མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་གྱི་བོད་མི་ཚོ་རྒྱ་གར་དང་མཉམ་དུ་ཡོད་ཅེས་རྒྱ་ནག་ལ་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རུ་ན་ཅལ་མེའོ་ཆོས་འཕེལ་གླིང་གི་ས་གནས་གཞོན་ལྷན་དང་བུད་མེད་ལྷན་ཚོགས་གཉིས་ནས། ང་ཚོ་རྒྱ་གར་གྱི་རྒྱབ་ཏུ་ལངས་ཡོད། རྒྱ་ནག་གཞུང་གི་ཨ་རུ་ན་ཅལ་ཁུལ་གྱི་ས་མིང་བརྗེ་བསྒྱུར་ལ་ངོ་རྒོལ་ཡོད་ཅེས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་འདུག

Tibetans holds a protest in Miao town of Arunachal’s Changlang district Tibetans holds a protest in Miao town of Arunachal’s Changlang district | By special arrangement
The Print’s Photo

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད། ཨ་རུ་ན་ཅལ་མངའ་སྡེ་ནང་ཆགས་པའི་བོད་མིའི་གཞིས་ཆགས་མེའོ་ཆོས་འཕེལ་གླིང་གི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་རྟ་མགྲིན་རྡོ་རྗེ་ལགས་སུ་ཞི་བའི་གོམ་བགྲོད་ཀྱི་དགོས་དམིགས་སྐོར་ལ་བཀའ་འདྲི་ཞུས་སྐབས་ཁོང་གིས། ང་ཚོ་བཙན་བྱོལ་བ་ཆགས་པ་ནས་ཨ་རུ་ན་ཅལ་དུ་བསྡད་པ་ཡིན། བོད་ཤོར་བ་ལ་བརྟེན་ནས་ང་ཚོར་བཙན་བྱོལ་ནང་ས་ཆ་མེད་ཀྱང་། ད་ལྟའི་བར་དུ་བསྡད་བཅུག་པ་རེད། ང་ཚོ་སྤུན་མཆེད་བར་མི་མཐུན་པ་ཏོག་ཙམ་རེ་བྱུང་གི་ཡོད་པ་ལྟར་ང་ཚོའི་བར་མི་འགྲིག་པ་ཏོག་ཙམ་རེ་ཡོང་གི་ཡོད་ནའང་། ཨ་རུ་ན་ཅལ་གཞུང་གིས་ང་ཚོར་རོགས་རམ་དཔེ་ཡག་པོ་གནང་གི་ཡོད་པ་རེད། དེར་བརྟེན། ང་ཚོས་ཁོ་ཚོར་རྒྱབ་སྐྱོར་གྱི་ཚུལ་དུ་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་བ་ཡིན། ང་ཚོས་རྒྱ་ནག་གིས་མིང་བརྗེ་བསྒྱུར་བྱེད་བཞིན་པའི་གནད་དོན་དེ་དག་གི་ཐོག་ཨ་རུ་ན་ཅལ་གཞུང་ནས་དོ་སྣང་བྱེད་དགོས་པའི་འབོད་སྐུལ་ཞུས་པ་དང་སྦྲགས། ཨ་རུ་ན་ཅལ་གཞུང་མང་གཉིས་ཀྱི་མཉམ་དུ་ང་ཚོ་བོད་མི་ཚོ་ཡོད་ཅེས་འབོད་ཚིག་བསྒྲགས་པ་ཡིན། ཞེས་བརྗོད་བྱུང་།

ཚོགས་པ་གཉིས་ཀྱི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་ནི་བོད་ལྷོ་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་སྐོར་བརྗོད་ཡོད། འོན་ཀྱང་། ཐོག་མར་ཤེས་དགོས་པ་ཞིག་ལ་བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་ཤིག་མིན། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་རེད། གཉིས་པ་ང་ཚོ་བོད་མི་ཚོས་ཨ་རུ་ན་ཅལ་བོད་ལྷོ་རྒྱུད་ཀྱི་ཆ་ཤས་ཤིག་རྩ་བ་ནས་མ་རེད་ཟེར་གྱི་ཡོད། རྒྱ་ནག་གིས་ང་ཚོའི་ (བོད) ལོ་རྒྱུས་ང་ཚོ་ལས་ལྷག་གིས་ཤེས་ཀྱི་ཡོད་དམ། བོད་མི་ཚོས་རྩ་བ་ཉིད་ནས་ཨ་རུ་ན་ཅལ་བོད་ལྷོ་རྒྱུད་ཀྱི་ཆ་ཤས་ཤིག་ཡིན་པའི་བདག་དབང་བརྩད་མྱོང་མེད་ལ། ཨ་རུ་ན་ཅལ་མངའ་སྡེ་ནི་དམ་དུ་འབྲེལ་ཞིང་ཁ་བྲལ་ཐབས་མེད་པའི་རྒྱ་གར་གྱི་ཆ་ཤས་ཤིག་རེད། རྒྱ་ནག་གཞུང་གིས་རྩོད་བཞིན་པའི་བདག་དབང་ནི་གཞི་མེད་ཡིན་པས། ང་ཚོས་དེ་ལ་ངོས་ལེན་མེད། ཅེས་བརྗོད་འདུག

ཉེ་སྔོན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་ས་མིང་དོ་དམ་ལྷན་ཁང་ཟེར་བས་བོད་ལྷོ་རྒྱུད་ཁུལ་གྱི་ས་ཁོངས་སུ་ཨ་རུ་ན་ཅལ་ཁུལ་གྱི་ས་ཁུལ་དང་རི་ཆུ་ཁག་ཅིག་བཅུག་པའི་གནད་དོན་དང་འབྲེལ།  ཚོགས་པ་གཉིས་ཀྱི་བསྒྲགས་གཏམ་ནང་། རྒྱ་ནག་གཞུང་གིས་ཉེ་ལམ་ཙམ་མིན་པར་ཕྱི་ལོ་ ༢༠༡༧ དང་ ༢༠༢༡ གཉིས་སུའང་ཨ་རུ་ན་ཅལ་ཁུལ་གྱི་ས་མིང་བརྗེ་བསྒྱུར་དང་ས་ཁོངས་བདག་དབང་བརྩད་མྱོང་བའི་ལོ་རྒྱུས་ལུང་འདྲེན་དང་སྦྲགས། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་བྱེད་སྒོ་ཁག་ལ་ཐེ་གཏོགས་བྱས་པའི་ལོ་རྒྱུས་མང་པོ་ཡོད། ཁོ་ཚོས་ཤར་ཊུ་ཀི་སི་ཐན་ལ་ཤིན་ཅང་ཞེས་མིང་བཏགས་པ་དང་། ཁོ་ཚོས་བོད་ལ་བཙན་འཛུལ་བྱས་རྗེས། ང་ཚོ་བོད་ཀྱི་དབུས་གཙང་དང་ཁམས། ཨ་མདོ་བཅས་ལ་བོད་རང་སྐྱོང་ལྗོངས་དང་ཆིན་ཧའེ། སི་ཁྲོན་བཅས་མིང་བཏགས་ཡོད། ཅེས་བརྗོད་འདུག

གཞན་ཡང་བསྒྲགས་གཏམ་ནང་། རྒྱ་གར་གཞུང་གིས་བོད་མི་རྣམས་ལ་ཐོག་མར་བསུ་མ་བྱས་ཏེ་སྐྱབས་བཅོལ་བའི་ངོ་བོའི་ཐོག་གནས་སྡོད་བྱེད་དུ་བཅུག་པ་དང་། བོད་གཞུང་བཙུགས་ཏེ་འོས་འཕེན་པའི་ཐོབ་ཐང་དང་། རྒྱ་གར་ཕྱི་བསྐྱོད་ལག་ཁྱེར་དང་སློབ་སྦྱོང་། ལས་ཀ་སོགས་སྤྲད་དང་སྤྲོད་ཀྱིན་ཡོད་པ་མ་ཟད། རྒྱ་གར་གྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ངོས་ལེན་བྱེད་ཀྱི་ཡོད་པའི་ཁར་བོད་མི་རྣམས་ལ་ལྟ་སྟངས་ངན་པ་གཅིག་ཀྱང་བཟུང་མ་མྱོང་བའི་སྐོར་དང་། འོན་ཀྱང་། རྒྱ་ནག་གི་དབང་སྒྱུར་འོག་བོད་ནང་གི་བོད་མི་རྣམས་ལ་སྡུག་རྩུབ་མནར་གཅོད་བཏང་དང་གཏོང་མུས་ཡིན་ཁར། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་སྐོར་སོགས་གླེང་སློང་གནང་འདུག་ཅིང་། དམིགས་བསལ་རྒྱ་ནག་གཞུང་གིས་བོད་དེ་རྒྱ་རིགས་མི་སེར་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཏེ། ད་ལྟ་བོད་མི་ཚོས་ངེས་པར་དུ་རྒྱ་སྐད་རྒྱ་ཡིག་སྤྱངས་དགོས་པ་དང་ཐ་ན་རྒྱ་མིང་འདོགས་དགོས་པའི་གནས་སྟངས་འོག་ལྷུང་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་དོན་ཛ་དྲག་གླེང་སློང་གོམ་བགྲོད་ལས་འགུལ་གྱི་མཛད་སྒོ་སྐབས།  གཞོན་ལྷན་གྱི་པར། ༢༠༢༣།༠༤།༢༩
Mobile App

རྒྱ་གར་བྱང་ཤར་ཁུལ་དུ་ཟླ་གཅིག་ཙམ་རིང་བོད་དོན་གོམ་བགྲོད་གནང་གི་འདུག

༢༠༢༣/༠༤/༢༩
བཞུགས་སྒར་དྷ་རམ་ས་ལར་སེར་སྐྱ་མི་མང་སྟོང་ཕྲག་མང་པོ་འཛོམས་ཏེ་ཞི་བའི་ངོ་རྒོལ་བྱས། ༢༠༢༣།༠༤།༡༧ པར་དུས་བབ།
Mobile App

སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ས་གནས་མང་པོ་ན་ཞི་བའི་ངོ་རྒོལ་བྱེད་ཀྱི་འདུག

༢༠༢༣/༠༤/༡༧
Mobile App

རྟ་དབང་མི་མང་གིས་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་ཚོར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist