མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་དམག་དོན་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་། 

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་དམག་དོན་གནམ་གྲུ་ཞིག་ཉི་ཧོང་གི་ཡ་ཀུ་ཤི་མའི་མཚོ་གླིང་ཁུལ་དུ་བརྡབ་སྐྱོན་བྱུང་ནས་ད་ལྟ་ཉི་ཧོང་གི་མྱུར་སྐྱོབ་ཚན་པས་འཚོལ་ཞིབ་བྱེད་མུས་ཡིན་འདུག

Japanese media said the CV-22 Osprey was trying to land at Yakushima Airport when it crashed. photo: GETTY IMAGES

དེ་རིང་ཕྱི་ཚེས་ ༢༩ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཉི་ཧོང་གི་གྲོང་ཁྱེར་ཨི་ཝ་ཀུ་ནི་( Iwakuni) ནས་ཨ་རིའི་མཁའ་དམག་གི་ས་ཚིགས་ཆེ་ཤོས་ཡོད་སའི་ཉི་ཧོང་གི་ཀ་དྷི་ན་ (Kadena) རུ་འཕུར་སྐྱོད་བྱས་པའི་ཨ་རིའི་སི་ཝི་ ༢༢ (CV-22) རྟགས་ཅན་གྱི་དམག་དོན་གནམ་གྲུ་ཞིག་ཡ་ཀུ་ཤི་མ་ (Yakushima) མཚོ་གླིང་ཁུལ་དུ་བརྡབ་སྐྱོན་བྱུང་ཡོད་ཅིང་། དེའི་ཁྲོད་ཨ་རིའི་དམག་དོན་མི་སྣ་གྲངས་ ༨ ལྷག་ཡོད་འདུག་ཀྱང་། ད་ལྟ་ཁོང་ཅག་གི་འཆི་གསོན་གྱི་གནས་སྟངས་དང་བརྡབ་སྐྱོན་བྱུང་བའི་ཐད་གསལ་ཁ་གང་ཡང་མེད་པ་རེད།

དེའི་ཐད་ཉི་ཧོང་གི་མཚོ་ཁུལ་དོ་དམ་གྱི་མགྲིན་ཚབ་པ་ཀ་ཛུ་ཨོ་གྷ་ཝ་(Kazuo Ogawa) ལགས་ཀྱིས། དེ་རིང་རེས་གཟའ་ལྷག་པའི་ཉིན་ཨ་རིའི་དམག་མི་བརྒྱད་ཡོད་པའི་དམག་དོན་གནམ་གྲུ་དེ་ཉི་ཧོང་གི་ཡ་ཀུ་ཤི་མའི་མཚོ་གླིང་གི་ཉེ་འགྲམ་དུ་ཆགས་པའི་མཚོ་ཁུལ་དུ་བརྡབ་སྐྱོན་བྱུང་ཡོད་པས། ཉི་ཧོང་གི་མཚོ་ཁུལ་ལྟ་སྐྱོང་དོ་དམ་ཚན་པས་མཚོ་ཁུལ་དེར་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་མགོ་བཙུགས་ཡོད། ཅེས་དང་། ང་ཚོས་དོན་དངོས་ཐོག་དམག་དོན་གནམ་གྲུ་དེ་ས་གནས་གང་ནས་གང་དུ་འཕུར་སྐྱོད་བྱེད་ཀྱིན་ཡོད་མེད་ཤེས་རྟོགས་གསལ་པོ་མ་བྱུང་ཡང་། དེ་ནི་ཉི་ཧོང་གི་གྲོང་ཁྱེར་ཨི་ཝ་ཀུ་ནི་( Iwakuni) ནས་ཀ་དྷི་ན་(Kadena) བར་འཕུར་སྐྱོད་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱས་ཡོད། ཅེས་བརྗོད་འདུག

སྤྱིར་ཨ་རིའི་དམག་དོན་གནམ་གྲུ་དེ་ཉི་ཧོང་གི་ཆུ་ཚོད་ ༡༤། ༤༠ ཙམ་ལ་རེ་ཌཱར་(radar ) ནས་བོར་བརླག་ཏུ་གྱུར་ཡོད་ཅིང་། སྐར་མ་ལྔ་ཙམ་གྱི་རྗེས་སུ་ཉི་ཧོང་གི་མཚོ་ཁུལ་དོ་དམ་ཚན་པར་གནམ་གྲུ་བརྡབ་སྐྱོན་བྱུང་བའི་གནས་ཚུལ་འབྱོར་ཏེ།  ད་ལྟ་ཉི་ཧོང་གཞུང་གིས་དོན་རྐྱེན་བྱུང་བའི་མཚོ་ཁུལ་དུ་མཚོ་གྲུ་དྲུག་དང་། གནམ་གྲུ་གཉིས་བཅས་མངག་གཏོང་བྱས་ནས། མཚོ་ཁུལ་དེར་རྟོག་ཞིབ་དང་མྱུར་སྐྱོབ་ཀྱི་ལས་དོན་བྱེད་མུས་ཡིན་ཡང་། ད་ལྟ་དམག་དོན་མི་སྣ་དེ་དག་གི་འཆི་གསོན་གྱི་གནས་སྟངས་སོགས་ཀྱི་ཐད་ལ་གསལ་ཁ་གང་ཡང་མེད་པར། ཉི་ཧོང་གི་མྱུར་སྐྱོབ་ཚན་པས་མུ་མཐུད་མཚོ་ཁུལ་དེར་འཚོལ་ཞིབ་བྱེད་མུས་ཡིན་འདུག

ཨ་རིའི་སི་ཝི་ ༢༢ (CV-22 Osprey) རྟགས་ཅན་གྱི་དམག་དོན་གནམ་གྲུ་ནི་ཉི་ཧོང་དུ་གནས་སྡོད་བྱེད་མུས་ཡིན་པའི་ཨ་རིའི་དམག་དོན་གྱི་གནམ་གྲུ་ཡིན་ཞིང་། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༡༤ ཉིན་སི་ཝི་ ༢༢ རྟགས་ཅན་གྱི་ཨ་རིའི་དམག་དོན་གནམ་གྲུ་ཞིག་ཨོ་ཀི་ན་ཝ་(Okinawa) མཚོ་གླིང་ཁུལ་དུ་བརྡབ་སྐྱོན་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༥ ཉིན་ཉི་ཧོང་དུ་གནས་སྡོད་ཨ་རིའི་(MV-22) རྟགས་ཅན་གྱི་དམག་དོན་གནམ་གྲུ་དེ་ཨོ་གླིང་གི་ཁུན་སི་ལེན་ཌི་(Queensland) མཚོ་ཁུལ་ནས་ཆག་སྐྱོན་བྱུང་སྟེ། དོན་རྐྱེན་དེའི་ཁྲོད་ནས་མི་གྲངས་ ༢༣ ལྷག་མྱུར་སྐྱོབ་བྱས་ཡོད་ཀྱང་། མི་གྲངས་གསུམ་བོར་བརླག་ཏུ་གྱུར་བའི་གནས་ཚུལ་ཐོན་ཡོད་འདུག

སྤྱིར་དམག་དོན་གྱི་ཆ་ནས་ཕྱོགས་ཁག་རྒྱལ་ཁབ་བཞི་སྟེ། ཨ་རི་དང་། རྒྱ་གར། ཉི་ཧོང་། ཨོ་གླིང་བཅས་ཀྱིས་སྔར་ལས་ལྷག་པའི་མཉམ་འབྲེལ་ནུས་པ་སྤུངས་ཏེ་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་བརྟན་སྲུང་གིས་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་པར་རྒོལ་ལན་སློག་གིན་ཡོད་ལ། ཨེ་ཤ་ཡའི་མཚོ་གླིང་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་བརྟན་སྲུང་ཆེད། རྒྱལ་ཁབ་དེ་དག་གི་མཚོ་ཁུལ་དུ་ཕན་ཚུན་དམག་སྦྱོང་སྤེལ་རེས་དང་། ལྷག་པར་ཉི་ཧོང་གི་ཀ་དྷི་ན་(Kadena) ཁུལ་དུ་ཨ་རིའི་མཁའ་དམག་གི་ས་ཚིགས་ཤིག་ཀྱང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese