མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དེ་རིང་ཁ་སང་གི་དུས་ཚོད་ནང་བསླབ་གསུམ་སྒོམ་པ་ཡ་མ་བྲལ་བར་བསམ་བློ་གཏོང་རྒྱུ་དེ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་ཕོ་བྲང་དུ་༧གོང་ས་མཆོག་ནས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དགེ་རྩ་ཚོགས་པའི་ལས་བྱེད་རྣམས་ལ་མཇལ་ཁ་དང་བཀའ་སློབ་གནང་སྐབས་སློབ་གཉེར་བྱེད་པའི་དགོས་དོན་དེ་ལག་ལེན་ཏུ་འཁེལ་དགོས་པ་རེད་ཅེས་གསུངས་འདུག

༧གོང་ས་མཆོག་གིས་ཆོ་འཕྲུལ་ཆེན་མོའི་དགེ་རྩའི་ལས་བྱེད་རྣམས་ལ་མཇལ་ཁ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༩།༡༢

མཇལ་ཁ་གནང་སྐབས་༧མགོན་པོ་གང་ཉིད་ཀྱིས། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ༌། །ཞེས་ལབ་པ་བཞིན་དུ། ང་ཚོས་དཔེ་ཆ་ལྟ་བ་དང་། ཐོས་དོན་སྒྲུབ་པར་གཞོལ་ནས་སེམས་རྒྱུད་འདུལ་བོ་བྱེད་དགོས། གང་ལྟར་འཇམ་མགོན་བླ་མ་ཙོང་ཁ་པས་ལམ་སྟོན་ཡག་པོ་ཞེ་བོ་གནང་ཡོད་པ་རེད། རྣམ་པར་དག་པའི་སྟེང་ནས་གཞུང་ཆེན་དེ་དག་སློབ་སྦྱོང་བྱས། སློབ་སྦྱོང་བྱས་པའི་གྲུབ་འབྲས་ལམ་གཙོ་གསུམ་གྱི་ཉམས་ལེན་བྱས་པ་དེར། ང་ཚོས་མིག་དཔེ་རྗེ་རིན་པོ་ཆེའི་རྣམ་ཐར་ལ་ལྟ་དགོས་པ་རེད། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། མང་དུ་ཐོས་པ་ཡོད་ན་ཉམས་ལེན་བྱེད་པ་དེ་ཟབ་རྒྱས་ཀྱི་ལམ་གང་དུ་ཡིན་ཡང་གོམས་ས་ལ་མ་འགྲོ་བ་དང་། མ་རྟོགས་པ། ལོག་པར་རྟོག་པ། ཕྱིན་ཅི་ལོག་པར་རྟོག་པ། དེ་འདྲ་མ་ཡོང་བའི་སློབ་གཉེར་བྱ་རྒྱུ་གལ་ཆེན་པོ་རེད། སློབ་གཉེར་བྱེད་པའི་དགོས་དོན་དེ་ལག་ལེན་ཏུ་འཁེལ་དགོས་པ་རེད། ངོས་རང་ལ་ཆ་བཞག་ན། སློབ་གཉེར་ཆུང་ཆུང་སྐབས་ནས་བྱས་པ་རེད། ཞོགས་པར་ཡར་ལངས་པ་དང་མཉམ་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གཏོང་བཞིན་ཡོད། མང་ཐོས་སྒྲུབ་ལ་བརྩོན་ཟེར་བ་ཤེས་སོང་ངམ། ཆོས་བརྒྱད་སྤངས་པ་ཞེས་པ་འཇིག་རྟེན་ཆོས་བརྒྱད་ཀྱི་བློ་དང་མ་འདྲེས་པ་དང་། བསམ་པ་རྣམ་དག་གིས་རྗེ་ཡབ་སྲས་ཀྱི་དགོངས་པ་ཚུལ་བཞིན་དུ་སྒྲུབ་ཐུབ་པ་ཞིག་བྱེད་དགོས། རྗེ་ཡབ་སྲས་ཟེར་དུས་མགོན་པོ་ཀླུ་སྒྲུབ་ཀྱི་ལྟ་གྲུབ་དེ་ང་ཚོས་འཁྱེར་དགོས་ཀྱི་རེད། ཅེས་གསུངས་འདུག

ཡང་མགོན་པོ་གང་ཉིད་ཀྱིས། ངོས་རང་ལ་ནམ་རྒྱུན་དེ་འདྲའི་ཚོར་བ་ཞིག་ཡོང་བསྡད་ཀྱི་འདུག མགོན་པོ་ཀླུ་སྒྲུབ་ཀྱིས་གསུང་ཆོས་གནང་བཞིན་པའི་གྲལ་མཇུག་དེར་ངོས་རང་ཡོད་བསྡད་པའི་སྣང་བ་ཤར་ཡོང་གི་འདུག བྱས་ཙང་ཀླུ་སྒྲུབ་ཀྱི་དགོངས་པ་ཇི་བཞིན་དུ་དབུ་མའི་ལྟ་བ་དང་འབྲེལ་བའི་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱེད་རྒྱུ་དེ། ཆོས་བརྒྱད་སྤངས་པས་དལ་འབྱོར་དོན་ཡོད་བྱས་ཟེར་བ་དེ་རེད། དེ་ནས་ཚང་མས་མཉམ་ལས་ཧུར་ཐག་གནང་ཤོག དེ་རིང་ཁ་སང་གི་དུས་ཚོད་ནང་དུ་བསླབ་གསུམ་སྒོམ་པ་ཡ་མ་བྲལ་བར་བསམ་བློ་བཏང་བ་དེར། འཛམ་གླིང་གི་མི་རྣམས་ཀྱིས་དོ་སྣང་ཞེ་དྲགས་བྱས་བསྡད་ཡོད་པ་རེད། དེ་དཔེ་གལ་ཆེན་པོ་འདུག  ཅེས་བཀའ་སློབ་བསྩལ་སོང་།

མཛད་འཆར་ལྟར་ན། ཕྱི་ཟླ་ ༡༠ ཚེས་ ༢ ནས་ཉིན་གསུམ་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལམ་རིམ་བསྡུས་དོན་དང་། བློ་སྦྱོང་དོན་བདུན་མ། སྤྱན་རས་གཟིགས་ཀྱི་བཀའ་དབང་བཅས་ཀྱི་བཀའ་ཆོས་སྩལ་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese