མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོ་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་འགྲོ་རྒྱུ་ཁྱོན་ནས་མེད།

བོད་ཀྱི་དུས་བབ།
༢༠༢༤/༠༤/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ། ལྷ་མོ་ཚོགས་པ་ཁག་ཅིག་དང་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་གནང་སོང་།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་སློབ་སྩལ་བཞིན་པ། ༢༠༢༤།༤།༢༢ སྐུ་པར་ཐད་གཏོང་ནས་བླངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ཆོས་གྲོགས་ཚོར་ཞུ་རྒྱུར། ལྷ་ས་ལ་ཞོ་སྟོན་ཟེར་དུས་ངོས་རང་ལ་གུང་གསེང་རག་རྒྱུའི་དུས་ཚོད་ཡག་ཤོས་དེ་རེད། བྱས་ཙང་ཞོ་སྟོན་རན་གྱི་འདུག་ལབ་དུས། ངོས་རང་ཧེབ་ལངས་ནས་སྡོད་ཀྱི་ཡོད། ཞོ་སྟོན་ལ་རྒྱང་དཀར་བ། ཅུང་པ་བ། སྐྱོར་མོ་ལུང་བ་བཅས་ཉིན་མ་བཞིའི་རིང་ཡོད། ཁོང་ཚོས་རྣམ་ཐར་བཏང་བའི་སྐབས་སུ་ངོས་རང་གིས་རྣམ་ཐར་ལ་ཉན་ནས་བསྡད་དེ་ཚོར་བ་སྐྱིད་སྣང་ཞེ་དྲགས་ཡོང་གི་ཡོད། དེ་རིང་འདིར་ང་ཚོ་ཞོ་སྟོན་གྱི་རྗེས་དྲན་གྱི་གླུ་གར་ཁྱེད་རང་ཚོས་འཁྲབ་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ད་ལྟ་བཤད་མ་ཐག་པ་ནང་བཞིན་ངོས་རང་ཆུང་ཆུང་སྐབས་ལྷ་མོའི་རྣམ་ཐར་མང་པོ་གོ་ཡོད་པ་རེད། རྒྱང་དཀར་བའི་རྣམ་ཐར་དེ་གཟི་བརྗིད་ཆེན་པོ་ཡོད་པ་རེད། ངོས་རང་གིས་རྣམ་ཐར་བཏང་ན་འགྲིག་གི་མ་རེད། ཡིན་ནའང་མིས་རྣམ་ཐར་གཏོང་བཞིན་པ་ཨ་མཆོག་གིས་ཉན་སྐབས། ངོས་རང་ཡང་མགོ་ལྕོག་ལྕོག་བྱེད་ཀྱི་ཡོད། དེ་རིང་འདིར་ཞོ་སྟོན་རྗེས་དྲན་གྱིས་ཁྱེད་རང་ཚོས་རྣམ་ཐར་བཏང་ནས་ངོས་རང་ཡང་དགའ་པོ་བྱུང་། ཞེས་གསུངས།

༧མགོན་པོ་གང་ཉིད་ཀྱིས། ང་ཚོ་བཙན་བྱོལ་བ་ཆགས་ནས་སྐྱབས་བཅོལ་དུ་ཡོད་པའི་རིང་། ང་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། གོམས་གཤིས་དེ་དག་རྒྱུན་འཛིན་ཐུབ་རྒྱུ་ཞིག་བྱེད་ཀྱི་ཡོད་པ་རེད། བོད་ནང་ལོགས་ལ་བོད་རྒྱ་ཆེ་མི་མང་གིས་ལྷག་བསམ་དང་སྙིང་སྟོབས་འགྲན་ཟླ་བྲལ་བ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པར་བརྟེན། ང་ཚོ་རང་དབང་རེད། རང་དབང་ལུང་པའི་ནང་ལོགས་ལ་ང་ཚོ་བཙན་བྱོལ་བ་བོད་པ་ཉུང་ཤས་ཤིག་རེད། ཡིན་ནའང་། བོད་པའི་ལོ་སྟོང་ཕྲག་རིང་གི་གོམས་གཤིས་ཀྱིས་ང་ཚོ་ཟིན་ནས་བསྡད་ཡོད། ཞེ་དྲགས་དགའ་པོ་བྱུང་། གཙོ་ཆེ་ཤོས་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་དེ་དག་དངོས་གནས་དྲང་གནས་ཀྱིས་ལྷག་བསམ་དང་། སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས་བསྡད་ཡོད། དེ་དག་ཚང་མ་ལ་བརྟེན་ནས་ང་ཚོ་བོད་ཀྱི་བདེན་པའི་འཐབ་རྩོད་ཏན་ཏན་སེལ་གྱི་རེད། རྒྱ་ནག་ལ་འགྱུར་བ་མང་པོ་ཞིག་འགྲོ་ཡི་འདུག ང་ཚོ་དེར་ཧི་མ་ལ་ཡའི་རི་རྒྱུད་ལ་ཡོད་པའི་མི་རིགས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱིས་དོ་སྣང་བྱས་ནས་གཞས་དང་ཞབས་བྲོ་འཁྲབ་རྒྱུ་སོགས་བྱེད་ཀྱི་ཡོད། ཚང་མར་ཐུགས་རྗེ་ཆེ་ཞུ་ཡི་ཡིན། སྐབས་སུ་བབ་པར་ད་ལྟ་དྷ་རམ་ས་ལར་ཞོ་སྟོན་གྱི་མཛད་སྒོའི་ཚོར་བ་ཡོད་བསྡད་པ་ཞིག་ཚོགས་ནས་ཞེ་དྲགས་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས།

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་ཕལ་ཆེར་ལོ་ ༩༠ ནང་སླེབ་ཀྱི་ཡོད་རེད། ཡིན་ནའང་ངོས་རང་གི་བསམ་བློའི་ནང་ལ་ཕལ་ཆེར་ལོ་བརྒྱ་ལྷག་བསྡད་རྒྱུའི་ཚོད་ཐིགས་པོ་ཞིག་འདུག དེར་བརྟེན། ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་བའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག ། ལབ་པ་ནང་བཞིན་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་ཕལ་ཆེར་སྡོད་ཀྱི་རེད། འདིའི་རིང་འཛམ་གླིང་ནང་འགྱུར་བ་མུ་མཐུད་ནས་མང་པོ་ཞིག་ཡོང་གི་རེད། ཡིན་ནའང་། ང་ཚོ་བོད་རྒྱ་ཆེ་མི་མང་གི་སོ་སོའི་རིག་གཞུང་དང་། ལྷག་བསམ། སྙིང་སྟོབས་ལ་འགྱུར་བ་ཁྱོན་ནས་འགྲོ་ཡི་མ་རེད། གཞིས་ལུས་རྒྱ་ཆེ་མི་མང་། ང་ཚོ་བཙན་བྱོལ་བ། དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ཚང་མས་ངོས་རང་ལ་དགའ་མོས་བྱེད་ཀྱི་ཡོད། ངོས་རང་གི་ངོས་ནས་ཆ་བཞག་ནའང་། རྒྱ་ཆེ་མི་མང་དེ་དག་གིས་དགའ་མོས་ཤུགས་ཆེན་པོ་བྱེད་ཀྱི་ཡོད་པར་བརྟེན། ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཐུབ་པ་ངོས་རང་གི་བསམ་བློའི་ནང་ལ་ཚོད་ཐིགས་ཀྱི་འདུག དེར་བརྟེན། དེ་རིང་འདིར་ང་ཚོ་བོད་མི་བཙན་བྱོལ་བ་ཚོགས་ཁག་ཅིག་བསླེབས་ནས་གཞས་དང་ཞབས་བྲོ་འཁྲབ་པ་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས།

ཡང་༧གོང་ས་མཆོག་ནས། ང་ཚོ་བོད་མི་བཙན་བྱོལ་བ་དང་གཞིས་ལུས་རྒྱ་ཆེ་མི་མང་ཡིན་ནའང་། རྒྱ་གར་མཚོན་པའི་བོད་མི་ཡོད་ས་ཚང་མར་ང་ཚོ་བོད་པའི་ཞེན་ཁོག་དང་ལྷག་བསམ། སྙིང་སྟོབས་ཞུམ་པ་མེད་པ་བྱས་ནས་བསྡད་ཡོད་པ་རེད། བོད་རྒྱ་ཆེ་མི་མང་གི་སྙིང་སྟོབས་དང་། དངོས་གནས་དྲང་གནས་ཀྱིས་འབད་བརྩོན་ཞུམ་པ་མེད་པ་བྱས་ཡོད་པར་བརྟེན། ངོས་རང་གི་ངོས་ནས་ཆ་བཞག་ནའང་། རྒྱ་ཆེ་མི་མང་དེ་དག་གི་ལྷག་བསམ་དང་། སྙིང་སྟོབས་དེ་འདྲ་ཡོད་པར་རྗེས་སུ་ཡི་རངས་དང་འབྲེལ་བའི་ཐོག་ནས། ངོས་རང་གི་ངོས་ནས་དེ་དག་མགོ་ཁྲིད་རྒྱུ་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཞབས་འདེགས་དང་ཕན་ཐོགས་ག་རེ་བསྒྲུབ་རྒྱུ་ཡོད་པ་དེ་ངོས་རང་གི་ལས་འགན་རེད། འདི་ངོས་ཀྱིས་བྱེད་ཀྱི་རེད། ཁྱེད་རང་ཚོ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། ཞེས་གསུངས།

ཡང་ཁོང་གིས། ང་རང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་བུད་མེད་ལ་སྐབས་རེ་མཐོང་ཆུང་བྱེད་ཀྱི་ཡོད། ལུང་པ་ཚང་མའི་ནང་ལོགས་ལ་སོ་སོའི་ལུང་པའི་རིག་གཞུང་དང་གོམས་གཤིས་བདག་པོ་རྒྱག་མཁན་གཙོ་བོ་དེ་བུད་མེད་ཚོ་ཆགས་འདུག ང་ཚོ་བོད་པ་ཆ་བཞག་ན། བཙན་བྱོལ་བ་ཉུང་ཤས་མ་གཏོགས་ཡོད་པ་མ་རེད་དེ། བུད་མེད་དེ་དག་སེམས་ཤུགས་ཆེན་པོ་དང་ཧུར་ཐག་འབད་ཐག་བྱེད་མཁན་ཞིག་རེད་འདུག ཞེ་དྲགས་ཡག་པོ་འདུག དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་བོད་ཀྱི་ཆོས་དང་རིག་གཞུང་ལབ་དུས། འཛམ་གླིང་གང་སར་དོ་སྣང་གསར་པ་བསླེབ་རྒྱུ་ཞིག་དང་། དམིགས་བསལ་གྱིས་འདི་བོད་པའི་རིག་གཞུང་རེད་ཅེས་མཛུབ་མོ་བཙུགས་རྒྱུ་ཡོད་པ་ཆགས་ཀྱི་འདུག འདི་རྒྱ་མི་གུང་ཁྲན་གྱིས་ནག་བསུབ་གཏོང་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད་རེད་དེ། ནག་བསུབ་བཏང་ཐུབ་མེད་པ་རེད། ང་རང་ཚོ་བོད་པའི་རིག་གཞུང་གོམས་གཤིས་དེ་ལོ་སྟོང་ཕྲག་རིང་ལ་ཡོད་པ་ཞིག་རེད། དེར་བརྟེན། ང་ཚོ་བཙན་བྱོལ་བ་ཉུང་ཤས་རེད་དེ། ཚང་མས་ང་ཚོ་བོད་པའི་ཆོས་དང་རིག་གཞུང་། སྐབས་སུ་བབ་པ་གླུ་གཞས། ང་ཚོ་བོད་པ་རང་ལ་ཡོད་པ་དེ་དག་བདག་པོ་བརྒྱབ་ནས་བསྡད་ཡོད་པ་རེད། ཞེ་དྲགས་ཡག་པོ་རེད་འདུག ཁྱེད་རང་ཚོ་ཚང་མ་ལ་བཀའ་དྲིན་ཆེ་ཞུ་ཡི་ཡིན། རྒྱ་ནག་ལ་འགྱུར་བ་མང་པོ་ཞིག་འགྲོ་ཡི་འདུག་ལ། རིམ་པས་འགྱུར་བ་ཏན་ཏན་ཡོང་གི་རེད། ང་ཚོ་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ལ་འགྱུར་བ་འགྲོ་རྒྱུ་ཁྱོན་ནས་མེད། ངོས་རང་གི་ངོས་ནས་ཆ་བཞག་ནའང་། བོད་རྒྱ་ཆེ་མི་མང་གི་ལྷག་བསམ་དང་སྙིང་སྟོབས་མཚོན་ཆེད། ངོས་རང་གི་ངོས་ནས་ག་རེ་བྱ་རྒྱུ་ཡོད་པ་དེ་དག་ད་ལྟ་བར་དུ་བྱས་ཡིན་ལ། ད་དུང་མ་འོངས་པར་ལོ་བརྒྱ་ལྷག་གི་རིང་ལ་ངོས་ནས་སེམས་འཁུར་བླངས་ཏེ་ཧུར་ཐག་བྱེད་ཀྱི་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱོས། ཧུར་ཐག་གནང་ཤོག ཅེས་བཀའ་སློབ་བསྩལ་གནང་སོང་།

གསར་འགོད་པ། དོན་གྲུབ་བཀྲ་ཤིས་དང་། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

ཆུ་ཚོད་ ༨ སྔོན་ལ།
Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese