མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་རྒྱ་ནག་བསྐྱར་དུ་ཐེར་འདོན་གནང་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པ་འདས་ལོ་ལས་ཚབས་ཆེ་རུ་ཕྱིན་ཡོད་པས་ཨ་རིའི་གཞུང་ནས་དམིགས་བསལ་ལྟ་ཞིབ་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་དགོས་པའི་རེ་སྐུལ་ཞུས་འདུག

United States Commission On International Religious Freedom Report 2023

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་ནས་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་གནས་སྟངས་སྐོར་གྱི་སྙན་ཐོ་ཤོག་ངོས་ ༩༨ ཅན་ཞིག་ཕྱིར་བསྒྲགས་གནང་ཡོད་པ་དང་། སྙན་ཐོའི་ནང་འཛམ་གླིང་རྒྱལ་ཁབ་ཁག་གི་ཕྱི་ལོ་ ༢༠༢༢ ལོའི་སྙན་ཐོ་གཞིར་བཟུང་ཞིབ་འཇུག་བྱེད་སྐབས། རྒྱ་ནག་ནང་གི་ཆོས་དད་རང་དབང་གི་གནས་སྟངས་ད་ལོར་ཇེ་སྡུག་ཏུ་ཕྱིན་ཡོད་པར་བརྟེན། ལྷན་ཁང་གིས་ཨ་རིའི་རྒྱལ་སྲིད་ལྷན་ཁང་ནས་རྒྱ་ནག་གཞུང་གིས་ཆོས་དད་རང་དབང་རྡོག་རོལ་དུ་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཐད་དམིགས་བསལ་ལྟ་ཞིབ་དགོས་པའི་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཡང་ཞུས་འདུག་པ་མ་ཟད། ཨ་རིའི་གཞུང་དང་གྲོས་ཚོགས་ལ་གནད་དོན་དེའི་ཐད་ཁ་གཏད་རང་བཞིན་གྱི་བསམ་འཆར་གང་ཙམ་ཞིག་ཀྱང་བཏོན་གནང་ཡོད་འདུག

ལྷན་ཁང་གི་སྙན་ཐོའི་ནང་དུ།  རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་ཚབས་ཆེ་བའི་དྲག་གནོན་བྱེད་བཞིན་ཡོད་པ་དང་། དམིགས་བསལ་བོད་མི་རྣམས་དུས་ཆེན་སོགས་ཀྱི་སྐབས་སུ་དགོན་པ་དང་ལྷ་ཁང་སོགས་སུ་མཆོད་མཇལ་བྱེད་དུའང་གཏོང་གི་མེད་པ་མ་ཟད། དགོན་པ་དང་ལྷ་ཁང་། མཆོད་རྟེན་སོགས་གཏོར་བཤིག་བཏང་བ་དང་། གྲྭ་བཙུན་རྣམས་སློབ་གསོ་བསྒྱུར་བཀོད་ཁང་དུ་འཁྲིད་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་ཀྱི་ཡོད་སྐོར་དང་། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས་དང་སྒོ་ཤེས་རབ་རྒྱ་མཚོ་ལགས་གཉིས་ཀྱི་གཙོས་གྲྭ་བཙུན་དང་ཆབ་སྲིད་བཙོན་པ་མང་པོ་ཞིག་ལ་བཙོན་ཁང་དུ་རྡུང་རྡེག་ཚབས་ཆེན་བཏང་བ་ལ་བརྟེན་ནས་ནད་མནར་ཅན་དུ་གྱུར་དང་འགྱུར་བཞིན་ཡོད་སྐོར་དང་། རྒྱ་ནག་གིས་བོད་མི་མང་པོ་ཞིག་༧གོང་ས་མཆོག་གི་མཛད་འཕྲིན་བརྒྱུད་སྐུར་དང་༧མགོན་པོ་གང་ཉིད་ཀྱི་སྐུ་པར་ཉར་བ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་ཀྱི་ཡོད་པའི་ཁར། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་ཇུས་གཏོགས་བྱེད་བཞིན་ཡོད་པ་དང་། དེ་བཞིན། ཕྱི་ལོ་ ༢༠༢༢ གཅིག་པུར་བོད་མི་གསུམ་ཙམ་གྱིས་རྒྱ་གཞུང་གི་ཇུས་སྲིད་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་ཡོད་པ་དང་། རྒྱ་གཞུང་གིས་བོད་མིའི་རིགས་རྫས་བསྡུ་རུབ་ཀྱི་མཚོན་པའི་གསང་བའི་པར་ཆས་མང་པོ་ཆེད་འཛུགས་ཀྱིས་བོད་མིའི་འགྲོ་འདུག་ལ་ཕྱོགས་ཡོངས་ནས་སྟངས་འཛིན་དང་རྟོག་ཞིབ་ནན་པོ་བྱེད་མུས་ཡིན་སྐོར་བརྗོད་འདུག

ཡང་སྙན་ཐོའི་ནང་ཨ་རིའི་གཞུང་ངོས་ནས་རྒྱ་ནག་ལ་ནག་ཉེས་ཀྱི་འགན་འཁུར་ཏུ་འཇུག་དགོས་པའི་དོན་ཚན་ཁག་ཅིག་བཀོད་འདུག་པའི་ནང་། གཅིག་རྒྱ་ནག་ནི་འཛམ་གླིང་ནང་ཆོས་ལུགས་རང་དབང་ཐོག་སྒྲིག་འཛུགས་རང་བཞིན་གྱིས་དྲག་གནོན་བྱེད་མཁན་ཡིན་པར་བསྐྱར་དུ་ངོས་འཛིན་དང་། གཉིས་ཨ་རིས་གཞུང་འབྲེལ་གྱི་ཐོག་ནས་ཆོས་དད་རང་དབང་དེ་ཕྱི་སྲིད་ཀྱི་སྲིད་ཇུས་ལྟེ་བ་ཞིག་ལ་ངོས་བཟུང་ནས་རྒྱ་ནག་དང་ལྷན་དུ་འབྲེལ་ལམ་ཡོངས་ཀྱི་ཐོག་ནས་གླེང་སློང་དགོས་པ། མུ་མཐུད་ཆོས་དད་རང་དབང་ལ་དྲག་གནོན་གཏོང་མཁན་གྱི་རྒྱའི་དཔོན་རིགས་ཚོར་ཉེས་ཆད་གཏོང་དགོས་པ་སོགས་བརྗོད་འདུག

འདས་ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ཕྱིར་བསྒྲགས་གནང་སྐབས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པེ་ལོ་སི་མཆོག་གིས། འདི་ལོར་ང་ཚོས་ཆོས་དད་རང་དབང་ཐོག་བཀག་སྡོམ་དང་ཉེས་འཛུགས། བཙན་གནོན་བྱས་པའི་གནས་སྟངས་སྔར་ལས་རྒྱ་ཁྱབ་ཏུ་ཕྱིན་ཡོད་པ་དང་། མི་ལ་རྨས་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་པ་མཐོང་ཡོད་ལ། རྒྱ་ནག་གཞུང་གིས་ཡུ་གུར་བ་ཁྲི་ཕྲག་ལ་མི་རིགས་རྩ་མེད་བཟོ་ཐབས་དང་། ཨུ་རུ་སུའི་དཔུང་དམག་གིས་ཡུ་ཁེ་རིན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཏོང་སྐྱོན་བཏང་བ། ཊ་ལི་བྷན་གྱིས་བུད་མེད་དང་ན་ཚོད་མ་ལོན་པའི་བུ་མོ་རྣམས་ལ་བཙན་གནོན་ཐུབ་ཚོད་བཏང་བ་བཅས་མངོན་གསལ་དུ་ཕྱིན་ཡོད་སྐོར་དང་། ཆོས་དད་རང་དབང་ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཡིན་པར་བརྟེན། ཨ་རིར་འོས་འགན་ཡོད་པ་བཞིན་གནད་དོན་འདིའི་ཆེད་དུ་སྐད་ཤུགས་ཆེན་པོ་འདོན་དགོས་སྐོར་གསུངས་ཡོད་པ་རེད།

ད་ལོའི་སྙན་ཐོའི་ནང་སེམས་འཚབ་དགོས་པའི་རྒྱལ་ཁབ་ ༡༧ ནང་དུ་རྒྱ་ནག་དང་ཨུ་རུ་སུ། བྱང་ཀོ་རི་ཡ། འབར་མ། སི་རི་ཡ། རྒྱ་གར་སོགས་ཚུད་འདུག་ལ། དམིགས་བསལ་ལྟ་ཞིབ་དགོས་པའི་རྒྱལ་ཁབ་ ༡༡ ནང་མ་ལི་ཞེ་ཡ་དང་སིངྒ་ལ། ཨིན་རྡུ་ཉི་ཞེ་ཡ། ཨེ་རག་སོགས་འདུག ཕྱི་ལོ་ ༡༩༩༩ ལོ་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་སྙན་ཐོ་བཏོན་པ་ནས་བཟུང་སྟེ་འདས་པའི་མི་ལོ་ ༢༤ རིང་རྒྱ་ནག་དེ་ཆོས་དད་རང་དབང་གི་གནས་སྟངས་སྡུག་ཤོས་ཨང་དང་པོའི་ནང་དུ་འཇོག་དགོས་པའི་རེ་འདུན་བཏོན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༡༢ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིག་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese