྐྱེད་དཀའ་རུ་འགྱུར་བ། འཚར་ལོངས་སོགས་ལ་གནོད་ཀྱི་ཡོད། བྱིས་པའི་རྒྱུན་ལྡན་གྱི་ཟས་རིགས་སྣ་ཚོགས་ཆ་སྙོམས་དུ་བརྟེན་པའི་ཁོངས་སུ་ཁྲེ་ཡི་ཟས་མང་ཙམ་བསྣན་ན་དེང་སང་འཕེལ་བཞིན་པའི་འཚོ་བཅུད་མ་འདང་བའི་དཀའ་ངལ་དེ་དག་སེལ་ཐུབ། Indian Tobacco Company  ཡི་ཨཤིར་ཝད་རྭ་གིའམ་མཛུབ་ཁྲེའི་གྲོ་ཞིབ་ནི་བཅུད་ཀྱིས་ཕྱུག་པའི་ཟས་ཞིག་སྟེ། རྩ་རྫས་ཨཡེ་རོན་དང་ཀེལ་ཤམ་དང་ཛིང་དང་སྤྲི་དཀར་བཅས་ཡོད་པས་འཕྲོད་རྟེན་ལ་ཕན་ཐོགས་ཤིན་ཏུ་ཆེ། བྱིས་པའི་འཚོ་བཅུད་མ་འདང་བའི་དཀའ་ངལ་ནི་ཁྲེ་ཡིས་སེལ་ཐུབ། གང་ཡིན་ཟེར་ན་ཁྲེ་ནི་ནུས་པའི་འབྱུང་ཁུང་བཟང་ཞིང་འཚོ་བཅུད་ཕྲ་བའི་རིགས་དཔེར་ན་རྩ་རྫས་ཨཡེ་རོན་དང་ཛིང་དང་མེག་ནེ་ཤམ་དང་གནད་རྫས་ཁ་པ་ (Vitamin B) [མཆན། vital-གལ་གནད་ཤིན་ཏུ་ཆེ་བ minerals-རྫས vitamins-མི་ཡི་ལུས་ཁམས་ལ་གལ་གནད་ཤིན་ཏུ་ཆེ་བའི་རྫས་ཀྱི་རིགས་ལ་གནད་རྫས་ཞེས་གུས་པས་སྒྱུར་ཁུལ་བྱས] ལ་སོགས་པ་འདུས་ཡོད་པས། ནད་འགོག་མ་ལག་ཀྱི་ཉམས་ཆག་དང་ཟུངས་ཁྲག་ཉམས་པའི་ནད་གཞི་དང་མངོན་པར་མི་གསལ་བའི་དཀྲེས་སྐོམ་སྟེ། འཚོ་བཅུད་ཀྱིས་མི་འདང་བའི་དཀའ་ངལ་བཅས་ལ་གདོང་ལེན་བྱེད་ཐུབ། བྱིས་པ་ནི་ལུས་སེམས་གཉིས་ཀ་འཚར་ལོངས་དང་སྐྱེ་འཕེལ་ཀྱི་བརྒྱུད་རིམ་ཤིན་ཏུ་གལ་གནད་ཆེ་བའི་དུས་ཡིན་པས་འཚོ་བཅུད་མ་ཚང་བ་མེད་པར་ཚད་ལྡན་འབྱོར་རྒྱུ་ནི་གལ་འགངས་ཆེ་བའི་གནད་དོན་ཞིག་ཡིན། བརྒྱུད་རིམ་འདིའི་སྐབས་སུ་གལ་ཏེ་དེ་ལྟར་མ་བྱུང་ན་བྱིས་པའི་ལུས་སེམས་གཉིས་ཀའི་འཚར་ལོངས་ལ་གནོད་ཚབས་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།།

རྩོམ་པ་པོ་འབུམ་རམས་པ་བྷཝེ་ན་ཤར་མ་ལགས་་ནི (Indian Tobacco Company) ཚོགས་པའི་ཟས་རིགས་སྡེ་ཚན་གྱི་འཚོ་བཅུད་ཚན་རིག་པ་གཙོ་བོ་ཞིག་ཡིན།

མཆན།

Millets ལ་སྨོན་ལམ་ཚིག་མཛོད་དུ་ཁྲེ་ཞེས་བསྒྱུར་འདུག་པ་དེར་ཁུངས་བཅོལ་ཡོད། སྨན་གཞུང་རྒྱུད་བཞི་ལས། ཁྲེ་ནི་ལྕི་བསིལ་བརྟས་བྱེད་རླུང་མཁྲིས་སེལ། ཞེས་པའི་དོན་དེ་སྐབས་འདིའི་རྩོམ་པ་པོ་དང་ཚན་རིག་པ་ཁོང་གི་རྩོམ་ཡིག་ཀྱི་བརྗོད་དོན་དང་ཡོངས་སུ་མཐུན་འདུག་པ་དང་། བོད་ཀྱི་ཕ་མ་དང་བྱིས་པ་ཚོར་ཅུང་ཙམ་ཕན་དུ་རེ་ནས་རྩོམ་ཡིག་འདི་བོད་བསྒྱུར་ཞུས།

Element Fe, Calcium, zick ལ་སོགས་པར་བོད་སྐད་དུ་དོན་བསྒྱུར་བྱས་པ་དེ་འདྲ་མཐོང་སོང་ཡང་བརྗོད་མི་བདེ་བ་དང་དོན་ལོགས་པར་གོ་སྲིད་པ་སོགས་ཀྱི་སྐྱོན་ཆ་མཐོང་བས། གུས་པས་རྩ་རྫས་ཞེས་པའི་རྗེས་སུ་རྫས་བྱེ་བྲག་པའི་མིང་དེ་སྒྲ་རང་སོར་བཞག་ཡོད།

མ་ཡིག་གི་འབྲེལ་ཐག https://www.indiatimes.com/health/healthyliving/the-little-known-benefits-of-inclusion-of-millets-in-childrens-diet-584665.html

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༦ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༢༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese