མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་ལེ་ཆིན་ཏི་མཆོག་ཐའེ་ཝན་སྲིད་འཛིན་དུ་བདམས་ཐོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ལེ་ཆིན་ཏི་མཆོག་ལ་ཐའེ་ཝན་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་འདུག

ལེ་ཆིན་ཏི་མཆོག་ཐའེ་ཝན་སྲིད་འཛིན་དུ་བདམས་ཐོན་བྱུང་སྐབས།

མདང་དགོང་ཐའེ་ཝན་འོས་བསྡུ་ལྷན་ཁང་ནས་སྲིད་འཛིན་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར་ན། འདི་ལོའི་སྲིད་འཛིན་འོས་བསྡུར་འོས་འཕེན་ཐོ་འགོད་བྱེད་མཁན་ ༡༩,༥༤༨,༥༣༡ བྱུང་སྟེ་བརྒྱ་ཆ་ ༧༢ ཟིན་ཡོད་པའི་ཁྲོད་ནས། གོ་མན་ཏང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཧུག་ཡུག་ཡིས་(侯友宜)ལགས་ལ་འོས་གྲངས་ ༤,༦༧༡,༠༢༡  སྟེ་འོས་ཀྱི་བརྒྱ་ཆ་ ༣༣.༤༩། ཐའེ་ཝན་མི་མང་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ཁི་ཝན་ཌི (柯文哲) ལགས་ལ་འོས་གྲངས་ ༣,༦༩༠,༤༦༦སྟེ་འོས་ཀྱི་བརྒྱ་ཆ་ ༢༦.༤༦ དང་། དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིན་ཏི་(賴清德) ་ལགས་ལ་འོས་གྲངས་ ༥,༥༨༦,༠༡༩ དང་འོས་ཀྱི་བརྒྱ་ཆ་ ༤༠.༠༥ ཐོབ་སྟེ་སྲིད་འཛིན་དུ་བདམས་ཐོན་བྱུང་འདུག

འོས་བསྡུ་ཁྱབ་བསྒྲགས་བྱས་རྗེས་སྐུ་ཞབས་ལེ་ཆིན་ཏི་མཆོག་གིས། ཐའེ་ཝན་གྱིས་དམངས་གཙོའི་ལེའུ་གསར་པ་ཞིག་བྲིས་པར་ཐུགས་རྗེ་ཆེ་ཞུ། ཐེངས་འདིའི་འོས་བསྡུའི་ཁྲོད་ནས་ང་ཚོའི་བླང་བྱ་ཆེན་པོ་གསུམ་བཏོན་ཡོད། དང་པོ། ཐའེ་ཝན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་དམངས་གཙོ་དང་དབང་ཤེད་རིང་ལུགས་བར་གྱི་ཁྱད་པར་བཤད་ཡོད། ཐའེ་ཝན་མི་མང་སྤྱི་མཐུན་རྒྱལ་ཁབ་དམངས་གཙོའི་ཕྱོགས་སུ་ལངས་ཏེ་བློ་སེམས་བརྟན་པོའི་ཐོག་ནས་མུ་མཐུད་དུ་ཤར་བསྐྱོད་བྱ་རྒྱུ་ཡིན། གཉིས་པ། ཐའེ་ཝན་གྱི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་སྐབས་སུ་ཕྱི་ནང་གཉིས་ཀྱི་གནོན་ཤུགས་མང་པོ་སྤྲད་ཡོད་ཀྱང་། ཐའེ་ཝན་མི་མང་ཁོ་ནར་ཐའེ་ཝན་གྱི་སྲིད་འཛིན་འོས་འདེམས་བྱེད་པའི་ཐོབ་ཐང་ཡོད་པའི་ར་སྤྲོད་བྱས་ཡོད། གསུམ་པ། ང་ཚོས་རང་ཉིད་ཀྱི་བདམས་པའི་ཡང་དག་པའི་ལམ་ཁ་ལས་ཕྱིར་འཐེན་བྱེད་མི་སྲིད་ལ། ཐའེ་ཝན་གྱི་ཞི་བདེ་སྲ་བརྟན་གཏོང་བར་ཤུགས་སྣོན་རྒྱག་རྒྱུ་ཡིན། ཞེས་གསུངས་འདུག

དེ་བཞིན་ཕྱོགས་འགལ་ཚོགས་པའི་སྲིད་འཛིན་འོས་མི་ཧུག་ཡུག་ཡེ་ལགས་ཀྱིས། ཐེངས་འདིའི་འོས་བསྡུའི་འགྲན་རྩོད་ཁྲོད་རང་ཉིད་ཀྱི་ཧུར་བརྩོན་གྱིས་མ་འདང་བར་བློ་འགྱོད་བྱུང་ཡོད་ཅིང་། ངས་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་བྱེད་མཁན་ཚང་མར་དགོངས་དག་ཞུ་རྒྱུ་ཡིན། ཞེས་དང་། ཐའེ་ཝན་མི་མང་གི་མཐར་ཐུག་གི་གདམ་ཀར་བརྩི་བཀུར་ཞུ་རྒྱུ་ཡིན། ཞེས་སྲིད་འཛིན་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས་འདུག

ཐའེ་ཝན་གྱི་སྲིད་དོན་ཚོགས་པ་ཁག་གི་གྲོས་ཚོགས་འཐུས་མིའི་གྲངས་འབོར་རེའུ་མིག

ཐའེ་ཝན་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་ཁྱོན་གྲངས་ ༡༡༣ ས་མིག་ཡོད་པ་ལས། དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་གྲངས་ ༥༡ དང་། གོ་མིན་ཏང་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་གྲངས་ ༥༢ ། ཐའེ་ཝན་མི་མང་སྲིད་དོན་ཚོགས་པར་གྲོས་ཚོགས་འཐུས་མི་གྲངས་ ༨ ། སྲིད་དོན་ཚོགས་པ་མེད་པའི་གྲོས་ཚོགས་འཐུས་མི་ ༢ བཅས་ཐོབ་འདུག གྲོས་ཚོགས་འཐུས་མི་སྐབས་སྔོན་མ་དག་དང་བསྡུར་ན་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འོས་མི་གྲངས་ ༡༠ ཉུང་དུ་སོང་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོར་དམངས་གཙོ་ཡར་ཐོན་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིན་ཏི་ལགས་དང་། ཞའོ་མེ་ཆིན་ལགས་སྲིད་འཛིན་གཞོན་པའི་འོས་མིར་ལངས་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་རྗེས། རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིན་ཏི་དང་མི་ཞའོ་མེ་ཆིན་གཉིས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་མ་ཟད། ཐའེ་ཝན་རང་བཙན་ནི་དམག་འཁྲུག་ཅིག་ཡིན་པ་དང་། ཁོང་གཉིས་ཀྱིས་ཐའེ་ཝན་རང་བཙན་ཁྱབ་བསྒྲགས་ཤུགས་ཆེན་བྱས་ནས་དཀའ་རྙོག་བཟོ་བཞིན་ཡོད་ཚུལ་བསྒྲགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༧ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༧ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese