མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་རྒྱལ་སྤྱིའི་གཟེངས་རྟགས་ཤིག་དངོས་སུ་འབུལ་བཞེས་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༣ ལོའི་ཨ་རིའི་རེན་ཌོལ་ཧྥི་མཐོ་སློབ་ཀྱི་ཕུལ་བྱུང་བུད་མེད་རྣམས་ལ་འབུལ་སྲོལ་ཡོད་པའི་གཟེངས་རྟགས་ཤིག་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་དངོས་སུ་འབུལ་བཞེས་གནང་།

ཁ་སང་ཕྱི་ཚེས་ ༡༨ ཉིན་ཨ་རིའི་མངའ་སྡེ་ཝེར་ཇི་ནེ་ཡའི་རེན་ཌོལ་ཧྥི་ (Randolph) མཐོ་སློབ་ཀྱི་ཕྱི་ལོ་ ༢༠༢༣ ལོའི་(PEARL S. BUCK) ཞེས་པའི་གཟེངས་རྟགས་དེ་གངས་ཅན་བོད་ཀྱི་ཨ་མ་དང་༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལ་དངོས་སུ་འབུལ་བཞེས་གནང་འདུག་ལ། གཟེངས་རྟགས་དེ་ནི་འཛམ་གླིང་ནང་བསམ་བློའི་རིན་ཐང་ལྡན་ཞིང་མིག་དཔེར་ལྟ་འོས་པ། ཕུགས་བསམ་མངོན་འགྱུར་གྱི་ཆེད་དུ་བློས་གཏོང་གནང་མཁན་གྱི་བུད་མེད་རྣམས་ལ་ཕུལ་སྲོལ་ཡོད་ཅིང་། བཀའ་ཟུར་རྗེ་བཙུན་པདྨ་མཆོག་གིས་ཕྱི་ལོ་ ༡༩༦༤ ལོ་ནས་ ༢༠༠༦ བར་རེ་ཐག་ཆད་ཅིང་མགོན་མེད་སྐྱབས་མེད་ཀྱི་དྭ་ཕྲུག་མང་པོ་དང་བཙན་བྱོལ་བོད་མིའི་བོད་ཕྲུག་མང་པོ་བྱམས་བརྩེས་བསྐྱངས་གནང་བར་གཟེངས་བསྟོད་ངོས་འཛིན་མཚོན་སླད་ཕུལ་བ་ཞིག་ཡིན་འདུག

རེན་ཌོལ་ཧྥིའི་མཐོ་སློབ་ཀྱི་གཙོ་འཛིན་ཆེན་མོ་སྐུ་ཞབས་སོའུ་ཨོ་ཊི་རའོ་ལན་ཌི་སི་ (Sue Ott Rowlands) ལགས་ཀྱིས། རྗེ་བཙུན་པདྨ་མཆོག་གིས་བོད་ནས་ཡོང་བའི་ཕྲུ་གུ་མང་པོའི་བདེ་སྡུག་དང་དུ་བླངས་ནས་བྱམས་སྐྱོང་གནང་ཡོད་སྟབས། འདི་ལོའི་(Pearl S. Buck) གཟེངས་རྟགས་དེ་ཁོང་མོར་འབུལ་གཏན་ཁེལ་བར་དགའ་སྤོབས་བྱུང་། ཞེས་བརྗོད་འདུག

འཛམ་གླིང་ནང་འབུར་དུ་ཐོན་ཞིང་བྱས་རྗེས་ཅན་གྱི་བུད་མེད་རྣམས་ལ་ཆེད་དུ་དམིགས་པའི་གཟེངས་རྟགས་དེ་འབུལ་བཞེས་གནང་བའི་ཁྲོད། ད་ལན་བཀའ་ཟུར་རྗེ་བཙུན་པདྨ་མཆོག་ནི་གཟེངས་རྟགས་བཞེས་མཁན་བདུན་པ་དེ་ཆགས་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༡༦ ལོར་ཨ་རིའི་བརྩམས་སྒྲུང་རྩོམ་པ་པོ་ (Maxine Hong Kingston) གཉིས་ལ་ཕུལ་མྱོང་བ་དང་། ཕྱི་ལོ་ ༢༠༠༤ ལོར་ཝི་ཏི་ནམ་གྱི་སྒྱུ་རྩལ་བ་མེ་ཡ་ལིན་ (Maya Lin) ལགས། ཕྱི་ལོ་ ༢༠༠༣ ལོར་ཨི་རན་ལན་ཌིའི་སྲིད་འཛིན་ཟུར་བ་མེ་རེ་རོ་བྷིན་སན་ (Mary Robinson) ལགས། ཕྱི་ལོ་ ༢༠༠༡ ལོར་ཨི་ཇབ་ཀྱི་སྐུ་ལྕམ་དང་པོ་ཇེ་ཧན་ (Jehan Sadat) ལགས། ཕྱི་ལོ་ ༢༠༠༠ ལོར་བྷང་ལ་ཌི་ཤིའི་སྲིད་བློན་ཟུར་བ་ཧ་སི་ནཱ་ (Sheikh Hasina) ལགས། ཕྱི་ལོ་ ༡༩༩༨ ལོར་ཧྥི་ལིན་ཕིན་གྱི་སྲིད་འཛིན་ཟུར་བ་ཁོ་ར་རྫོན་ (Corazon Aquino) ལགས་བཅས་སུ་ཕུལ་མྱོང་བ་རེད།

བཀའ་ཟུར་རྗེ་བཙུན་པདྨ་མཆོག་གི་སྤྱི་ཚོགས་ཞབས་ཞུ་དང་བོད་ཕྲུག་སྟོང་ཕྲག་མང་པོ་གཙོ་བྱས་པའི་བོད་སྤྱིའི་རྩ་དོན་སླད་སྐུ་ལས་བསྐྱོན་པའི་ཕྱག་རྗེས་ལ། བོད་ཚོ་བརྗོད་མི་དགོས་པར་རྒྱལ་སྤྱིའི་སྟེང་སིད་ཌན་གྱི་འཛམ་གླིང་བྱིས་པའི་གཟེངས་རྟགས་དང་། སྙིང་སྟོབས་ཅན་གྱི་བུད་མེད་གཟེངས་རྟགས། ཨི་ཌ་ལིའི་ (Maria Montessori) གཟེངས་རྟགས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རྩལ་རིག་གཞུང་བཅས་ཀྱི་ལྷན་ཚོགས་ (UNESCO) ཀྱི་གཟེངས་རྟགས། དེ་བཞིན། སྙན་གྲགས་ཆེ་བའི་རྒྱ་གར་གྱི་ (Nari Shakti Puraskar)  གཟེངས་རྟགས་སོགས་བཞེས་མྱོང་ཡོད།

བཀའ་ཟུར་རྗེ་བཙུན་པདྨ་མཆོག་ནི་ཕྱི་ལོ་ ༡༩༤༠ ཟླ་ ༧ ཚེས་ ༧ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་འཁྲུངས། ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་ཀ་ལོན་སྦུག་དང་རྡོ་རྗེ་གླིང་དུ་ཕེབས་ནས་དབྱིན་ཇིའི་སྐད་ཡིག་སློབ་སྦྱོང་གནང་སྟེ་ ༡༩༦༠ ལོར་ཐོན། ཕྱི་ལོ་ ༡༩༦༡ ལོར་སུད་སི་དང་དབྱིན་ཡུལ་དུ་ཕེབས་ནས་དེང་དུས་ཀྱི་ཤེས་ཡོན་སློབ་གཉེར་གནང༌། ཕྱི་ལོ་ ༡༩༦༤ ལོར་ཕྱིར་རྒྱ་གར་དུ་ལོག་སྟེ་ལོ་དེའི་ཟླ་ ༦ པ་ནས་བོད་ཕྲུག་ཁྱིམ་སྡེའི་དབུ་འཛིན་གྱི་འགན་བཞེས། ཞོར་དུ་ཕྱི་ལོ་ ༡༩༧༠ ལོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྐབས་དང་པོའི་ཚོགས་གཙོ་གཞོན་པར་བདམས་ཐོན་བྱུང་བ་ལྟར་ཐུགས་འགན་བཞེས། བོད་ནང་གཟིགས་སྐོར་སྐུ་ཚབ་ཐེངས་གསུམ་པ་ཕེབས་པའི་ཚོགས་གཙོ་དང་ལྡི་ལི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་སོགས་གནང༌། ཕྱི་ལོ་ ༡༩༨༥ ལོར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྐབས་དང་པོའི་དབུས་རྒྱུན་ལས་ཀྱི་སློབ་སྟོན་པའི་འགན་བཞེས། ཕྱི་ལོ་ ༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་ནས་བཀའ་བློན་དུ་འདེམས་ཐོན་བྱུང་སྟེ་བོད་ཀྱི་ལོ་རྒྱུས་ཐོག་འདེམས་བསྐོ་བྱས་པའི་བུད་མེད་བཀའ་བློན་ཐོག་མ་དེར་གྱུར་ནས་ཤེས་རིག་དང་འཕྲོད་བསྟེན་བཀའ་བློན་གྱི་མཛད་ཁུར་བཞེས། ཕྱི་ལོ་ ༢༠༠༦ ཟླ་ ༨ ནང་བོད་ཁྱིམ་སྤྱི་ཁྱབ་དབུ་འཛིན་ནས་དགོངས་ཞུ་མཛད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གངས་ཅན་བོད་ཀྱི་ཨ་མ་ཞེས་པའི་མངོན་བསྟོད་གཟེངས་རྟགས་ཀྱང་ཕུལ་ཡོད། ཁོང་གིས། བོད། ངའི་ལོ་རྒྱུས་ཞེས་པའི་ཕྱག་དེབ་ཅིག་དབྱིན་ཡིག་ཐོག་ཕྱི་ལོ་ ༡༩༩༦ ལོར་བརྩམས་ཐོན་བྱུང་ཡོད་པ་དེ་ད་ལྟ་ཕྱི་རྒྱལ་གྱི་སྐད་ཡིག་མི་འདྲ་བ་བཅུ་ལྷག་ནང་ཕབ་སྒྱུར་བྱས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese