མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཚོགས་ཟུར་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་སོགས་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་སོགས་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་སྟེ་བོད་དོན་སྐོར་གོ་བསྡུར་ལྷུག་པོ་གནང་ཡོད་འདུག

Sikyong-led Tibetan delegation with Speaker Emerita Nancy Pelosi and Congressman Jim McGovern. Photo:Tibet.net

ཟླ་འདིའི་ཕྱི་ཚེས་ ༡ ནས་བཟུང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་གྲོས་ཚོགས་འཐུས་མི་དང་རོགས་ཚོགས་ཀྱི་གནད་ཡོད་མི་སྣ་སོགས་ལ་མཇལ་འཕྲད་གནང་བཞིན་ཡོད་པ་ལྟར། ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་སྲིད་སྐྱོང་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་མ་འོངས་ལས་འཆར་ཁག་ཅིག་བཅས་སྙན་སེང་ཞུས་ཡོད་འདུག་ལ། ཚོགས་ཟུར་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་ཁོང་རྣམ་ནས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་ཞིང་མ་འོངས་ལས་འཆར་ཁག་གི་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག

དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གསར་པ་གྲོས་ཚོགས་འཐུས་མི་ཁིར་སི་ཊོ་ཕར་སི་མིཌ་ (Christopher H. Smith) མཆོག་དང་མཇལ་འཕྲད་གནང་སྟེ། ཨ་རིའི་གྲོས་ཚོགས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་གཏན་འབེབས་གནང་ཐུབ་ཚེ། ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་རྣམས་ཀྱིས་ཀྱང་དེ་ལྟ་བུའི་ཁྲིམས་འཆར་གཏན་འབེབ་གནང་རྒྱུར་སྒུལ་ཤུགས་ཐེབས་ངེས་ཡིན་སྐོར་དང་། སྐུ་ཞབས་ཁོང་ནས་རྒྱ་ནག་ལས་དོན་ཚོགས་ཆུང་གི་འགན་བཞེས་པའི་སྐབས་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་ཉན་ཞིབ་གོ་སྒྲིག་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་འདུག

Sikyong-led Tibetan delegation during the meeting with Congressman Diaz Balart. Photo:Tibet.net

ཕྱི་ཚེས་ ༧ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་དགོས་དངུལ་ཆ་བགོས་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་མཱ་རེའོ་ཌཱ་ཛི་བྷ་ལར་ཊི་(Mario Diaz-Balart)མཆོག་དང་མཇལ་འཕྲད་གནང་སྟེ་རོགས་དངུལ་དང་འབྲེལ་བའི་ཐོག་བཀའ་མོལ་ལྷུག་མོ་གནང་ཡོད་འདུག ཉིན་དེའི་ཉིན་རྒྱབ་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ (Young Kim) མཆོག་དང་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (Brian Schatz) མཆོག་རྣམ་གཉིས་དང་མཇལ་འཕྲད་གནང་།

གཞན་ཡང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥ་མེར་ཁི་ལེ་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག་བཅས་ནས་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་ (Promoting a Resolution to the Tibet-China Conflict Act) བསྐྱར་དུ་ངོ་སྤྲོད་གནང་ཡོད་པ་ལྟར། ཕྱི་ཚེས་ ༨ ཉིན་སྲིད་སྐྱོང་མཆོག་ནས་ཁྲིམས་འཆར་ངོ་སྤྲོད་གནང་མཁན་སྐུ་ཞབས་མཱ་ཡི་ཀེལ་མེག་ཁོལ་ (Michael McCaul) མཆོག་དང་། གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་ཌི་ཡོང་(Todd Young) མཆོག་རྣམ་གཉིས་ལ་མཇལ་འཕྲད་གནང་སྟེ་ཐུགས་རྗེ་ཆེ་ཞུས་ཡོད་འདུག

ཨ་རིའི་གྲོས་ཚོགས་ནང་བབོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱབ་སྐྱོར་གྱི་ཁྲིམས་འཆར་འདོན་མཁན་གྲོས་ཚོགས་གོང་འོག་གི་འཐུས་མི་རྣམ་པ་བཞི། པར་བཟོ་སྒྲིག་བྱས།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཨ་རིའི་གྲོས་ཚོགས་འོག་མའི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མེ་ཁེལ་མེ་ཀུལ་ (Michael McCaul) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེ་ཧྥ་མེར་ཁི་ལེ་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཊོ་ཌི་ཡང་ (Todd Young) མཆོག་བཅས་ཀྱིས་ཨ་རིའི་གྲོས་ཚོགས་སུ་བསྐྱར་དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་གནང་ཡོད་འདུག

དེ་བཞིན་ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གོང་ཞུས་ཨ་རིའི་གྲོས་ཚོགས་འཐུས་མི་རྣམ་པས་བསྐྱར་དུ་ཁྲིམས་འཆར་བཏོན་པར་བསྔགས་བརྗོད་དང་འབྲེལ།  ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་སྲིད་དོན་ཚོགས་པ་མཉམ་འབྲེལ་གྱིས་གདུང་སེམས་མཉམ་བསྐྱེད་ཀྱི་ཚོར་ཤུགས་དྲག་པོས་བོད་དོན་ཁྲིམས་འཆར་བསྐྱར་འདོན་གནང་བ་དེ་བོད་རྒྱའི་དཀའ་རྙོག་སེལ་བར་ནན་སྐུལ་གནང་བ་ཞིག་ཡིན་ལ། ཨ་རིའི་གཞུང་ནས་ནམ་རྒྱུན་ཞི་བདེ་དང་། དམངས་གཙོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་སྲུང་སྐྱོབ་བཅས་གནང་གི་ཡོད་པ་མ་ཟད། ཁྲིམས་འཆར་འདིས་བོད་ནང་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་རེ་བ་ཆེན་པོ་ཞིག་བསྐྲུན་ཡོད་ངེས་རེད། ཅེས་གསུངས་འདུག

གསར་འགོད་པ་བསྟན་འཛིན་ཕུར་བུ་དང་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་བཏུས།

འབྲེལ་ཡོད་གསར་འགྱུར།

Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༡༧ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese