མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འཕགས་བོད་འབྲེལ་མཐུད་ཚོགས་པ་བཙུགས་ནས་ལོ་ ༢༥ འཁོར་བའི་མཛད་སྒོ་རྒྱས་པ་ཞིག་འཚོག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༨
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ཉིན་བཞུགས་སྒར་དུ་འཕགས་བོད་འབྲེལ་མཐུད་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ཉེར་ལྔ་འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་ཡིན་འདུག

འཕགས་བོད་འབྲེལ་མཐུད་ཚོགས་པའི་གསར་འགོད་ལྷན་ཚོགས་སྐབས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༨ ཉིན།

དེ་རིང་ཞོགས་པའི་ཆུ་ཚོད་ ༡༡ ཙམ་ལ་འཕགས་བོད་འབྲེལ་མཐུད་ཚོགས་པ་ (Bharat Tibbat Sahyog Manch) བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་ཆེན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐོང་ཚོགས་སོང་བ་དང་། གསར་འགོད་གསལ་བསྒྲགས་སྟེང་འཕགས་བོད་འབྲེལ་མཐུད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་པཱང་ཀཤ་གོ་ཡལ་ (Pankaj Goel) ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་བཙན་འཛུལ་བྱས་པ་ནས་བཟུང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་དང་བོད་མི་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་མུས་ཡིན་པ་སོགས་མཚམས་འཇོག་བྱེད་ཀྱི་མེད་པ་དང་། རྒྱ་གར་མཐའ་མཚམས་སོགས་རྩོད་གླེང་བྱེད་ཀྱི་ཡོད་པར་བརྟེན། བོད་ལ་རང་དབང་ཐོབ་དགོས་པ་ནི་བོད་མི་ཙམ་མིན་པར་རྒྱ་གར་ལའང་མེད་དུ་མི་རུང་བ་ཞིག་ཡིན་སྐོར་དང་། འཕགས་བོད་འབྲེལ་མཐུད་ཚོགས་པའི་ཚོགས་མི་རྣམས་ནས་ནང་ཁུལ་གླེང་སློང་བྱེད་སྐབས། རྒྱ་གར་གཞུང་མང་གཉིས་ཀྱིས་བོད་དོན་གླེང་སློང་དང་བོད་མི་རྣམས་ལ་རྒྱབ་སྐྱོར་བྱ་དགོས་སྐོར་སོགས་བརྗོད་པ་ལྟར། ཕྱི་ལོ་ ༡༩༩༩ ལོར་འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་བཙུགས་བྱས་ཡོད་སྐོར་སོགས་བརྗོད་སོང་།

ད་དུང་ཁོང་གིས། འདས་པའི་ལོ་ངོ་ ༢༤ ནང་འཕགས་བོད་འབྲེལ་མཐུད་ཚོགས་པས་རྒྱ་གར་གྱི་ས་གནས་ ༣༠༠ ལྷག་ནང་ཚོགས་པ་བཙུགས་ཡོད་པ་དང་། མང་ཚོགས་རྣམས་ལ་བོད་དོན་དྲིལ་བསྒྲགས་དང་གོ་རྟོགས་སྤེལ་གྱི་ཡོད་ཅིང་། བུད་མེད་དང་གཞོན་སྐྱེས། སློབ་ཕྲུག་སོགས་ལ་བོད་དོན་གོ་རྟོགས་སྤེལ་གྱི་ཡོད་སྐོར་དང་། བོད་པའི་དགུན་ཚོང་དང་སུད་ཚོང་སོགས་ལ་དཀའ་ངལ་འཕྲད་སྐབས། དཀའ་ངལ་དེ་དག་སེལ་བར་རོགས་རམ་བྱས་ཡོད་སྐོར། ཕྱི་ལོ་ ༡༩༥༩ ནས་ད་བར་རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་གཏོར་བཤིག་དང་། བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པ་དང་། ད་ལྟའི་ཆར་ཚོགས་པའི་ངོས་ནས་འཛམ་གླིང་གི་རྒྱལ་ཁབ་གཞན་ལ་རྒྱ་ནག་གཞུང་གིས་བོད་པའི་སློབ་ཕྲུག་རྣམས་ལ་རྒྱ་སྐད་རིང་ལུགས་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་པའི་ཐོག་གླེང་སློང་བྱེད་ཀྱི་ཡོད་སྐོར་དང། བོད་ལ་རང་དབང་གང་མགྱོགས་ཐོབ་རྒྱུ་ཡིན་སྐོར་སོགས་བརྗོད་སོང་།

འདི་གའི་གསར་འགོད་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་སུ་འཕགས་བོད་འབྲེལ་མཐུད་ཚོགས་པའི་གསར་འགོད་གསལ་བསྒྲགས་སྐོར་ལ་དྲིས་པར། ཁོང་གིས། དེ་རིང་འདིར་གསར་འགོད་གསལ་བསྒྲགས་བསྐོང་ཚོགས་གནང་བ་དེ། རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་བ་འཕགས་བོད་འབྲེལ་མཐུད་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་པ་རེད། ཚོགས་པ་འདི་ཕྱི་ལོ་ ༡༩༩༩ ལོར་བཞུགས་སྒར་དྷ་རམ་ས་ལར་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཀྱི་ཐོག་ལ་དབུ་འཛུགས་གནང་བའི་རྒྱ་གར་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད། ཚོགས་པ་དེ་དབུ་བརྙེས་ནས་ལོ་ ༢༥ འཁོར་བའི་དུས་ཆེན་ཆགས་ཀྱི་ཡོད་པར་བརྟེན། རྒྱ་གར་རྒྱལ་ཡོངས་ནང་ལས་འགུལ་འདྲ་མིན་སྲུང་གཙི་དང་། ལྷག་དོན་དུ་༧རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཀྱི་ཐོག་ནས་བཞུགས་སྒར་དྷ་རམ་ས་ལར་དབུ་བརྙེས་པར་བརྟེན། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༥ ཉིན་མཛད་སྒོ་རྒྱས་པ་ཞིག་འཚོག་རྒྱུ་ཡིན་པ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་ཤིག་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་དོན་དང་འབྲེལ་ནས་ཁོང་གིས། ད་ལྟའི་ཆར་རྒྱ་གར་རྒྱལ་ཡོངས་ཀྱི་ས་གནས་ཁག་ ༣༠༠ ལྷག་གི་ནང་ཚོགས་པ་ཡོད་པ་དང་། དམིགས་ཡུལ་གཙོ་བོ་དེ་བོད་རང་བཙན་དང་ད་ལྟའི་ཆར་གངས་རིན་པོ་ཆེ་དེ་རྒྱ་ནག་གཞུང་གི་བཙན་འོག་ཏུ་ཡོད་པ་དེ་ཀློད་གྲོལ། དེ་བཞིན་རྒྱ་གར་གྱི་བདེ་འཇགས་ལ་སོགས་པའི་གནད་དོན་ཐོག་ལས་འགུལ་སྤེལ་མུས་རེད། འཕགས་བོད་འབྲེལ་མཐུད་ཚོགས་པ་གསར་འཛུགས་གནང་མཁན་སྐུ་ཞབས་ཨིན་དེ་རེཤ་ཀུ་མར་ (Indresh Kumar) ལགས་ཀྱིས་ད་ལྟའང་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་གི་ཡོད་པ་རེད། ད་དུང་ ༡༩༩༩ ལོར་དབུ་བཙུགས་པའི་ཐོག་ནས་གནད་དོན་འདྲ་མིན་གྱི་ཐོག་ལས་འགུལ་སྤེལ་གནང་ཡོད་པ་རེད། དཔེར་ན་ཆ་བཞག་ན། ལོ་ལྟར་བོད་རང་བཙན་དང་འབྲེལ་བའི་གོམ་བགྲོད་ (Tawang Yatra) སྲུང་གཙི་གནང་གི་ཡོད་པ་དང་། རྒྱ་ནག་གི་ཅ་ལག་ཉོ་ཚོང་དང་བེད་སྤྱོད་བྱ་རྒྱུ་མེད་པའི་ལས་འགུལ་སྤེལ་བ་དང་། ཕྱི་ལོ་ ༢༠༢༠ ལོ་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དམིགས་བསལ་གྱི་འབྲེལ་བ་བྱས་ཏེ། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་ལྷག་པར་དུ་སྐུ་ལུས་མེར་སྲེག་གཏོང་མཁན་རྣམས་ལ་རྗེས་དྲན་ཞུ་རྒྱུའི་ཉིན་མོ་གཏན་འབེབས་བྱས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་འཕགས་བོད་འབྲེལ་མཐུད་ཚོགས་པ་ཟུང་འབྲེལ་གྱི་ཐོག་ནས་དཔའ་བོ་དཔའ་མོའི་རྗེས་དྲན་ལས་འགུལ་ཞིག་སྤེལ་ཡོད་པ་རེད། ལས་འཆར་གྱི་ནང་དུ་ལོ་འཁོར་གཅིག་གི་ནང་དུ་བོད་དོན་དང་འབྲེལ་བའི་ཞུ་གཏུག་གི་ལས་འགུལ་དང་སྐད་འབོད། དེ་བཞིན་གོམ་བགྲོད་ཀྱི་ལས་འགུལ་མང་པོ་སྤེལ་ཡོད་པ་རེད། ཅེས་བརྗོད་བྱུང་།

འཕགས་བོད་འབྲེལ་མཐུད་ཚོགས་པ་ནི་ཕྱི་ལོ་ ༡༩༩༩ ལོར་གསར་དུ་བཙུགས་ཡོད་ཅིང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་དང་། ཚོགས་པ་དེས་ད་བར་རྒྱ་གར་དང་རྒྱལ་སྤྱིའི་སྟེང་བོད་དོན་དང་འབྲེལ་བའི་གླེང་མོལ་མཚོན་པའི་ཞི་བའི་ལས་འགུལ་མི་ཉུང་བ་ཞིག་སྤེལ་ཡོད་པ་མ་ཟད། བོད་ལ་རང་དབང་ཐོབ་པ་དང་རྒྱ་གར་མདུན་སྐྱོད་དང་གོང་འཕེལ་སོགས་ལ་དམིགས་ཏེ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་རྒྱ་ནག་གི་མི་ཆོས་ལས་བརྒལ་བའི་རྒྱ་སྐྱེད་རིང་ལུགས་དང་སྲིད་ཇུས་སོགས་དག་ཐེར་འདོན་བྱས་དང་བྱེད་མུས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist