མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་གི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་ནང་གི་བཅའ་སྡོད་སློབ་གྲྭ་མེད་པ་བཟོ་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་གི་གྲོས་ཚོགས་ནང་འཐུས་མི་ལྕམ་ལི་ཌི་ཡ་ལགས་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས་གླེང་སློང་གནང་སྟེ་བཅའ་སྡོད་སློབ་གྲྭ་མེད་པར་བཟོ་དགོས་པའི་འབོད་སྐུལ་གནང་འདུག

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་ལི་ཌི་ཡ་ལགས། དྲ་ལམ་གྱི་པར།

ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མི་ལི་ཌི་ཨ་ (Lidia Thorpe) ལགས་ཀྱིས། རྒྱལ་ཁབ་འདིའི་གདོད་མའི་མི་རིགས་ཤིག་ཡིན་པའི་ཆ་ནས། མི་རིགས་ཤིག་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་འོག་རང་གི་ཕ་མ་དང་ཕྲུ་གུ་ཁ་བྲལ་དུ་གཏོང་བའི་གནད་དོན་ཞིབ་ཚགས་ཤེས་ཀྱི་ཡོད། དེ་ནི་རྩ་མེད་གཏོང་བའི་སྲིད་ཇུས་ཤིག་རེད། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་དུའང་མི་རིགས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ད་ལྟའི་ཆར་ཡུ་གུར་བ་ས་ཡ་ ༣ ལྷག་དྲང་བདེན་མེད་པ་དང་ཁྲིམས་འགལ་གྱི་ཐོག་ནས་འཛིན་བཟུང་བཙོན་འཇུག་བྱས་ཏེ། ཡུ་གུར་བའི་རིག་གཞུང་དང་སྐད་ཡིག་སོགས་རྩ་མེད་བཟོས་བར་དམིགས་ནས་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པ་རེད། རྩ་མེད་གཏོང་བ་ནི་འགྲོ་བ་མིའི་རིགས་ཀྱི་ནག་ཉེས་ཚབས་ཆེ་ཤོས་ཤིག་རེད། ཅེས་གསུངས་འདུག

ཡང་ཁོང་མོས་མུ་མཐུད་དུ། མི་མང་པོ་ཞིག་གིས་གནད་དོན་དེ་ཕྱིན་ཚར་བ་ཞིག་དང་བསམ་ཡུལ་ལས་འདས་པ་ཞིག་རེད་བསམ་གྱི་ཡོད་པ་རེད། འོན་ཀྱང་། དེ་ནི་དོན་དངོས་སུ་བྱུང་ཡོད་པ་དང་ད་ལྟའང་འབྱུང་གི་ཡོད་པ་རེད། ང་ཚོས་དུས་རྟག་ཏུ་མི་རིགས་སོགས་རྩ་མེད་གཏོང་བའི་ལས་དོན་ལ་ཁ་གཏད་དུ་ལངས་དགོས། བོད་མི་དང་ཡུ་གུར་བ་རྣམས་ཀྱིས་ཀྱང་དེ་ལྟར་བྱ་དགོས་ཀྱི་རེད། དེ་རིང་ངས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་དང་འབྲེལ་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་རིག་གཞུང་རྩ་མེད་གཏོང་བའི་ལས་དོན་ཚང་མ་མེད་པར་བཟོ་དགོས་པའི་རེ་སྐུལ་ཞུ་ཡི་ཡོད། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་བོད་ཕྲུག་ས་ཡ་གཅིག་ཙམ་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་དུ་བཏང་སྟེ་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་ནས། སོ་སོའི་རིག་གཞུང་དང་ཆོས་ལུགས་སོགས་རྩ་མེད་བཏང་དང་གཏོང་མུས་ཡིན་པ་རེད། དེར་བརྟེན། ངའི་རེ་བར་ང་ཚོའི་ཕྱི་སྲིད་བློན་ཆེན་གྱིས་གནད་དོན་དེ་གལ་ཆེན་པོར་བརྩིས་ཏེ། ད་ལན་གྱི་ཚོགས་འདུའི་སྟེང་མི་རིགས་དང་རིག་གཞུང་སོགས་རྩ་མེད་གཏོང་བའི་ལས་དོན་དེ་དག་མེད་པར་བཟོ་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད། ཅེས་སོགས་གསུངས་འདུག

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་ཨོ་གླིང་གྲོས་ཚོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུ་ཆེ་བསྟོད་གནང་ཡོད་པ་དང་། སྐབས་དེར་གྲོས་ཚོགས་གོང་མའི་འཐུས་མི་ཇེ་ནེཊ་ར་ཧི་སི་ (Janet Rice) ལགས་དང་གྲོས་ཚོགས་འཐུས་མི་ལིན་ཌ་ (Linda Reynolds) ལགས། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ལི་ཊི་ཡ་ཊོར་ཕི(Lidia Thorpe) ལགས་སོགས་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་སླད་བཅའ་སྡོད་སློབ་གྲྭར་བྱིས་པ་རྣམས་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་ཀྱི་ཡོད་པའི་གནད་དོན་ཐོག་གླེང་སློང་གནང་ཡོད་པ་མ་ཟད། མཐུན་ཕྱོགས་རྒྱལ་ཁབ་རྣམགས་མཉམ་འབྲེལ་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་སླད་བཙན་གྱིས་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པའི་གནས་སྟངས་ལ་ཞིབ་འཇུག་གནང་བཞིན་པར་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ལི་ཌི་ཡ་ (Lidia Thorpe) ལགས་ནི་ཕྱི་ལོ་ ༡༩༧༣ ལོར་ཨོ་གླིང་གི་མེལ་བྷོན་ (Melbourne) གྲོང་ཁྱེར་གྱི་ཝིག་ཊོ་རི་ཡ་ (Victoria) ས་གནས་སུ་་ཡོད་པའི་ཀལ་ཊོན་ (Carlton) གྲོང་སྡེ་རུ་སྐྱེས་ཤིང་། དེ་སྔོན་ཝིག་ཊོ་རི་ཡའི་གྲོང་སྡེའི་ཚོགས་པ་ཞིག་གི་སློབ་སྟོན་པ་དང་། སིལ་སྤོལ་ཚོགས་པ་ཞིག་ལ་ཚོགས་གཙོ་སོགས་གནང་མྱོང་ཡོད་འདུག ཕྱི་ལོ་ ༢༠༡༧ ཟླ་ ༡༡ ནང་ཁོང་མོས་ཝིག་ཊོ་རི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མིའི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༠ ལོར་ཨོ་གླིང་གྲོས་ཚོགས་གོང་མའི་འཐུས་མིའི་ཕྱག་ལས་གནང་མགོ་བཙུགས་ཡོད་པ་དང་། སྐབས་དེར་ཁོང་མོ་ནི་ཝིག་ཊོ་རི་ཡ་མངའ་སྡེ་ནས་གྲོས་ཚོགས་གོང་མའི་འཐུས་མིའི་ཕྱག་ལས་གནང་མཁན་གདོད་མའི་མི་རིགས་ཀྱི་བུད་མེད་དང་པོ་དེ་ཆགས་ཡོད་འདུག་ལ། ཁོང་མོ་ནི་ཡུན་རིང་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese