མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ཁག་ཅིག་བསྐྱར་བཅོས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཀྱི་ལས་ཉིན་མཐའ་མ་དང་བརྗོད་པ་གསུམ་པའི་ཐོག་ནས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་འགན་འཛིན་རྣམས་ནས་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་བརྒྱད་གཏན་འབེབ་གནང་སོང་།

དེ་རིང་ཕྱི་ཚེས་ ༢༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་ ༡༡ སྟེང་། ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་ཁག་བདུན་ལ་བརྗོད་པའི་གསུམ་པ་ཐོག་ནས་གཏན་འབེབ་གནང་བའི་ཁྲོད། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམས་ནས་དམ་འབུལ་ཞུ་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ ༨ གཏན་འབེབ་གནང་སོང་།

དམ་འབུལ་དང་འབྲེལ་གཏན་འབེབ་བྱུང་བའི་བཅའ་ཁྲིམས་ཀྱི་དོན་ཚན་དང་ནང་དོན་ཁག་ནི།  བཅའ་ཁྲིམས་དོན་ཚན་ཉེར་ལྔ་པའི་ནང་གསེས་དང་པོར།  འདེམས་ཐོན་སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ། སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་བཀའ་ཤག་གི་བཟོ་བཅོས་ཁྲིམས་འཆར་ལ་སྤྱི་འཐུས་ ༤༢ ཀྱིས་རྒྱབ་སྐྱོར་འོག་གཏན་འབེབས་གནང་སོང་།

དོན་ཚན་ཞེ་ལྔ་པའི་ནང་གསེས་དང་པོར།  ཚོགས་གཙོ་དང༌། ཚོགས་གཙོ་གཞོན་པ་འོས་བསྡུ་ཟིན་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྲིད་སྐྱོང་གི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་བཟོ་བཅོས་ཁྲིམས་འཆར་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་འབེབས་གནང་སོང་།

དོན་ཚན་ཞེ་བདུན་པའི་ནང་གསེས་ ༡ ་པོར། འདེམས་ཐོན་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་ལས་རྒྱུན་རིང་ཤོས་དེར་སྤྱི་འཐུས་རྒྱུན་ལས་ཀྱིས་བར་བརྒལ་ཚོགས་གཙོར་བསྐོ་གཞག་བྱེད་དགོས། གལ་ཏེ་ལས་རྒྱུན་འདྲ་མཉམ་བྱུང་ཚེ་དེའི་ཁོངས་ནས་རང་ལོ་བགྲེས་ཤོས་དེར་བསྐོ་གཞག་བྱེད་དགོས། བར་བརྒལ་ཚོགས་གཙོས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྲིད་སྐྱོང་གི་མདུན་སྤྱི་འཐུས་ཀྱི་དམ་འབུལ་བྱེད་དགོས་ཞེས་པའི་བཟོ་བཅོས་ཁྲིམས་འཆར་ལ་སྤྱི་འཐུས་ ༤༢ ཀྱིས་རྒྱབ་སྐྱོར་འོག་གཏན་འབེབས་གནང་སོང་།

དེ་བཞིན། ནང་གསེས་ ༢ པར། འདེམས་ཐོན་སྤྱི་འཐུས་རེ་རེས་རང་ཉིད་སྤྱི་འཐུས་ཀྱི་ལས་འཁུར་དུ་མ་ཞུགས་གོང་བར་བརྒལ་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་གསར་འཇུག་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་སོང་།  ནང་གསེས་ ༣ པར། ཚོགས་གཙོ་དང་ཚོགས་གཞོན་དམ་འབུལ་ཟིན་རྗེས་འདེམས་ཐོན་སྤྱི་འཐུས་དམ་བཅའ་འབུལ་དགོས་རྣམས་ཀྱིས་ཚོགས་གཙོའི་མདུན་དམ་འབུལ་བྱེད་དགོས་པ་དང་། ཚོགས་གཙོ་མེད་སྐབས་ཚོགས་གཞོན་མདུན་དམ་འབུལ་བྱེད་དགོས་ཞེས་པའི་བཟོ་བཅོས་ཁྲིམས་འཆར་ལ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་འབེབས་གནང་སོང་།

དོན་ཚན་རེ་གསུམ་པའི་ནང་གསེས་ ༣ པར། ཁྲིམས་ཞིབ་པ་ཆེ་བར་འོས་ཐོན་བྱུང་འཕྲལ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ་ཁས་ལེན་བྱེད་དགོས། ཁྲིམས་ཞིབ་པ་གཞན་གཉིས་འོས་ཐོན་བྱུང་འཕྲལ་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་བཟོ་བཅོས་ཁྲིམས་འཆར་ལ་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་འབེབས་གནང་སོང་།

དོན་ཚན་གོ་བདུན་པའི་ནང་གསེས་ ༡ པོའི་ཀ་བར། དབུས་འོས་བསྡུ་ལས་ཁང་ལ་སྤྱི་ཁྱབ་འགན་འཛིན་གཅིག་དགོས་པར། གོ་ཡུལ་སྟོང་པ་ནམ་ཐོན་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། དེ་མིན་ལས་བྱེད་ཇི་དགོས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྱིས་བཀའ་ཤག་ལ་གོ་བསྡུར་དང་འབྲེལ་བཀའ་ཤག་ནས་སྐབས་སོ་སོར་བསྐོ་གཞག་བཀོད་སྒྲིག་བྱེད་ཆོག་པ་ཡིན་ཞེས་པའི་བཟོ་བཅོས་སྤྱི་མོས་ཀྱིས་གཏན་ལ་ཕབ་སོང་།

ནང་གསེས་ ༡ པོའི་ཁ་བར། གལ་ཏེ་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་གྲོས་ཚོགས་མ་འཚོགས་པའི་སྐབས་འོས་འདེམས་བྱེད་དགོས་བྱུང་ཚེ། གོང་གསལ་འདེམས་སྒྲུག་ཚོགས་ཆུང་གིས་འཆར་འབུལ་ཞུས་པའི་ནང་ནས་སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོབ་དགོས་ཞེས་པའི་བསྐྱར་བཅོས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

དེ་བཞིན། ནང་གསེས་ ༢ པའི་ཀ་བར། སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་གསལ་བསྒྲགས་བྱས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་དབུས་འོས་བསྡུ་ལས་ཁང་ལ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཚང་འཛོམས་བྱུང་ན་སྨོས་མེད་དང་། གལ་ཏེ་ཚང་འཛོམས་མ་ཐུབ་ཚེ་ངོ་ཡོད་ལྷན་ཚོགས་ཀྱིས་སྐབས་དེའི་འོས་མི་འདེམས་སྒྲུག་ཁོ་ནའི་ཆེད་མི་འགྲོ་གསུམ་དམིགས་འཛུགས་བྱས་པའི་ཚོགས་ཆུང་དེས་ཉིས་ལྡབ་ལས་མ་ཉུང་བའི་འོས་འཆར་ཕུལ་བར་སྤྱི་འཐུས་ལྷན་ཚོགས་སུ་འོས་བསྡུ་བྱས་ཏེ་མང་མོས་སུ་ཐོབ་ལ་དབུས་འོས་བསྡུ་ལས་ཁང་གི་འོས་བསྡུའི་འགན་འཛིན་ལས་འཕར་དུ་འོས་ཐོན་བྱུང་བར་ངོས་འཛིན་བྱ་རྒྱུ། ཡང་ན་ཚོགས་ཆུང་དེས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་། རྩིས་ཞིབ་སྤྱི་ཁྱབ་གཉིས་ལ་ཞོར་ལྕོགས་སུ་རྒྱབ་གཉེར་གནང་ན་སྤྱི་འཐུས་ལྷན་ཚོགས་སུ་མང་མོས་ཐག་གཅོད་བྱུང་ཚེ་དེ་དོན་བྱེད་འཐུས་ཞེས་པའི་བསྐྱར་བཅོས་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་། ནང་གསེས་ ༢ པའི་ག་བར། དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་འགན་འཛིན་ལས་འཕར་གཉིས་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་བཟོ་བཅོས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་འབེབས་གནང་སོང་།

བཅའ་ཁྲིམས་དོན་ཚན་བརྒྱ་དང་གཅིག འདེམས་བསྐོ་ལྷན་ཁང་གི་སྒྲིག་འཛུགས་དང་འབྲེལ་བའི་ནང་གསེས་ ༣ པར། ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དང་ཚོགས་མི་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་བཟོ་བཅོས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་འབེབས་གནང་སོང་།

དོན་ཚན་བརྒྱ་དང་བདུན། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྒྲིག་འཛུགས་ཀྱི་ནང་གསེས་ ༢ པར། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལས་འཁུར་དུ་མ་ཞུགས་གོང་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་ནམ། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་འཐུས་ཚོགས་གཙོའི་མདུན་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་བྱེད་དགོས་ཞེས་པའི་བཟོ་བཅོས་རྩ་འབོར་གསུམ་ཆ་གཉིས་ཡན་གྱིས་གཏན་འབེབས་གནང་སོང་།

དོན་ཚན་སོ་དགུ་པ། སྤྱི་འཐུས་ལྷན་ཚོགས་ཀྱི་ཡུན་ཚད་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་སྐབས་རེའི་ཡུན་ཚད་ལོ་ལྔ་རེ་ཡིན། འོན་ཀྱང་དུས་ཐོག་དམ་འབུལ་མ་ཐུབ་ཚེ་རྙིང་བས་ལས་འཁུར་རྒྱུན་འཁྱོང་བྱེད་དགོས་ཞེས་པའི་བསྐྱར་བཅོས་ཁྲིམས་འཆར་ལ་སྤྱི་འཐུས་ ༣༣ གྱིས་རྒྱབ་སྐྱོར་གྱིས་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་གཏན་འབེབས་གནང་སོང་།

གཏན་འབེབ་མ་ཐུབ་པའི་བཅའ་ཁྲིམས་བསྐྱར་བཅོས་སམ་ཁྲིམས་བཟོ་ལས་དོན་ཁག་ཅིག་ནི།  བཅའ་ཁྲིམས་དོན་ཚན་རེ་གསུམ་པ།  ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་དང་འབྲེལ་བའི་བསྐྱར་བཅོས་ཚིག་བརྗོད་ཁོངས་སུ་དེ་སྔ་ཡོད་བཞིན་པའི་ཁྲིམས་ཞིབ་པའི་འོས་ཆོས་དེ་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ནས་ལོ་བཞི་བཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་མི་དགོས་པའི་ཐོག་ལ་བཀའ་ཤག་གི་བཟོ་བཅོས་ཚིག་བརྗོད་དུ་ལོ་བཞི་བཅུ་ཞེ་གཉིས་བསྣམས་པའི་ཐད་སྤྱི་འཐུས་རྣམས་ཀྱིས་གླེང་སློང་གནང་སྟེ། དགོས་ངེས་ཀྱི་རྒྱབ་སྐྱོར་མ་ཐོབ་པར་བརྟེན། ད་ལན་གྱི་གྲོས་ཚོགས་ཐོག་སླར་ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་ཁྲིམས་འཆར་གཏན་འེབས་གནང་ཐུབ་མ་སོང་།

དོན་ཚན་ཞེ་གཉིས་པ། སྤྱི་འཐུས་ཀྱི་རྒྱུན་ལས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་མ་འཚོགས་པའི་སྐབས་རྒྱུན་ལས་ཚོགས་ཆུང་ཞིག་དགོས་པར་ཆོལ་ཁ་རེ་ནས་སྤྱི་འཐུས་གཉིས་རེ་དང༌། ཆོས་བརྒྱུད་ཪེ་ནས་སྤྱི་འཐུས་གཅིག་རེ། རྒྱ་བལ་འབྲུག་གསུམ་ཕུད་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་འཐུས་གཅིག་རེ་བཅས་གོང་གསལ་ཁུངས་སོ་སོས་འོས་བསྡུའམ། ཡང་ན་དམིགས་འཛུགས་གང་འོས་སྐབས་བསྟུན་བྱ་རྒྱུ་དང་། ལོ་རེའི་མཚམས་ནས་བསྐྱར་འདེམས་བྱ་རྒྱུ་ཞེས་པའི་བསྐྱར་བཅོས་ཁྲིམས་འཆར་ལ་རྩ་འབོར་གསུམ་ཆ་གཉིས་ལོན་མེད་པར་བརྟེན་མར་ཟགས་སོང་།

བཅའ་ཁྲིམས་དོན་ཚན་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ་ཞེས་པར་བསྐྱར་བཅོས་ཁྲིམས་འཆར་དུ། བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་དགོས་གལ་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་དང༌། བཀའ་བློན་རྣམ་པ་བཅས་སྤྱི་མོས་བྱུང་ན་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་འཐུས། བཟོ་བཅོས་སུ་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས་ཀྱི་ཁེ་ཕན་ཆེད་དགོས་གལ་བྱུང་ན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་དང༌། བཀའ་བློན་རྣམ་པ་བཅས་ཀྱི་བཞི་ཆ་གསུམ་ཡན་གྱིས་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་འཐུས་ཞེས་པའི་བསྐྱར་བཅོས་དང་བཟོ་བཅོས་གཉིས་ཀ་མར་ཟགས་པ་ལ་བརྟེན་ནས། དེ་འབྲེལ་གྱི་ནང་གསེས་དོན་ཚན་ ༦ ཆ་ཚང་མར་ཟགས་པར་ངོས་འཛིན་གནང་སོང་། 

ཁྲིམས་འཆར་དོན་ཚན་བརྒྱད་པ། བོད་ཀྱི་ཡུལ་མི། ནང་གསེས་དང་པོ་དང་གཉིས་པའི་ཚིག་བརྗོད་གསར་པར་སྤྱི་མོས་ཀྱིས་གཏན་འབེབས་བྱུང་ཡོད་ཀྱང་། ནང་གསེས་གསུམ་པའི་ཚིག་བརྗོད་གསར་པ། རྒྱལ་ཁབ་གཞན་གྱི་ཡུལ་མི་བོད་ཀྱི་ཡུལ་མི་དང་མཉམ་དུ་ལུགས་མཐུན་གཉེན་སྒྲིག་བྱས་ཏེ་མུ་མཐུད་ལོ་ལྔ་ལས་བརྒལ་བ་རྣམས་བོད་ཀྱི་ཡུལ་མིར་ཞུགས་འདོད་ཡོད་ཚེ་ཞུགས་ཆོག་ཞེས་པ་དང་། ནང་གསེས་བཞི་པའི་ཚིག་བརྗོད་གསར་པ། སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་ཡུལ་མིའི་ཁྲིམས་ལུགས་ཤིག་གཏན་འབེབས་བྱ་རྒྱུ། ཞེས་པའི་ཐོག་སྤྱི་ཡོངས་ཀྱི་བགྲོ་གླེང་སྐབས་སྤྱི་འཐུས་གྲངས་ ༢༨ ཀྱིས་ཆ་ཤས་བཞེས་ཏེ་བགྲོ་གླེང་ཐོག་རིགས་གཉིས་བྱུང་སྟབས། ཚོགས་གཙོའི་སྟངས་འཛིན་འོག་མང་མོས་འོས་བསྡུ་བྱས་པ་བརྒྱུད་ནང་གསེས་གསུམ་པར་སྤྱི་འཐུས་ ༢༠ ཡིས་རྒྱབ་སྐྱོར་དང་། ནང་གསེས་དོན་ཚན་བཞི་པར་སྤྱི་འཐུས་ ༢༣ ཡིས་རྒྱབ་སྐྱོར་ལས་ཐོབ་མེད་པས་ཁྲིམས་འཆར་གཏན་འབེབས་ལས་མར་ཟགས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་དང་བསྟན་འཛིན་ཕུར་བུ། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese