མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་ཡང་དག་པའི་རིག་གཞུང་ལ་བརྩི་བཀུར་གནང་རོགས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་ཟུར་བློ་བཟང་ཆོས་འབྱོར།

ང་ཚོ་བོད་མི་རིགས་ཀྱི་བྱམས་བརྩེ་དང་གཞན་ཕན་གྱི་རིག་གཞུང་གསལ་བོ་མ་མཁྱེན་པ་ཁག་མེད། དེའི་ཚུལ་ཕྱིའི་ལུས་ངག་གི་བྱེད་ལས་ལ་ཐོན་ཏེ་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་སྟངས་ཀྱི་རྣམ་གྲངས་གྲངས་ལས་འདས་པ་ཡོད། ང་ཚོས་སེམས་ལྡན་ཚང་མ་སྐྱེ་བ་ཀུན་ཏུ་རང་གི་མར་བྱས་པ་རིགས་པའི་ལམ་ནས་ཁས་ལེན་ཞིང། མི་ཙམ་མ་ཟད། སེམས་ལྡན་ཡོངས་ལ་ལྟ་སྟངས་གཅིག་གྱུར་ཞིག་ཡོང་བའི་བློ་སྦྱོང་རྒྱུ་ནི་ང་ཚོའི་རིག་གཞུང་གི་བསྟན་དོན་གཙོ་བོ་ཞིག་ཡིན། མི་ཞིག་ལ་མཚོན་ན། བཙས་མ་ཐག་ནས་ཁང་པའི་ཐོག་ཁར་བསང་ཕུད་པ། ཆོས་པ་ཚད་ལྡན་ལས་མིང་ཞུ་བ། བྱིས་པ་དེའི་མ་འོངས་པའི་ལས་དོན་རྣམས་ཀུན་ལ་ཕན་ཐོགས་པ་ཅན་ཞིག་ཏུ་ཡོང་བར་མཆོད་འབུལ་དང་སྦྱིན་གཏོང་། ཚེ་ཐར་སོགས་ཀྱི་ལམ་ནས་ཚོགས་གསོག་པ། ལོ་གསུམ་ལ་ལོན་མཚམས་དམིགས་བསལ་མནོལ་སྟོན་ཞེས་སྐྲ་ཕུད་བླངས་ཏེ་སྟོན་མོའི་བྱེད་སྒོ་ཆེན་པོ་ཞིག་སྤེལ་སྲོལ་ཡོད།

བྱིས་པ་ཚང་མའི་ཐོད་པ། འགྲམ་པ། ཁ་སོགས་ལ་རྒན་པ་ཕོ་མོ་དབྱེ་བ་མེད་པར། གཉེན་ཉེ་ཡིན་མིན་ཚང་མས་འོ་བྱེད་ཅིང། བྱིས་པ་གང་དེར་དམིགས་བསལ་འཆམ་པོ་བྱེད་མཁན་ཚོས་བྱིས་པའི་སྣབས་ལུད་ཚུན་ཁས་འཇིབ་ནས་མར་གཡུགས་པ་ཡིན། ང་ཚོ་འདི་ལྟར་འཚར་ལོངས་བྱུང། ད་ལྟ་ཡང་བྱིས་པ་ཚོ་འདི་ལྟར་འཚར་ལོངས་བྱུང་བཞིན་པ་ཡིན། མདོ་དོན་བྱིས་པ་བཙས་མ་ཐག་ནས་སྐྱེ་བ་ཕྱི་མ་མཐའ་དག་གི་ལས་དོན་ལ་རྩིས་སྐོར་ཏེ། མི་ཚེའི་འགྲོ་སྟངས་བཟོ་ཐུབ་མཁན་ང་ཚོ་བོད་མི་རིགས་ལྟ་བུ་ཤིན་ཏུ་དཀོན། ང་ཚོའི་རིག་གཞུང་ལས་ཚེ་འདིའི་རང་གི་ཁ་རྒྱབ་ཁེབས་ཐུབ་ཙམ་ལ་མགོ་འཁོར་བའི་ལས་དེར་དུད་འགྲོ་དང་གཅིག་པར་བརྩི་བ་ཡིན། ཉུང་མཐར། གཞན་ལ་ཕན་མ་ཐོགས་ཚེ། ལུས་ངག་ཡིད་གསུམ་གྱི་བྱ་བ་གང་གིས་ཀྱང། དངོས་ཤུགས་བརྒྱུད་གསུམ་ནས་གཞན་ལ་གནོད་མི་སྐྱེལ་བའི་དམ་བཅའ་བླངས་ཏེ་རྟག་ཏུ་དྲན་ཤེས་བསྟེན་པ་ཡིན།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། སེམས་ཅན་ཡོངས་ལ་རང་གི་བརྩེ་བའི་ཨ་མ་ལྟ་བུའི་ལྟ་སྟངས་གཅིག་གྱུར་དང། སྟོང་པ་ཉིད་ཀྱི་དོན་ལ་མི་ལོ་བདུན་ཅུ་ལྷག་རིང་དཔྱད་སྒོམ་དང་འཇོག་སྒོམ་ལ་ཞུགས་པའི་བློ་སྦྱོང་གི་གནས་ཚད། མི་གྲངས་དུར་ཕྱུར་བདུན་ཅུའི་རྩེ་མོར་སླེབས་པའི་ཞི་བདེའི་དེད་དཔོན་ཆེན་པོ་ཞིག་ཡིན། ཁོང་གི་མཛད་འཕྲིན་ལ་གཞི་མེད་ལོག་འགྲེལ་བྱེད་པ་དེས། བོད་མི་དང་ནང་པ་ཙམ་ལ་གནོད་འགྲོ་བ་ཙམ་མིན་པར། སྣོད་བཅུད་གཉིས་ཀ་རྒུད་པའི་ཕྱོགས་སུ་འདེད་པར་སེམས་ཁྲལ་གང་ཡང་མེད་པའི་རང་དོན་ཅན་ཁོ་ནའི་བྱེད་བབ་ཡིན། ལྷག་པར་མིའི་སྤྱི་ཚོགས་སུ་དམག་འཁྲུག་དང། མ་རབས། ལྐོག་ཟ་རུལ་སུངས། གཡོ་བཙོང་། བཀྲ་མི་ཤིས་པ་སྣ་ཚོགས་འདྲེན་པར་བྱེད་པའི་གཞིར་འགྱུར་ངེས་པ་བཤད་མ་དགོས་པས། རྒྱ་གར་གྱི་གསར་ཁང་ NDTV སོགས་ནང་རླབས་ཆེན་གྱི་མི་སྣ་ཁོང་ལྟ་བུའི་མཛད་རྗེས་ལ་གཞི་མེད་འཆལ་གཏམ་ཇེ་མང་དུ་མི་སྤེལ་བའི་རེ་བ་ཞུ་གི་ཡོད།

ལས་དོན་བཟང་ངན་ཆེ་ཆུང་ཅི་འདྲ་ཞིག་བྱས་ཀྱང། དེ་ལ་དཔག་པའི་འབྲས་བུ་ཞིག་སྨིན་རྒྱུ་ཡིན་པ་ཡིད་ཆེས་གཙང་མ་བྱས་ཆོག དཔེར་ན། འཇིག་རྟེན་འདིའི་བྱ་དངོས་ཡོད་ཚད་རྟེན་ཅིང་འབྲེལ་ནས་མ་གྲུབ་པ་ཞིག་ཚན་རིག་པ་ཚོས་ཀྱང་རྙེད་ཀྱི་མེད་པ་འདིས་གསལ་བཤད་བྱེད་ཐུབ་པས། སོ་སོའི་བྱེད་ལས་ལ་ཉིན་ཞིག་རྩིས་རྒྱག་མཁན་ཞིག་ཏན་ཏན་ཡོང་རྒྱུ་ཡིན་པ་གཡོལ་ཐབས་ག་ལ་ཡོད། དེས་ན། གཞན་གྱི་གོམས་གཤིས་དང་རིག་གཞུང། མི་ཚེའི་འགྲོ་སྟངས་ལ་ངེས་པར་དུ་བརྩི་བཀུར་གནང་རོགས། ཁྱོད་ཚོ་མིའི་སྤྱི་ཚོགས་ལ་དངོས་འབྲེལ་ཤ་ཚ་ཡོད་ན། བོད་སོགས་བཙན་འཛུལ་འོག་ཚུད་པའི་དཀའ་ངལ་ཅན་གྱི་གནས་སྟངས་སེལ་ཆེད་གསར་འགྱུར་བཟོ་རོགས། བགྲོ་གླེང་གནང་རོགས་ཞེས་འབོད་སྐུལ་ཞུ་འདོད་བྱུང་།། །།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

ཆུ་ཚོད་ ༦ སྔོན་ལ།
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

ཆུ་ཚོད་ ༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese